ཁ་སང་དགའ་བའི་མི་དང་། །
དེ་རིང་འགྲོགས་དབང་མ་བྱུང་།།
བརྩེ་དུང་བརྩེ་དུང་ཟེར་བ།།
རྒྱུ་དང་འབྱོར་བས་བསླུས་སོང་།།
བལྟས་ན་མཛེས་མ་ལྷ་རེད།།
འདྲིས་ན་གཡོ་རྒྱུ་མང་རེད།།
རྒྱུས་མེད་བུ་མོའི་བརྩེ་དུང་།།
དམིགས་ཡུལ་སྒོར་དང་རྒྱུ་རེད།།
མི་སེམས་འཇའ་ཡི་གུར་ཁང་།།
དྲན་པ་ཁ་དོག་སྣ་ལྔ།།
ཐོབ་དང་གོ་ས་མེད་ན།།
མིག་གི་མཐོང་ས་མ་རེད།།