སྨུག་པོ་འབྲོག་གི་རེ་བ།
གསེར་ལྡན་འཛིན་མའི་རི་ལ།,
ཧ། ལྷ་སྤྲིན་དར་དཀར་འཐེན་ཡོད།,
དར་དཀར་ཡོལ་བའི་ཁུག་ན།,
ཨ་མའི་སྦྲ་ཁྱིམ་ཕུབ་ཡོད།,
བསྡད་ན་སྐྱིད་པའི་འདུ་ར།,
ཨ། སོང་ན་སེམས་ཀྱི་དྲན་གཞིས།,
ཁྱེད་ཀྱི་སྒོ་རའི་འགྲམ་ན་རྒྱ་འབྲུག་ཁྱི་ཡི་ངར་སྐད་རེ།,
ཧོ་ཧོ། ཁྱེད་ཀྱི་ལྷས་རེའི་ནང་ལ་ཟིལ་དཀར་འབྲི་མོའི་ངུར་སྒྲ་རེ།,
ཨ་མའི་སྦྲ་ཁྱིམ། སྨུག་པོ་འབྲོག་གི་རེ་བ། ཡེ།,
ཀུན་གསལ་ནམ་མཁའི་མཐོངས་ལ།,
ཧ། ཉིན་བྱེད་འོད་སྣང་ཕྱེས་ཡོད།,
འོན་སྣང་སེར་པོའི་ཁུག་ན།,
ཨ་མའི་སྦྲ་ཁྱིམ་ཕུབ་ཡོད།,
བསྡད་ན་སྐྱིད་པའི་འདུ་ར།,
ཧ། སོང་ན་སེམས་ཀྱི་དྲན་གཞིས།,
ཁྱེད་ཀྱི་ཟོམ་རའི་ནང་ན་དཀར་པོ་འོ་མའི་རྒྱ་མཚོ་རེ།,
ཨོ་ཧོ། ཁྱེད་ཀྱི་རྡོ་རའི་སྟེང་ན་མར་རྡོ་གྲུ་བཞིའི་རྩིག་པ་རེ།,
ཨ་མའི་སྦྲ་ཁྱིམ། སྨུག་པོ་འབྲོག་གི་རེ་བ། ཡེ།,
ཧོ་ཧོ། ཁྱེད་ཀྱི་རྡོ་རའི་སྟེང་ན་མར་རྡོ་གྲུ་བཞིའི་རྩིག་པ་རེ།,
ཨ་མའི་སྦྲ་ཁྱིམ། སྨུག་པོ་འབྲོག་གི་རེ་བ། ཡེ།,
སྨུག་པོ་འབྲོག་གི་རེ་བ། ཡེ།。