ཀློང་ཆེན་ཐུགས་ཀྱི་སྲས་པོ་འཇའ་ལུས་པ། ཚེ་རིང་དོན་གྲུབ།

文化   2024-08-23 18:41   青海  




ཀློང་ཆེན་ཐུགས་ཀྱི་སྲས་པོ་འཇའ་ལུས་པ།

དཔའ་མཆོག་གངས་ཆར་གྱིས་ཚིག་བརྩམས།

ཚེ་རིང་དོན་གྲུབ་ཀྱིས་དབྱངས་བརྩམས།


གནས་འབའ་ཡུལ་ལྷ་ཡི་དགའ་ཚལ་དུ། །

རྗེ་བླ་མ་བཟང་པོ་ལྷ་ཡི་སྲས།།

མ་འགྲོ་དྲུག་འདྲེན་པའི་ཐུགས་བསྐྱེད་ཅན།།

སྐུ་བསོད་ནམས་འགྲོ་བའི་དཔལ་དུ་ཤར།།


གནས་མི་འགྱུར་འཇའ་ལུས་ཕོ་བྲང་དུ།།

གཟུངས་དྲུག་མའི་བྱིན་རླབས་དངོས་གྲུབ་འབར།།

ལྷ་ཕྱག་ན་པདྨོའི་འཕྲིན་ལས་ཅན།། 

གངས་ཁ་བའི་ལྗོངས་འདིའི་མགོན་དུ་ཤར།།


གཞི་མི་འཇིགས་སེང་ཆེན་ཁྲི་འཕང་དུ།།

མགོན་བླ་མ་བྱང་སེམས་སྤྲུལ་བ་ཅན།།

སྐུ་མཛད་འཕྲིན་ཉི་ཟླའི་འོད་ཟེར་ལ།།

ནང་གདུལ་བྱ་སྐར་ཚོགས་རང་འདུས་ཡིན།། 


རྗེ་བླ་མ་བསྟན་འཛིན་སྙན་གྲགས་མཆོག །

ཐུགས་བརྩེ་བའི་འགྲོ་དོན་རྒྱས་པར་ཤོག།

སྐུ་མི་ནུབ་བསྐལ་བརྒྱར་བརྟན་པར་ཤོག།

གསུང་འགག་མེད་ཆོས་སྒྲ་སྒྲོག་པར་ཤོག།


阿魄羊倌
འདིར་འབྲེལ་བ་གྱིས་དང་། ཁྱོད་ལ་མཁོ་བའི་རིག་དངོས་ཀྱིས་སྒུག་ནས་ཡོད་ངེས།
 最新文章