མཉམ་འཛོམས་ཀྱི་གླུ་སྐད།
相聚之韵
གཞས་ཚིག གོ་རུས་སྨན།
歌词: 虢:汝冕
གཞས་དབྱངས། འཇོ་མདའ་འཇམ་དབྱངས།
作曲: 江达江永
ལེན་མཁན། དཔལ་ལྡན་ཚུལ་ཁྲིམས། འཇོ་མདའ་འཇམ་དབྱངས།
演唱: 巴登慈诚 江达江永
དེ་རིང་འཛོམས་པ་ཕ་ཡུལ་ཕྱོགས་ལ་འཛོམས།།
ལྷག་བསམ་དུང་ལས་དཀར་བའི་ཕ་མ་འཛོམས།།
བརྩེ་བ་མཚོ་ལས་ཟབ་པའི་ཕུ་ནུ་འཛོམས།།
འཛོམས་པའི་སྐྱིད་པའི་གླུ་དབྱངས་ང་ཡིས་ལེན།།
དེ་རིང་འཇལ་བ་ཕ་ཡུལ་ཕྱོགས་ནས་འཇལ།།
ལོ་ཟླ་ན་ཚོད་གཅིག་པའི་སྤུན་གྲོགས་འཇལ།།
ལས་སྨོན་བཟང་པོ་ཞིག་གིས་ང་ཚོ་འཕྲད།།
འཕྲད་པའི་ཁ་གཡང་མགུར་མ་ང་ཡིས་ལེན།།
དེ་རིང་མཉམ་འཛོམས་བྱུང་བའི་གླུ་སྐད་འདི།།
ཡ་ཆུང་སེམས་ནས་ཐོན་པའི་གླུ་ཆུང་ཡིན།།
ཕ་ཡུལ་ཕྱོགས་ལ་ཕུལ་བའི་ཁ་གཡང་ཡིན།།
ཁྱེད་ཚོ་ཁ་དགེ་ཡོང་བའི་བཀྲ་རེ་ཤིས།།