ཕ་མའི་དྲིན་གཟོ་སྲོལ་བཏོད་ཀྱི་སྐྱེས་བུ།
感恩父母创敬之
ཕ་མའི་དྲིན་གཟོ་སྲོལ་བཏོད་ཀྱི་སྐྱེས་བུ།
感恩父母创敬之
♫. ♪~♬..♩
གཞས་ཚིག སྙན་ཁུག
作词: 念克
དབྱངས། བློ་གསལ།
作曲:罗萨
ལེན་མཁན། བློ་གསལ།
演唱:罗萨
བརྙན་རིས་སྒྲིག་སྦྱོར། བསོད་ནམས་བསྟན་དགའ།
剪辑:调色/ 索南旦尕
སྒྲ་ལེན་པ། ཆོས་འགྲུབ།
录音/求知
↓ ↓ ↓ ↓ ↓
ཁྱེད་ཀྱིས་ཞལ་འཛུམ་གྱི་དྲོད་ཁོལ་རེ་རེ།།
ཁེ་དྲག་དང་མངའ་ཐང་གི་འཁྲིས་ན་མི་འདུག།
ཉམ་ཆུང་དང་རྒས་འཁྲོགས་ཀྱི་གམ་ན་འཁྱིལ་ཡོད།།
ཕ་མ་ཡི་བཀའ་དྲིན་སེམས་ཁོང་ནས་དྲན་མི།།
དྲིན་ལན་གྱི་དྲིན་གཟོ་སྲོལ་བཏོད་ཀྱི་སྐྱེས་བུ།།
ཁྱེད་ཀྱི་མཛད་རྗེས་ལ་ཡི་རངས་དང་རེ་སྨོན་གྱིས་ཁེངས་ཡོད།།
ང་ཚོའི་མཉམ་དུ་ཆོས་འཁོར་ཟླ་བའི་ཡར་ཚེས་བཅོ་ལྔ་བསུ།།
ཕ་མའི་བཀའ་དྲིན་ཆོས་ཀྱིས་འཇལ་བཞིན་ཡོད།།
ཁྱེད་ཀྱིས་སྐུ་ཚེགས་ཀྱི་བྱམས་བརྩེ་རེ་རེ།།
རྒྱུ་ཆེན་དང་ངོ་སོའི་འགྲམ་ན་མི་འདུག།
དབུལ་པོ་དང་དྭ་ཕྲུག་གི་དཀྱིལ་ན་འཚེར་ཡོད།།
ཕ་མ་ཡི་བཀའ་དྲིན་ནམ་རྒྱུན་ནས་གླེང་མི།།
དྲིན་ལན་གྱི་དྲིན་གཟོ་སྲོལ་བཏོད་ཀྱི་ཐོག་མ།།
ཁྱེད་ཀྱི་སྙིང་སྟོབས་ལ་བསྔགས་བརྗོད་དང་རེ་སྨོན་གྱིས་ཁེངས་ཡོད།།
ང་ཚོའི་མཉམ་དུ་ཆུ་སྟོད་ཟླ་བའི་ཡར་ཚེས་བཅོ་ལྔ་བསུ།།
ཕ་མའི་བཀའ་དྲིན་ཆོས་ཀྱིས་འཇལ་བཞིན་ཡོད།།
ཁྱེད་ཀྱིས་གསུང་མོལ་གྱི་བདེན་ཚིག་རེ་རེ།།
འཁོར་མང་དང་ཁྲི་ཆེན་གྱི་མཐིལ་ན་མི་འདུག།
ཕ་མེད་དང་མ་མེད་ཀྱི་གྲལ་ན་ལྷགས་ཡོད།།
ཕ་མ་ཡི་བཀའ་དྲིན་རུས་གསེང་ནས་བསྙད་མི།།
དྲིན་ལན་གྱི་དྲིན་གཟོ་སྲོལ་བཏོད་ཀྱི་དམ་པ།།
ཁྱེད་ཀྱི་སྐུ་མཉེལ་ལ་དད་གུས་དང་རེ་སྨོན་གྱིས་ཁེངས་ཡོད།།
ང་ཚོའི་མཉམ་དུ་བོད་ཟླ་དྲུག་པའི་ཡར་ཚེས་བཅོ་ལྔ་བསུ།།
ཕ་མའི་བཀའ་དྲིན་ཆོས་ཀྱིས་འཇལ་བཞིན་ཡོད།།
གཙོ་སྒྲིག་པ་དབུ་ནག་བོད།
▼
ངེད་དབུ་ནག་བོད་ཚང་གི་འཕྲིན་སྟེགས་འདི་ནི་དབུ་ནག་བོད་སྒྲ་སྙན་སྒྲིག་སྦྱོར་ཁང་གི་དོ་དོམ་བྱས་ཡོད་པའི་སྤྱི་སྟེགས་ཤིག་ཡིན་ལ་ཚོང་ཁང་འདིར་ཀུ་ཤུ་དང་སྐར་གསུམ་སོགས་ཀྱི་ཁ་པར་སྣ་ཚོགས་ཞིག་གསོ་དང་ཉོ་ཚོང་བྱེད་ཀྱིན་ཡོད་པ་དང་། ཤུབས་དང་འཆར་ངོས། གློག་བསོགས་ཆས་སོགས་བཙོང་རྒྱུ་ཡོད། སྐུ་ཉིད་ཀྱི་རེ་འདུན་ལྟར་ཁ་པར་ནང་དུ་ཡིག་གཟུགས་སྣ་ཚོགས་དང་། གཟུགས་དང་སྒྲ། མ་ལག་སྣ་ཚོགས་ནང་འཇུག་དང་ཕབ་ལེན་བྱེད་ཀྱིན་ཡོད་པར་མ་ཟད། བོད་ཆོལ་ཁ་གསུམ་གྱི་གཞས་པ་གཞས་མ་ཚོའི་ཆེད་བསྒྲིགས་དང་དགོངས་ཚོགས་སོགས་སྡེབ་ཚོང་དང་སིལ་ཚོང་བྱེད་ཀྱིན་ཡོད། གཞན་བོད་ཀྱི་གོས་ལྭ་དང་རྒྱ་ལྭ། ཕོ་མོའི་ཞྭ་རིགས་དང་ལྷམ་རིགས་སོགས་ཀྱང་བཙོང་རྒྱུ་ཡོད་པས་ཁྱེད་རྒྱ་ཆེའི་མཛད་སྤྱོད་པ་དག་དུས་ལྟར་ཕེབས་པར་དགའ་བསུ་ཞུ།
དབུ་ནག་བོད་ཚང་སྤྱི་སྟེགས།