སོག་རོང་སྐོར་བྲོ།
ཚིག་དམངས་ཁྲོད་
དབྱངས་ དམངས་ཁྲོད་
གཞས་མ་ སོག་ཕུར་བུ་སྒྲོལ་མ།
ཨ་སྔོན་ལྷ་རིའི་གཡས་ཤོག་ལ།
གཡུ་འབྲུག་ལྷ་གྲལ་་འགྲིག་འོད་རེད།
བསོ་ཡ་ལ་་་ཕྲ་མོ་གླིང་གི་ས་ཆ།
བསོ་ཡ་ལ་་་ལྷ་དུང་དཀར་པོའི་རྒྱང་གྲགས།
གངས་སྟོད་ལྷ་རིའི་གཡས་ཤོག་ལ།
སེང་ཆུང་ལྷ་གྲལ་འགྲིག་འོད་རེད།
བསོ་ཡ་ལ་་་་ཕྲ་མོ་གླིང་གི་ས་ཆ།
བསོ་ཡ་ལ་་་་ལྷ་དུང་དཀར་པོའི་རྒྱང་གྲགས།
རྫ་སྟོད་ལྷ་རིའི་གཡས་ཤོག་ལ།
འབྲོང་ཆུང་ལྷ་གྲལ་འགྲིག་འོད་རེད།
བསོ་ཡ་ལ་་་་ཕྲ་མོ་གླིང་གི་ས་ཆ།
བསོ་ཡ་ལ་་་་ལྷ་དུང་དཀར་པོའི་རྒྱང་གྲགས།
ན་སྟོད་ལྷ་རིའི་གཡས་ཤོག་ལ།
རྐྱང་ཆུང་ལྷ་གྲལ་འགྲིག་འོད་རེད།
བསོ་ཡ་ལ་་་་ཕྲ་མོ་གླིང་གི་ས་ཆ།
བསོ་ཡ་ལ་་་་ལྷ་དུང་དཀར་པོའི་རྒྱང་གྲགས།
བྲ་སྟོད་ལྷ་རིའི་གཡས་ཤོག་ལ།
བྲོ་བ་ལྷ་གྲལ་འགྲིག་འོད་རེད།
བསོ་ཡ་ལ་་་་ཕྲ་མོ་གླིང་གི་ས་ཆ།
བསོ་ཡ་ལ་་་་ལྷ་དུང་དཀར་པོའི་རྒྱང་གྲགས།
བྲ་སྟོད་ལྷ་རིའི་གཡས་ཤོག་ལ།
བྲོ་བ་ལྷ་གྲལ་འགྲིག་འོད་རེད།
བསོ་ཡ་ལ་་་་ཕྲ་མོ་གླིང་གི་ས་ཆ།
བསོ་ཡ་ལ་་་་ལྷ་དུང་དཀར་པོའི་རྒྱང་གྲགས།
ཚོང་དཔོན་ཆུང་ཆུང་ནག་པོ་རྒྱ་ལ་བྱོན་པ་འདྲ།
ཇ་ངོ་མ་ཤེས་ལོ་གསུམ་རྒྱ་ལ་བཞུགས་པ་འདྲ།
ཤེས་གཅིག་ཤེས་གཉིས་མེ་ཏོག་ལྷ་མཛེས་ཤེས་པ་འདྲ།
བཀལ་གཅིག་བཀལ་གཉིས་ཆུང་དཀར་མཛོ་ལ་བཀལ་བ་འདྲ།
ཕོག་གཅིག་ཕོག་གཉིས་ལྷ་སའི་མཐིལ་ལ་ཕོག་པ་འདྲ།
སྐོལ་གཅིག་སྐོལ་གཉིས་ཟངས་དཀར་ནང་ལ་སྐོལ་པ་འདྲ།
མཆོད་གཅིག་མཆོད་གཉིས་སྟེང་ཕྱོགས་ལྷ་ལ་མཆོད་པ་འདྲ།
ལྷ་ཆེན་ཚངས་པའི་དབུ་འཕང་དགུང་ལས་མཐོ་བ་འདྲ།
མཆོད་གཅིག་མཆོད་གཉིས་བར་ཕྱོགས་གཉེན་ལ་མཆོད་པ་འདྲ།
གཉེན་ཆེན་སྐུ་ལྷའི་དབུ་འཕངས་དགུང་ལས་མཐོ་བ་འདྲ།
མཆོད་གཅིག་མཆོད་གཉིས་འོག་ཕྱོགས་ཀླུ་ལ་མཆོད་པ་འདྲ།
ཀླུ་རྒྱལ་གཙུག་ནའི་དབུ་འཕངས་དགུང་ལས་མཐོ་བ་འདྲ།