གྲོང་ཁུལ་སྤྱི་གླིང་གི་འཁོར་རིགས་འཇོག་སར་དོ་དམ་ཚད་ལྡན་བྱ་རྒྱུའི་སྐོར་གྱི་འབྲེལ་ཡོད་སྤྱི་བསྒྲགས།
སྤྱི་པའི་འཁོར་རིགས་འཇོག་ས་ཡུན་རིང་བཟུང་སྤྱོད་བྱེད་པའི་གནས་ཚུལ་མི་ཐོན་པ་དང་། གྲོང་ཁུལ་སྤྱི་གླིང་གི་འཁོར་རིགས་འཇོག་སའི་དོ་དམ་ཚད་ལྡན་དུ་གཏོང་བ། འཁོར་རིགས་འཇོག་ས་བེད་སྤྱོད་བྱེད་ཚད་དང་འཁོར་རྒྱུག་བྱེད་ཚད་ཆེ་རུ་གཏོང་བ་བཅས་བྱ་ཆེད། ད་ལྟ་སྤྱི་གླིང་གི་འཁོར་རིགས་འཇོག་སའི་གྲོན་བསྡུའི་དོ་དམ་དོན་ཚན་ཡོངས་བསྒྲགས་བྱེད་རྒྱུ་གཤམ་གསལ།
གྲོང་ཁུལ་སྤྱི་གླིང་གི་འཁོར་རིགས་འཇོག་ས་ཁྱོན་7དང་འཁོར་རིགས་འཇོག་གནས་298ཡོད་པའི་ནང་། མུ་ཏིག་མཚེའུར་འཁོར་རིགས་འཇོག་གནས་60དང་། མི་དམངས་སྤྱི་གླིང་ནུབ་ངོས་སུ་འཁོར་རིགས་འཇོག་གནས་51 མི་དམངས་སྤྱི་གླིང་བྱང་ངོས་སུ་འཁོར་རིགས་འཇོག་གནས་27 ལུང་ཡོན་སྤྱི་གླིང་དུ་འཁོར་རིགས་འཇོག་གནས་47 ལུའུ་ཡོན་སྤྱི་གླིང་དུ་འཁོར་རིགས་འཇོག་གནས་10ཡོད་པ་དང་། ཀུན་སྐྱོབ་གླིང་ག་ཤར་ངོས་སུ་འཁོར་རིགས་འཇོག་གནས་43 ཀུན་སྐྱོབ་གླིང་ག་ནུབ་ངོས་སུ་འཁོར་རིགས་འཇོག་གནས་60བཅས་ཡོད་པ་རེད།
སྤྱི་གླིང་ནང་དུ་འཁོར་རིགས་བཞག་ཚེ་སྔོན་གྱི་ཆུ་ཚོད་3ལ་རིན་སྤྲོད་མི་དགོས་པ་དང་ཆུ་ཚོད་3(ཆུ་ཚོད་3ཚུད་པ་)ལས་བརྒལ་ཚེ། ཉིན་མའི་གུང་ལ་(ཞོགས་པའི་ཆུ་ཚོད་9ནས་དགོང་མོའི་ཆུ་ཚོད་8བར་)ཆུ་ཚོད་རེར་སྒོར་1དང་། མཚན་གུང་རིང་(དགོང་མོའི་ཆུ་ཚོད་8ནས་ཞོགས་པའི་ཆུ་ཚོད་9བར་)ཆུ་ཚོད་རེར་སྒོར་0.5ཡིན་པ་རེད། ཆུ་ཚོད་ཕྱེད་ཀ་ལས་བརྒལ་བ་དང་ཡང་ཆུ་ཚོད་1མ་ཟིན་ཚེ་ཆུ་ཚོད་གཅིག་ལྟར་བརྩི་རྒྱུ། དམག་མི་དང་ཉེན་རྟོག་པའི་འཁོར་རིགས། སྨན་བཅོས་སྲོག་སྐྱོབ་འཁོར་རིགས། ལས་འགན་སྒྲུབ་བཞིན་པའི་དམིགས་བསལ་འཁོར་རིགས། དབང་པོ་སྐྱོན་ཅན་གྱི་ཆེད་སྤྱོད་འཁོར་རིགས་(གོ་ཆོད་པའི་ལག་ཁྱེར་ཡོད་དགོས་)བཅས་ལ་གྲོན་དངུལ་སྤྲོད་མི་དགོས།
སྐད་འཕྲིན་དང་གཏོང་སྤྲོད་པོའོ་ཀྱིས་དངུལ་སྤྲོད་དགོས། བསྡུས་པའི་གྲོན་དངུལ་ཡོངས་རྫོགས་རྒྱལ་མཛོད་ནང་བླུགས་ཀྱི་ཡོད།
གལ་སྲིད་ཁྱེད་ཀྱིས་གྲོན་བསྡུའི་ཐད་དོགས་གཞི་ཡོད་པའམ་ཡང་ན་སྒྲིག་འགལ་གྲོན་བསྡུའི་བྱ་སྤྱོད་ཤེས་རྟོགས་བྱུང་ཚེ། ལྟ་སྐུལ་ཁ་པར་0892-12319ལ་ཁ་པར་སྐྱོན་རོགས། ང་ཚོས་ལྷག་བསམ་རྣམ་དག་གིས་ཁྱེད་ལ་ཞབས་འདེགས་ཞུས་ཏེ་གྲོན་བསྡུ་ཡོངས་བསྒྲགས་ཁ་གསལ་དང་ལུགས་མཐུན་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན།
གྲོན་བསྡུའི་ཚད་གཞི་དེ་2025ལོའི་ཟླ་1པོའི་ཚེས་1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པས། རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བས་བསམ་ཤེས་དང་རྒྱབ་སྐྱོར་བྱས་ཏེ་གྲོང་ཁུལ་སྤྱི་གླིང་གི་འཁོར་རིགས་འཇོག་སའི་ཁོར་ཡུག་གཙང་སྦྲ་དོད་ལ་གོ་རིམ་ལྡན་པ་ཞིག་ཡོང་བ་བྱེད་དགོས།
གཞིས་ཀ་རྩེ་གྲོང་ཁྱེར་དོ་དམ་ཅུས་ནས།
2024ལོའི་ཟླ་12ཚེས་23ཉིན།
བསྐྱར་ཞུས། རྒྱལ་མཚན།
ཞུ་དག ཚེ་རིང་སྒྲོལ་མ།
རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།
ཡིག་སྒྱུར། ཚེ་རིང་རྒྱ་མཚོ།
སྒྲ་འཇུག ཚེ་རིང་རྒྱ་མཚོ།
ཡོང་ཁུངས། ཇོ་རིའི་འཕྲིན་སྟེགས།
ཡིག་སྒམ་ཨང་གྲངས།
གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།
ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།
རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།
ང་ཚོའི་བརྙན་ཐུང་རྟགས་ཅན་日喀则广播电视台ཟེར་བར་དོ་ཁུར་གནང་ནས་ངོ་མཚར་ལྟད་མོར་གཟིགས་དང་།