དྲིན་ལན་འཇལ་རན་རེད།
是时候报恩了,
གཞས་ཚིག ཅོང་སྒྲ །
作词:江扎,
གཞས་གདངས གཅོད་པ།
作曲:久巴,
གཞས་པ ཐོགས་སྟེན་ཆོས་ཕེལ་
演唱: 土邓曲培
ཁྱིམ་གྲུ་བཞི་དགུང་སྔོན་མཁའ་དབྱིངས་འདྲ།,
དྲིན་ཕ་མ་ཉི་མ་ཟླ་བ་འདྲ།,
དྲིན་ཆེ་ལེ་དུས་ཐོག་ཆར་བ་འདྲ།,
བུ་བུ་མོ་ས་གཞིའི་མེ་ཏོག་འདྲ།,
བསམ་ཤེས་ན་ཕ་མའི་བཀའ་དྲིན་རེད།,
དྲན་ཤེས་ན་དྲིན་ལན་འཇལ་རན་རེད།,
དགོན་གྲྭ་ཚང་སྨན་ཁང་གྲུ་བཞི་འདྲ།,
ལྷ་བླ་མ་འཚོ་བྱེད་སྨན་པ་འདྲ།,
ཆོས་མ་ཎི་བཟང་དྲུག་སྨན་མཆོག་འདྲ།,
འབངས་མི་སེར་ནད་པ་ཟུངས་ཟད་འདྲ།,
བསམ་ཤེས་ན་ཐུབ་པའི་སྐུ་དྲིན་རེད།,
དྲན་ཤེས་ན་གསོལ་བ་འདེབས་རན་རེད།,
གནས་སློབ་གླིང་ལྷ་ཁང་གྲུ་བཞི་འདྲ།,
རྒན་དམ་པ་མུན་སེལ་སྒྲོན་མེ་འདྲ།,
གསུང་བསླབ་བྱ་བླ་མའི་ཞལ་ཏ་འདྲ།,
གཞི་སློབ་བུ་དད་ལྡན་མང་ཚོགས་འདྲ།,
བསམ་ཤེས་ན་དགེ་རྒན་བཀའ་དྲིན་རེད,
དྲན་ཤེས་ན་ཤེས་རིག་སྦྱོང་རན་རེད།。