གཡང་གི་ནོར་བུ།
杨格闹日
ཚིག བེར་ནག
作词:魏尔呢
དབྱངས། དཀོན་མཆོག་སྐྱབས།
作曲:贡曲加
ལེན་མཁན། དཀོན་མཆོག་སྐྱབས།
演唱:贡曲加
༡
ཡུལ་སྐྱིད་པོ་བློན་ཆོས་འབྲོག་སྡེ་ན། །
ཁྲོམ་གྲགས་ཅན་གཡང་གི་ནོར་བུ་ཡོད། །
གཡང་ཛམ་ལྷའི་དངོས་གྲུབ་འཛོམས་པའི་ཁྲོམ། །
གཡང་གི་ནོར་བུ། ཁྲོམ་བརྒྱ་ཟིལ་གནོན།
ཁྱོད་ནི་འབྲོག་སྡེ་ཞིག་གི་སྙན་གྲགས་ཡིན།
ཁྱོད་ནི་རུ་སྡེ་འདི་ནི་མཚན་བྱང་ཡིན། །
༢
རྭ་ཡར་སྐྱེས་དུང་རྭ་གཡས་སུ་འཁྱིལ། །
མདོག་ཀུན་འཛོམས་རི་མོ་ངོ་མཚར་ཆེ། །
སྟེང་ཐིག་ལེའི་འབབ་སྟེང་སྐར་མའི་དཔེ། །
གཡང་གི་ནོར་བུ། ཁྲོམ་བརྒྱའི་དྭངས་རྩེ། །
ཁྱོད་ནི་དུས་རབས་ཞིག་གི་སྨོན་པ་ཡིན། །
ཁྱོད་ནི་གངས་ལྗོངས་ལུང་པའི་སྤྱི་ནོར་ཡིན། །
༣
མཚན་སྙན་གྲགས་གངས་རིའི་རྩེ་ན་གཡོ། །
ལས་རླུང་རྟ་མདོ་སྨད་ཡུལ་ནས་དར། །
ཁྲོམ་གང་བཟང་གྲལ་གྱི་གཙུག་རྒྱན་ཡིན། །
གཡང་གི་ནོར་བུ། ཁྲོམ་བརྒྱའི་རྒྱལ་བོ།
ཁྱོད་ནི་སྟོང་ལུག་དཀྱིལ་གྱི་གཡང་རྟེན་ཡིན། །
ཁྱོད་ནི་འབྲོག་དམངས་སེམས་ཀྱི་ཁྲོམ་རྒྱལ་ཡིན། །
གཙོ་སྒྲིག་པ་དབུ་ནག་བོད།
▼
ངེད་དབུ་ནག་བོད་ཚང་གི་འཕྲིན་སྟེགས་འདི་ནི་དབུ་ནག་བོད་སྒྲ་སྙན་སྒྲིག་སྦྱོར་ཁང་གི་དོ་དོམ་བྱས་ཡོད་པའི་སྤྱི་སྟེགས་ཤིག་ཡིན་ལ་ཚོང་ཁང་འདིར་ཀུ་ཤུ་དང་སྐར་གསུམ་སོགས་ཀྱི་ཁ་པར་སྣ་ཚོགས་ཞིག་གསོ་དང་ཉོ་ཚོང་བྱེད་ཀྱིན་ཡོད་པ་དང་། ཤུབས་དང་འཆར་ངོས། གློག་བསོགས་ཆས་སོགས་བཙོང་རྒྱུ་ཡོད། སྐུ་ཉིད་ཀྱི་རེ་འདུན་ལྟར་ཁ་པར་ནང་དུ་ཡིག་གཟུགས་སྣ་ཚོགས་དང་། གཟུགས་དང་སྒྲ། མ་ལག་སྣ་ཚོགས་ནང་འཇུག་དང་ཕབ་ལེན་བྱེད་ཀྱིན་ཡོད་པར་མ་ཟད། བོད་ཆོལ་ཁ་གསུམ་གྱི་གཞས་པ་གཞས་མ་ཚོའི་ཆེད་བསྒྲིགས་དང་དགོངས་ཚོགས་སོགས་སྡེབ་ཚོང་དང་སིལ་ཚོང་བྱེད་ཀྱིན་ཡོད། གཞན་བོད་ཀྱི་གོས་ལྭ་དང་རྒྱ་ལྭ། ཕོ་མོའི་ཞྭ་རིགས་དང་ལྷམ་རིགས་སོགས་ཀྱང་བཙོང་རྒྱུ་ཡོད་པས་ཁྱེད་རྒྱ་ཆེའི་མཛད་སྤྱོད་པ་དག་དུས་ལྟར་ཕེབས་པར་དགའ་བསུ་ཞུ།
དབུ་ནག་བོད་ཚང་སྤྱི་སྟེགས།