དེ་རིང་སྟེ་སྤྱི་ཟླ1པོའི་ཚེས7ཉིན་གྱི་ཆུ་ཚོད9དང་སྐར་མ5ཡི་ཐོག བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ6.8བརྒྱབ་ནས། མི་སྣ་ལ་ཤི་རྨས་ཚབས་ཆེན་ཐེབས་པའི་གནས་ཚུལ་བྱུང་།
དེ་རིང་ཕྱི་དྲོར་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་བརྡ་ཁྱབ་བཏང་བ་ལྟར་ན། ཐོག་མའི་གྲལ་བཤེར་བྱས་པ་བརྒྱུད་ཕྱི་དྲོའི་ཆུ་ཚོད3པའི་བར། དིང་རི་རྫོང་དུ་བརྒྱབ་པའི་ཚད་རིམ6.8ཀྱི་ས་ཡོམ་ཁྲོད་མི95རྐྱེན་ལམ་དུ་ཤོར་བ་དང་། མི130ལ་རྨས་སྐྱོན་ཕོག་ཡོད་པ་རེད།