ཉེ་དུས། སྣེའུ་ཁུལ་གསར་སྤྱི་བདེ་ཅུད་ལ་བཅའ་སྡོད་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུད་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་ཉེས་དོན་གྱོད་སྒྲུབ་ཉེན་རྟོག་པས་རྐུ་འཕྲོག་གྱོད་གཞི་ཁག་ཅིག་རྩད་ཞིབ་ཐུབ་པ་དང་། དོགས་ཡོད་ཉེས་ཅན་གཉིས་བཟུང་ཡོད་པ་རེད།
近日,拉萨市公安局刑警支队驻柳梧新区公安局刑事办案力量通过缜密侦查,连续奋战,成功破获系列盗窃案,抓获两名犯罪嫌疑人。
སྤྱི་ཟླ་༡༠ཚེས་༢༨ཉིན། སྣེའུ་ཁུལ་གསར་སྤྱི་བདེ་ཅུད་ལ་ཁོངས་གཏོགས་ཁུལ་གྱི་སྒོ་རྩིས་ཚོང་ཁང་ཞིག་ནས་དངུལ་དམར་སྒོར་ཆིག་སྟོང་ལྷག་དང་། རིན་ཐང་སྒོར་ཁྲི་གཉིས་ལྷག་རི་བའི་ཐ་མག་རྐུ་འཕྲོག་ཤོར་འདུག་ཅེས་པའི་གྱོད་དོན་སྙན་ཞུ་ཞིག་འབྱོར་ཡོད་པ་དང་། སྙན་ཞུ་འབྱོར་རྗེས། ཉེན་རྟོག་པས་ས་ཡུལ་དངོས་སུ་སྐྱོད་དེ་འབྲེལ་ཡོད་བརྟག་དཔྱད་ལས་དོན་སྤེལ་བ་དང་། དེ་ཉིན་ད་དུང་དེའི་བརྒྱུད་ཀྱི་ཚོང་ཁང་ཁག་ཅིག་ལ་རྐུ་འཕྲོག་གི་གྱོད་གཞི་ཐོན་པ་ཤེས་རྟོགས་བྱུང་བ་རེད།
(图为两名嫌疑人指认作案现场)
བརྟག་དཔྱད་བྱས་པ་བརྒྱུད། ཚོང་ཁང་དེ་དག་ལ་རྐུ་མ་ཤོར་སྟངས་སྤྱིའི་ཆ་ནས་གཅིག་པ་ཡིན་པ་དང་། གཙོ་བོ་རིན་གོང་ཅུང་མཐོ་བའི་ཐ་མག་དང་ཨ་རག་སོགས་ཡིན་ཞིང་། ཁྱོན་དངུལ་སྒོར་ཁྲི་དྲུག་ཙམ་ཟིན་གྱི་ཡོད་པ་རེད།
དེར་བརྟེན་ཉེན་རྟོག་པས་འཕྲལ་དུ་ཆེད་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་ནས་གྱོད་གཞི་དེ་དག་མཉམ་དུ་རྩད་ཞིབ་བྱེད་འགོ་ཚུགས་པ་དང་། མཐར་སྤྱི་བདེ་ཐིང་གི་འབྲེལ་ཡོད་ཚན་པའི་གཞོགས་འདེགས་འོག སྤྱི་ཟླ་༡༡ཚེས་༡༥ཉིན་ལྷ་ས་གྲོང་ཁྱེར་མཐུན་སྒྲིལ་གྲོང་གསར་ཉེ་འགྲམ་ནས་དོགས་ཡོད་ཉེས་ཅན་བསོད་ཆེ་གེ་མོ་དང་བུ་ཆེ་གེ་མོ་བཟུང་བ་རེད།
经民警现场调查,几家被盗商铺的作案手法如出一辙,均发现有高档香烟名酒和部分财物被盗,价值共6万余元。
随后,柳梧新区公安局刑事办案力量立即召开专案部署会议进行专案研判和安排部署,通过现场勘察和走访,决定并案侦办。通过民警的昼夜奋战并在公安厅相关部门的协助下,于11月15日在我市团结新村附近将嫌疑人索某和布某抓获。
འདྲི་རྩད་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་བསོད་ཆེ་གེ་མོ་དང་བུ་ཆེ་གེ་མོས་གོང་གསལ་གྱི་རྐུ་འཕྲོག་གྱོད་གཞི་ཁག་གི་བརྒྱུད་རིམ་ཆ་ཚང་ངོས་ལེན་ཞུས་པ་མ་ཟད། འདི་ལོའི་སྤྱི་ཟླ་༡༠ཚེས་༢༡ཉིན་ནས་སྤྱི་ཟླ་༡༡ཚེས་༡༣ཉིན་བར། ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་གྱི་སྒོ་རྩིས་ཚོང་ཁང་དང་། བསྲེག་ཟས་ཁང་སོགས་ནས་དགོང་མོ་ཚོང་ཁང་ནང་མི་མེད་པ་དང་བསྟུན་ཏེ། བཀན་རྒྱུགས་སྤྱད་ནས་ལམ་འགྲམ་ཚོང་ཁང་གི་སྒོ་གཏོར་ཏེ། དངུལ་དམར་དང་། ལག་ཐོགས་ཁ་པར། ཐ་མག་སོགས་ཁྱོན་ཐེངས་བདུན་བརྐུས་པའི་དོན་དངོས་ངོས་ལེན་ཞུས་པ་རེད།
经审讯,嫌疑人索某和布某交代了上述盗窃案的全部经过,并供述了今年10月21日至11月13日期间,多次在我市柳梧新区某超市、烧烤店等沿街商铺内,趁深夜无人之际,使用撬棍破坏街门,盗走现金、手机、香烟等实施盗窃7起的犯罪事实。
ད་ལྟ། ཉེན་རྟོག་ཕྱོགས་ནས་གློག་ཀླད་༢དང་། ལག་ཐོགས་ཁ་པར་༤། ངོས་ལེབ་གློག་ཀླད་༡། ཕྲེང་བ་༡། དེ་བཞིན་ཐ་མག་ཁག་ཅིག་བཅས་བདའ་འདེད་གཏོང་ཐུབ་ཡོད་པ་དང་། དོགས་ཡོད་ཉེས་ཅན་བསོད་ཆེ་གེ་མོ་དང་བུ་ཆེ་གེ་མོ་ཁྲིམས་བཞིན་ཉེས་དོན་བཀག་ཉར་བྱས་ཡོད་ཅིང་། རྐུ་ལ་ཤོར་བའི་ཅ་དངོས་རྣམས་བདའ་འདེད་གཏོང་བཞིན་ཡོད་པ་རེད།
目前,警方已追回被盗笔记本电脑2台、手机4部、平板电脑1台、珠串1串和部分香烟。犯罪嫌疑人索某和布某已被依法刑事拘留,此案的追赃工作还在进一步开展当中。
ལམ་འགྲམ་གྱི་ཚོང་ཁང་དང་ཀུང་སི་ཁག་གི་འགན་འཁུར་བས་ངལ་གསོའི་སྐབས་ཚོང་ཁང་ནང་དངུལ་དམར་དང་རྩ་ཆེའི་རྒྱུ་དངོས་འཇོག་རྒྱུ་མེད་པ་དང་། ལྟ་འདོམས་སྒྲིག་ཆས་བསྒར་དགོས། གལ་སྲིད་རྐུ་འཕྲོག་ཤོར་ན་འཕྲལ་དུ་ཉེན་རྟོག་པར་སྙན་སེང་ཞུ་དགོས།
各沿街商铺业主、公司负责人要提高防盗意识,休息时店内、公司内不要留现金与贵重物品。同时,可在店内、公司内安装防盗报警装置和监控设备,离开时请勿将监控电源切断。一旦发现被盗,请立即报警。
来源 | 平安拉萨
译文 | 阳光西藏