དགེ་རྒན་རྣམས་འདིར་གཅིག་གཟིགས་དང་།

政务   2024-12-11 12:52   西藏  



དགེ་རྒན་ཚོའི་ཐོབ་ཐང་ཐད་ནས་གཟིགས་སྐྱོང་སྲིད་ཇུས་གསར་པ་བཏོན་འདུག

གསར་འགོད་པས་སློབ་གསོ་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ཆར། སློབ་གསོ་པུའུ་སོགས་སྡེ་ཁག་བདུན་གྱིས་མཉམ་འབྲེལ་ཐོག《སྔར་ལས་ལྷག་པའི་སྒོ་ནས་དགེ་རྒན་ལ་བརྩི་བཀུར་དང་དགེ་རྒན་ལ་ཕན་བདེ་སྐྲུན་པའི་ལས་དོན་ཇེ་ལེགས་གཏོང་བའི་སྐོར་གྱི་བྱེད་ཐབས་འགའ་》ཞེས་པ་དཔར་ནས་བཀྲམ་པ་དང་། སྔར་ལས་ལྷག་པའི་སྒོ་ནས་དགེ་རྒན་གྱི་ཐོབ་ཐང་འགན་ལེན་དང་དགེ་རྒན་གྱི་ཆབ་སྲིད་ཀྱི་གནས་བབ་དང་། སྤྱི་ཚོགས་ཀྱི་གོ་གནས། ལས་རིགས་ཀྱི་གནས་བབ་བཅས་མཐོ་རུ་གཏོང་རྒྱུ་ཡིན་པ་རེད། ཡིག་ཆའི་ནང་སྨན་བཅོས་བདེ་ཐང་དང་། རིག་གནས་མཐོར་འདེགས། འཚོ་བའི་ཞབས་ཞུ། སྡོད་ཁང་འགན་ལེན་བཅས་དང་། དེ་བཞིན་ཕྱོགས་གཞན་དག་ཐད་ནས་དགེ་རྒན་ལ་བརྩི་བཀུར་དང་དགེ་རྒན་ལ་ཕན་བདེ་སྐྲུན་པའི་བྱེད་ཐབས་ཁ་གསལ་བཏོན་ཡོད།
སྨན་བཅོས་བདེ་ཐང་ཐད། ས་གནས་ཁག་གི་སློབ་གསོ་སྡེ་ཚན་གྱིས་ལོ་ལྟར་དགེ་རྒན་སྒྲིག་འཛུགས་བྱས་ནས་རིན་མེད་ངང་གཟུགས་པོར་བརྟག་དཔྱད་ཐེངས་རེ་བྱེད་པ་དང་། དུས་བཅད་ལྟར་སེམས་ཁམས་བདེ་ཐང་གི་འཆད་ཁྲིད་དང་སེམས་ཁམས་ཟུར་ཁྲིད་སོགས་ཀྱི་ཞབས་ཞུ་སྤེལ་ནས་དགེ་རྒན་གྱི་བདེ་ཐང་ཡིག་ཚགས་བཟོ་དགོས། ས་གནས་ཁག་གིས་ས་གནས་དེ་གའི་དགེ་རྒན་ལ་སྨན་བཅོས་བྱེད་པར་སྟབས་བདེ་བསྐྲུན་ནས། དགེ་རྒན་ལ་ཁ་ཕྱོགས་པའི་བདེ་ཐང་དྲིལ་བསྒྲགས་དང་སློབ་གསོ་སོགས་ཀྱི་ཞབས་ཞུ་སྒྲུབ་རྒྱུར་སྐུལ་ལྕག་བྱེད་དགོས།
རིག་གནས་མཐོར་འདེགས་ཐད། ས་གནས་ཁག་གི་དངོས་མང་བཤམས་སྟོན་ཁང་དང་དྲན་གསོ་ཁང་། མཛེས་རྩལ་ཁང་། ཚན་རྩལ་ཁང་། ལོ་ཆུང་ཕོ་བྲང་སོགས་སྤྱི་པའི་རིག་གནས་སྒྲིག་བཀོད་དང་ཡུལ་སྐོར་ལྟ་སྐོར་བྱ་ཡུལ་གྱིས་དགེ་རྒན་ཚོར་སྤ་སེ་ཆག་ཡང་དང་རྩ་ཆག་གཏོང་བ་སོགས་ཀྱི་གཟིགས་སྐྱོང་བྱ་ཐབས་སྤྱོད་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་པ་དང་། དགེ་རྒན་གྱི་རིག་གནས་དང་ལུས་རྩལ་བྱེད་སྒོ་གང་ལེགས་སྤེལ་ནས། དགེ་རྒན་གྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས།
འཚོ་བའི་ཞབས་ཞུའི་ཐད། འབྲེལ་ཡོད་ཁེ་ལས་ཀྱིས་དགེ་རྒན་ལ་ཆེད་གཏོགས་གཟིགས་སྐྱོང་བྱེད་སྒོ་སྤེལ་རྒྱུའི་སྐུལ་ལྕག་བྱེད་པ་དང་། འབྲེལ་ཡོད་རྒྱལ་དབང་ཚོང་ལས་དངུལ་ཁང་གིས་དགེ་རྒན་ལ་ཆེད་བསྟུན་དངུལ་རྩའི་ཞབས་ཞུ་འདོན་སྤྲོད་བྱེད་པར་སྐུལ་ལྕག་བྱས། ཆ་རྐྱེན་ཡོད་པའི་ས་གནས་སུ་དགེ་རྒན་སྤྱི་སྤྱོད་རླངས་འཁོར་དང་ས་འོག་ལྕགས་ལམ་སོགས་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་ལ་སྡོད་སྐབས། སྤ་སེ་ཆག་ཡང་དང་རྩ་ཆག་གཏོང་བར་རྒྱབ་སྐྱོར་བྱ་དགོས།
སྡོད་ཁང་འགན་ལེན་ཐད། ཆ་རྐྱེན་དང་མཐུན་པའི་དགེ་རྒན་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་འགན་ལེན་ཁྱབ་ཁོངས་ནང་བཅུག་ནས། དགེ་རྒན་གྱི་སྡོད་ཁང་གི་དཀའ་ངལ་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། གཞན་ཡང་། སྤྱི་ཚོགས་སྟོབས་ཤུགས་ཀྱིས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཞལ་འདེབས་རྒྱག་པ་དང་དང་བླངས་ཞབས་ཞུ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད།  དགེ་རྒན་ལ་བརྩི་བཀུར་དང་དགེ་རྒན་ལ་ཕན་བདེ་སྐྲུན་པའི་ཞབས་འདེགས་ཞུ་རྒྱུའི་སྐུལ་ལྕག་བྱས།
གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོ་ནས་བཟུང་། སློབ་གསོ་པུའུ་ཡིས་དགེ་རྒན་གྱི་ཐོབ་ཐང་འགན་ལེན་ལས་དོན་སྤེལ་ཤུགས་མུ་མཐུད་ཆེ་རུ་བཏང་ནས། རྒྱལ་ཁབ་དང་ས་གནས། སྤྱི་ཚོགས་བཅས་ཀྱི་ངོས་ནས་དགེ་རྒན་ལ་བརྩི་བཀུར་དང་དགེ་རྒན་ལ་ཕན་བདེ་སྐྲུན་པའི་ལས་དོན་ལ་རྣམ་པ་གསར་པ་ཐོན་རྒྱུར་སྐུལ་འདེད་བཏང་ཡོད། རྗེས་མར། སློབ་གསོ་པུའུ་ཡིས་དགེ་རྒན་ལ་བརྩི་བཀུར་དང་དགེ་རྒན་ལ་ཕན་བདེ་སྐྲུན་པའི་སྲིད་ཇུས་དོན་འཁྱོལ་བྱ་ཚུལ་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ། ས་གནས་ཁག་གི་དགེ་རྒན་ལ་བརྩི་བཀུར་དང་དགེ་རྒན་ལ་ཕན་བདེ་སྐྲུན་པའི་ལས་ཀའི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་ཕྱོགས་སྡོམ་དང་དྲིལ་བསྒྲགས་བྱེད་པ་དང་འབྲེལ། ས་གནས་ཁག་ལ་མཛུབ་ཁྲིད་བྱ་ཤུགས་ཆེ་རུ་བཏང་ནས། སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་ཡོངས་སུ་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་ལུགས་སྲོལ་བཟང་པོ་གཏོད་རྒྱུ་ཡིན་པ་རེད།

བསྐྱར་ཞུས། རྒྱལ་མཚན།

ཞུ་དག ཚེ་རིང་སྒྲོལ་མ།  

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

སྒྲ་འཇུག ཚེ་སྒྲོན།

ཡོང་ཁུངས། མི་དམངས་དྲ་བ།


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།

ང་ཚོའི་བརྙན་ཐུང་རྟགས་ཅན་日喀则广播电视台ཟེར་བར་དོ་ཁུར་གནང་ནས་ངོ་མཚར་ལྟད་མོར་གཟིགས་དང་།



青稞视界
བརྗོད་དོན་གཙོ་བོ། བྱེད་ཕྱོགས་སྲིད་ཇུས། ཁྲིམས་ལུགས་ཁྱབ་གདལ། འཚོ་བའི་ཤེས་བྱ། སྲོལ་རྒྱུན་རིག་གནས་སོགས་དྲིལ་བསྒྲགས་བྱེད་པ།
 最新文章