གཞས་གསར། དར་ལག ལེན་མཁན། པད་མཚོ། 达日 演唱: 班措

文摘   2024-08-06 21:28   青海  






དར་ལག

达日

♫. ♪~♬..♩

ཚིག  འཇུ་སྐལ་བཟང་། 

词 :局 •格桑

དབྱངས། གླིང་རྒྱལ་འཆི་མེད་ཚེ་རིང་།

作曲:曲迈才让

ལེན་མཁན། པད་མཚོ། 

演唱:  班措

བརྡ་ཁྱབ་ཇུས་འགོད།  བསོད་ནམས་བསྟན་དགའ།

海报设计:索南旦尕


དར་ལག་སྐྱིད་པའི་ཕ་ས་ཕྱུག་མོ།

དར་ལག་དགའ་བའི་ཕ་ཁྱིམ་གྲུ་བཞི།  

 བོད་ཁ་བ་ཅན་གྱི་ཡུལ་དབུས་དར་ལག །

ཡུལ་མདོ་ཁམས་མཚམས་ཀྱི་དབང་ཆེན་དར་ལག །

ས་རྨ་འབྲིའི་སྒང་གི་འབྲོག་སྡེ་དར་ལག །

ལས་ཐོད་པས་བསྐོས་པའི་ཕ་ཡུལ་དར་ལག །

 

མི་ཆེན་གསེར་ཁྲི་གནོན་སའི་དབང་སྡུད་དར་ལག །

སྐྱེས་ཆེན་བསྟན་འགྲོ་སྐྱོང་སའི་འགྲོ་དོན་དར་ལག །

ཤེས་ཆེན་གཞན་ཕན་སྐྱོང་སའི་འཕྲིན་ལས་དར་ལག །

ཀུན་ཀྱང་ལས་ལམ་དགེ་སའི་འཆམ་མཐུན་དར་ལག །

 

དར་ལག་ས་དེ་ན་ཡོད་ན་སེམས་ཁ་སྐྱིད་ས།

དར་ལག་ཡུལ་གཞན་ལ་སོང་ན་ཡིད་ལ་དྲན་ས།  

མི་ཕྱུགས་དར་སའི་དར་ལག དབང་ཐང་དར་སའི་དར་ལག

དར་ལག་བཙན་པོས་དཔའ་མཁར་བརྩིག་ས།  

དར་ལག་མཛེས་མས་གཡང་གཞིས་འཛིན་ས།

 ཆུ་རྨ་ཀླུང་འབབ་ཀི་དབུ་ཁྱུད་དར་ལག །

གླིང་ཁྲ་མོ་ཆགས་གི་རྟེན་འབྲེལ་དར་ལག །

མཁར་སེང་འབྲུག་ཆགས་སའི་སྙིང་ཁ་དར་ལག །

དགོན་གསར་རྙིང་ཆགས་སའི་ཆོས་ས་དར་ལག །

 

ས་ལ་རྩི་སྨན་བཀྲམ་པའི་ལྗང་གླིང་དར་ལག །  

རི་ལ་འོ་མ་བྱུགས་པའི་འབྱོར་ཕྱུག་དར་ལག །

ཆུ་ལ་མེ་ཏོག་འཐོར་བའི་མཛེས་སྡུག་དར་ལག །

སྤྲིན་དང་རི་དྭགས་འདྲེས་པའི་ཞིང་ཁམས་དར་ལག །

 

དར་ལག་ས་དེ་ན་ཡོད་ན་སེམས་ཁ་སྐྱིད་ས།

དར་ལག་ཡུལ་གཞན་ལ་སོང་ན་ཡིད་ལ་དྲན་ས།  

སྲིད་འབྱོར་དར་སའི་དར་ལག ལས་རླུང་དར་སའི་དར་ལག








2023གླུ་བ་བློ་གསལ་གྱི་ཆེད་བསྒྲིགས་ཁག་གསུམ་པ། བཀྲ་ཤིས་གཡང་འཁྱིལ།
𝟐𝟎𝟐𝟑▷གཞས་གསར། སྟོང་སང་ངེའི་སེམས། གཞས་པ། བསོད་ནམས་སྟོབས་རྒྱལ།
གཞས་གསར། རྟེན་འབྲེལ་ཡག་པའི་ལོ་སར། 
སྙིང་སྟོབས་ཀྱི་གཞས་གསར།  འཁྲེང་སེམས།
ཤེར་བསྟན་དང་འབའ་རྩ་དར་སྐྱིད་གཉིས་ཀྱི་གཞས་གསར། 
གསར་སྐྱེས་གླུ་བ་གངས་མགོན་རྒྱལ་གྱི་རྐྱང་གླུ་གསར་བ།
ཚེ་རིང་དོན་གྲུབ་ཀྱི་རྐྱང་གཞས་གསར་པ༼གཡང་གི་ཁ་འཛིན།༽
ཁྲེལ་མེད་མ་གནང་། ཚངས་སྲས་གཞོན་ནུ་ཚེ་བྷ།
ལོའི་གླུ་རྒྱལ་ཤེར་བསྟན་གྱི་རྡུང་ལེན་གསར་བསྒྲིགས།
རི་གསེར་ལྡན་ཚང་། ལེན་མཁན། ཤེར་བསྟན་དང་ཁ་བ་དོན་གྲུབ།
སྐལ་བཟང་ལྷ་མོའི་གཞས་གསར།
དབྱངས་ཅན་ལྷ་མོའི་རྐྱང་གཞས་གསར་བ།༼ཆུང་འདྲིས།༽
བཀྲ་ཤིས་ཞབས་བྲོ། ཧོར་གཙང་ལྷ་ལུང་མཚོ།
ཚེ་རིང་དོན་གྲུབ་ཀྱི་རྐྱང་གཞས་གསར་པ༼གཡང་གི་ཁ་འཛིན།༽
ཚངས་སྲས་གཞོན་ནུའི་རྐྱང་གཞས་གསར་བ། སྣང་གཞས། ཆུ་མིག་དྭངས་མོ།

གཙོ་སྒྲིག་པ་དབུ་ནག་བོད།

ངེད་དྲ་བའི་སྟེང་བཀོད་ཡོད་པའི་གཞས་ཡོད་ཚད་གཞས་པ་རང་ཉིད་ལ་དབང་བས།གལ་ཏེ་པར་དབང་ལ་གནོད་འཚེ་བྱུང་ན་གང་མགྱོགས་ཀྱིས་བསུབ་ངེས་ཡིན། དེ་མིན་ཁྱེད་རང་ལ་འགོད་འདོད་པའི་ནང་དོན་ཡོད་ནའང་གཙོ་སྒྲིག་པར་འབྲེལ་བ་བྱེད་ཆོག འཕྲིན་འཕྲན་འབྲེལ་རྟགསtnsjb7576 

 ངེད་དབུ་ནག་བོད་ཚང་གི་འཕྲིན་སྟེགས་འདི་ནི་དབུ་ནག་བོད་སྒྲ་སྙན་སྒྲིག་སྦྱོར་ཁང་གི་དོ་དོམ་བྱས་ཡོད་པའི་སྤྱི་སྟེགས་ཤིག་ཡིན་ལ་ཚོང་ཁང་འདིར་ཀུ་ཤུ་དང་སྐར་གསུམ་སོགས་ཀྱི་ཁ་པར་སྣ་ཚོགས་ཞིག་གསོ་དང་ཉོ་ཚོང་བྱེད་ཀྱིན་ཡོད་པ་དང་། ཤུབས་དང་འཆར་ངོས། གློག་བསོགས་ཆས་སོགས་བཙོང་རྒྱུ་ཡོད། སྐུ་ཉིད་ཀྱི་རེ་འདུན་ལྟར་ཁ་པར་ནང་དུ་ཡིག་གཟུགས་སྣ་ཚོགས་དང་། གཟུགས་དང་སྒྲ། མ་ལག་སྣ་ཚོགས་ནང་འཇུག་དང་ཕབ་ལེན་བྱེད་ཀྱིན་ཡོད་པར་མ་ཟད། བོད་ཆོལ་ཁ་གསུམ་གྱི་གཞས་པ་གཞས་མ་ཚོའི་ཆེད་བསྒྲིགས་དང་དགོངས་ཚོགས་སོགས་སྡེབ་ཚོང་དང་སིལ་ཚོང་བྱེད་ཀྱིན་ཡོད། གཞན་བོད་ཀྱི་གོས་ལྭ་དང་རྒྱ་ལྭ། ཕོ་མོའི་ཞྭ་རིགས་དང་ལྷམ་རིགས་སོགས་ཀྱང་བཙོང་རྒྱུ་ཡོད་པས་ཁྱེད་རྒྱ་ཆེའི་མཛད་སྤྱོད་པ་དག་དུས་ལྟར་ཕེབས་པར་དགའ་བསུ་ཞུ།


དབུ་ནག་བོད་ཚང་སྤྱི་སྟེགས།


微信号  Luo_Jumyang



དབུ་ནག་བོད།
སྟེགས་བུ་འདིར་བོད་གྱི་གླུ་བ་གླུ་མ་ཚོའི་གཞས་དང་པར་བརྙན་བཅས་སྤེལ་བཞིན་ཡོད།་དུས་རྒྱུན་ཐུགས་ཁུར་དང་རྒྱབ་སྐྱོར་ཡོད་པར་ཞུ།
 最新文章