བསྐལ་བཟང་ནས་ཆང་།
གཞས་ཚིག འཇུ་ཐུབ་བསྟན་བཀྲ་ཤིས།
དབྱངས། ཟླ་འོད།
ལེན་མཁན། ཤེར་བསྟན། ཆོས་མཚོ།
ལྷ་སའི་ཆང་ཁང་ནང་གི།
ཨ་ཅག་ལྷ་མོས་བསྙལ་བའི།
བདུད་རྩི་ལོ་ཆང་ཁམ་པ།
ཞིམ་པོ་ག་ཚོད་ཡོད་དྲག
ཆང་དམ་ནང་གི་ཆང་དེ།
མང་པོ་འཐུང་མྱོང་ཡོད་དེ།
ཨ་ཅག་ལྷ་མོས་བསྙལ་བའི།
ཆང་འདི་དོ་ལེ་མི་འདུག
ཆང་ཕོར་གཉིས་ཀྱི་ནང་ལ།
ནས་ཆང་སྔོན་མོས་གང་ཡོད།
ཆང་ཕོར་ང་རས་བཀྱག་ཡོང་།
ཞབས་བཏེགས་ཁྱོད་ཀྱིས་གནང་རོགས།
སྔོན་མོ་ནས་ལས་བཙོས་པའི།
བདུད་རྩི་ཆང་གི་ཕབས་རྒྱུན།
ང་ཚོའི་ཞལ་ལ་མཆོད་ན།
ཁ་ལྕེ་སྐོམ་དགོས་མི་འདུག
བཞུགས་གྲལ་འདི་ན་འཛོམས་པའི།
འགྲུལ་བ་སྐར་མ་པ་སངས།
ཐུགས་སེམས་བྲེལ་བ་མེད་ན།
གཏན་དུ་བཞུགས་ན་བསམས་བྱུང་།
ཆང་མ་རིག་འཛིན་དབང་མོའི།
ཆང་ལ་ཟད་རྒྱུ་མེེད་ན།
ང་རའི་སྣང་བའི་རྐང་བྲོ།
ཆང་ཁང་འདི་ལ་བརྒྱག་ཡོང་།