སྐྱེ་ལག་དང་། ཕག་རི། བཟང་བཟང་བཅས་ཀྱི་འབྲི་གཡག་་་་་་

政务   2024-12-06 22:17   西藏  




འབྲི་གཡག་ཐོན་ལས་ནི་མཚོ་བོད་ས་ཁུལ་གྱི་དཔལ་འབྱོར་རྒྱབ་རྟེན་གལ་ཆེན་ཞིག་ཡིན་པ་དང་། དེས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཞིང་འབྲོག་པའི་ཡོང་འབབ་འཕར་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཉེ་བའི་ལོ་འགའི་རིང་། རང་རེའི་གྲོང་ཁྱེར་གྱི་སྐྱེ་ལག་གི་འབྲི་གཡག་ཁམ་པ་དང་། ཕག་རིའི་འབྲི་གཡག བཟང་བཟང་གི་འབྲི་གཡག་བཅས་གཙོ་བོར་བྱས་པའི་ཇོ་རིའི་འབྲི་གཡག་ཐོན་ལས་ཀྱིས་གྲོང་ཁྱེར་ཁྱོན་ཡོངས་ཀྱི་འཕེལ་རྒྱས་ལ་ཕན་པ་ཆེན་པོ་ཐོབ་ཡོད་པ་རེད།

དེའི་ནང་གྲོ་མོ་རྫོང་གི་ཕག་རིའི་འབྲི་གཡག་དེ་རྒྱལ་ཁབ་རིམ་པའི་སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་བཟང་ཐོན་ཁུངས་སྲུང་སྐྱོང་གི་རྣམ་གྲངས་ཤིག་ཡིན་པའི་ངོས་ནས། གཞིས་ཀ་རྩེ་གྲོང་ཁྱེར་དང་ཐ་ན་བོད་ཡོངས་ལ་སྐད་གྲགས་ཆེན་པོ་ཡོད།

དེ་སྔ། འབྲི་གཡག་གསོ་ཚགས་བྱེད་སྟངས་ནི་ཁྱིམ་ཚང་ངམ་ཡང་ན་མཉམ་ལས་ཁང་གཙོ་བོར་བྱེད་ཀྱི་ཡོད་པས་དོ་དམ་བྱེད་ཁག་ལ་ཕན་འབྲས་དམའ་བ་སོགས་ཀྱི་གནད་དོན་ཡོད། གནད་དོན་དེར་འགྱུར་ལྡོག་གཏོང་ཆེད། གཞིས་ཀ་རྩེ་གྲོང་ཁྱེར་གྱིས་2017ལོར་གྲོ་མོ་རྫོང་ཕག་རིའི་འབྲི་གཡག་གསོ་ཚགས་རྟེན་གཞིའི་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་ནས་བོད་ལྗོངས་ཕག་རིའི་འབྲི་གཡག་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་བཙུགས་ཏེ་ཀུང་སི་དང་མཉམ་ལས་ཁང་། ཞིང་དུད་བཅས་ཟུང་དུ་འབྲེལ་བའི་བྱེད་སྟངས་སྤྱད་དེ་གཅིག་གྱུར་ཐོག་གསོ་ཚགས་དང་ཐོན་སྐྱེད། ཕྱིར་ཚོང་བཅས་བྱས་ཡོད། བྱེད་སྟངས་དེ་རིགས་ཀྱིས་འབྲི་གཡག་བཤས་གཏོང་ཚད་མང་དུ་ཕྱིན་པ་མ་ཟད། ད་དུང་རྩྭ་ཐང་གི་སྣོད་བཅུད་དོ་སྙོམས་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།

2024ལོའི་ཟླ་9པར། རིམ་རྩིས་ལྟར་ན་ཀུང་སི་དེས་ས་གནས་དེ་གའི་འབྲོག་པར་འབབ་འཕར་སྒོར་ཁྲི་8000ཙམ་བྱུང་བའི་ནང་། འབྲོག་པར་ཁེ་སྤོགས་སྒོར་ཁྲི་3897.05དང་གླ་ཕོགས་སྒོར་ཁྲི་4102.56སྤྲད་ཡོད་པ་རེད།


བོད་ལྗོངས་ཕག་རིའི་འབྲི་གཡག་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི། ལས་མི། རྡོ་རྗེ།


ད་ལོ་ང་ལོ་60ཙམ་ལ་སླེབས་ཡོད། མ་གཞི་མ་མཐའི་འཚོ་བའི་འགན་ལེན་ལོངས་སྤྱོད་བྱེད་ཀྱི་ཡོད་ཀྱང་། མ་མཐའི་འཚོ་བའི་འགན་ལེན་ལ་བརྟེན་ནས་འཚོ་བ་སྐྱེལ་འདོད་མེད་པར་བརྟེན། ཀུང་སིར་ཞུགས་པ་ཡིན། དེ་རྗེས་ཟླ་རེར་ཡོང་འབབ་སྒོར་4000ལྷག་ཙམ་ཡོང་གི་འདུག ལོ་མཇུག་ཏུ་ད་དུང་ཁེ་སྤོགས་བགོ་བཤའ་རྒྱག་པའི་རྨང་གཞིའི་ཐོག་གླ་ཕོགས་ཀྱང་འཕར་གྱི་འདུག་པས་ང་བློ་ཡིད་ཚིམས་པོ་བྱུང་།

གཞན་ཡང་འབྲི་གཡག་ཐོན་རྫས་ཀྱི་སྤུས་རྟགས་གཏོད་པའི་ཐད། གཞིས་ཀ་རྩེ་གྲོང་ཁྱེར་གྱིས་གོ་ལའི་སྣེ་གསུམ་པ་དང་གཞིས་ཀ་བསམ་གྲུབ་རྩེ་སོགས་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་བརྒྱུད་ཐོན་རྫས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་དང་སྤུས་རྟགས་ཀྱི་ཤུགས་རྐྱེན་ནུས་པ་ཆེ་རུ་ཕྱིན་ཡོད། དུས་མཚུངས་ཁྲོམ་རར་ཁྱབ་གདལ་དང་ཕྱིར་ཚོང་བྱེད་པ་དེའང་འབྲི་གཡག་ཐོན་ལས་འཕེལ་རྒྱས་ཁྲོད་ཀྱི་གལ་འགངས་ཤིན་ཏུ་ཆེ་བའི་ལྷུ་ཚིགས་ཤིག་ཡིན་པ་རེད།


ཟླ་9པའི་ཟླ་མཇུག་བར། གྲོང་ཁྱེར་ཡོངས་ཀྱི་རྫོང་(ཆུས་)ཁག་གི་ཕག་རིའི་འབྲི་གཡག་དང་། སྐྱེ་ལག་གི་འབྲི་གཡག་ཁམ་པ། ངམ་རིང་རྫོང་བཟང་བཟང་གི་འབྲི་གཡག་བཅས་གཙོ་བོར་བྱས་པའི་ལག་ཡོད་འབྲི་གཡག་ཁྲི་65.8ཟིན་པ་དང་། བཤས་གཏོང་ཚད་ཁྲི་6ཟིན་ནས་ཚགས་ཤའི་ཐོན་འབབ་ཏུན་ཁྲི་0.8ཟིན་པ། འབྲིའི་འོ་མའི་ཐོན་འབབ་ཏུན་ཁྲི་2ཟིན་ནས་འབྲོག་ལས་འཕེལ་རྒྱས་དང་ཤའི་ཐོན་ཟོག་མཁོ་སྤྲོད་བྱ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

སླད་ཕྱིན། གཞིས་ཀ་རྩེ་གྲོང་ཁྱེར་གྱིས་འབྲི་གཡག་གསོ་ཚགས་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་འབྲི་གཡག་ཐོན་ལས་གྲངས་གཞི་ཅན་གྱི་དོ་དམ་ལ་སྐུལ་འདེད་གཏོང་རྒྱུ་དང་། ནོར་གནག་གི་རྒྱུད་བཟང་གསོ་སྤེལ་མ་ལག་འཛུགས་པ། རིག་ནུས་ཅན་གྱི་གསོ་སྤེལ་ལག་རྩལ་ཁྱབ་གདལ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད། ནོར་གནག་གི་ཐོན་སྐྱེད་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་རེད་འདུག

བསྐྱར་ཞུས། རྒྱལ་མཚན།

ཞུ་དག ཚེ་རིང་སྒྲོལ་མ།  

རྩོམ་སྒྲིག་པ། བཀྲ་ཤིས་ཚེ་རིང་།

ཡིག་སྒྱུར། ཚེ་རིང་རྒྱ་མཚོ།

སྒྲ་འཇུག ཚེ་སྒྲོན།

ཡོང་ཁུངས། ཇོ་རིའི་འཕྲིན་སྟེགས། 


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།

ང་ཚོའི་བརྙན་ཐུང་རྟགས་ཅན་日喀则广播电视台ཟེར་བར་དོ་ཁུར་གནང་ནས་ངོ་མཚར་ལྟད་མོར་གཟིགས་དང་།



青稞视界
བརྗོད་དོན་གཙོ་བོ། བྱེད་ཕྱོགས་སྲིད་ཇུས། ཁྲིམས་ལུགས་ཁྱབ་གདལ། འཚོ་བའི་ཤེས་བྱ། སྲོལ་རྒྱུན་རིག་གནས་སོགས་དྲིལ་བསྒྲགས་བྱེད་པ།
 最新文章