ཟླ་12ཚེས་8ཉིན། རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས་རླུང་བུ་ཆེན་པོ་ལྡང་རྒྱུའི་ཉེན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་ཡོད།
སྔོན་དཔག་བྱས་ན། ཟླ་12ཚེས་8ཉིན་གྱི་ཆུ་ཚོད་14ནས་ཚེས་9ཉིན་གྱི་ཆུ་ཚོད་14བར་གཞིས་ཀ་རྩེའི་ཁོངས་སུ་རླུང་བུ་རིམ་པ་7ནས་8བར་ལྡང་རྒྱུ་རེད། དིང་རི་དང་གཏིང་སྐྱེས། གམ་པ། གཉའ་ལམ། གྲོ་མོ། ཁང་དམར། ལྷ་རྩེ། ས་སྐྱ། འབྲོང་པ་སོགས་ཀྱི་ས་ཆ་ཁ་ཤས་ལ་རླུང་བུ་རིམ་པ་8ནས་9བར་ལྡང་རྒྱུ་དང་། ཐོལ་རླུང་རིམ་པ་10ནས་11བར་ལྡང་རྒྱུ་ཡིན་པ་རེད།
གནམ་གཤིས་སྡེ་ཁག་གིས་གྲོས་འགོ་བཏོན་པར།
1.ཞིང་ལས་ཀྱི་སྒྲིག་བཀོད་དང་སྐབས་འཕྲལ་གྱི་སྐྲུན་དངོས། བརྡ་ཁྱབ་བྱང་བུ་སོགས་ཀྱི་རླུང་བུ་འགོག་ཤུགས་ཆེ་རུ་གཏོང་དགོས་པ།
2.རླུང་ཆེན་དང་ཐལ་རྡུལ་འཕྱུར་བའི་གཤིས་ཀྱིས་མཁའ་ལམ་དང་ལྕགས་ལམ། གཞུང་ལམ་སོགས་འགྲིམ་འགྲུལ་དབོར་འདྲེན། དེ་བཞིན་གློག་ཤུགས་དང་འཕྲིན་གཏོང་སྒྲིག་ཆས། འབྲོག་ཁུལ་གྱི་ཐོན་སྐྱེད་བཅས་ལ་གནོད་སྐྱོན་ཡོད་པས། འབྲེལ་ཡོད་ཚན་པས་བྱེད་ཐབས་སྤྱད་ནས་བདེ་འཇགས་ལ་འགན་སྲུང་བྱེད་དགོས།
3.ནགས་ཁུལ་དང་རྩྭ་ར། གྲོང་ཁུལ་བཅས་སུ་མེ་གཏོང་སྐབས་ཡིད་གཟབ་བྱས་ནས་མེ་སྐྱོན་སྔོན་འགོག་ལས་དོན་ལ་ཤུགས་སྣོན་རྒྱག་དགོས།
4.སྤྱི་དམངས་རྣམས་ཕྱི་འགྲོ་བྱེད་དགོས་ཚེ་དེ་བསྟུན་གྱི་སྔོན་འགོག་བྱ་ཐབས་སྤེལ་དགོས།
བསྐྱར་ཞུས། རྒྱལ་མཚན།
ཞུ་དག ཚེ་རིང་རྒྱ་མཚོ།
རྩོམ་སྒྲིག་པ། བཀྲ་ཤིས་ཚེ་རིང་།
ཡིག་སྒྱུར། བཀྲ་ཤིས་ཚེ་རིང་།
སྒྲ་འཇུག བཀྲ་ཤིས་ཚེ་རིང་།
ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་འཕྲིན་སྟེགས།(རྒྱ་ཡིག་)
ཡིག་སྒམ་ཨང་གྲངས།
གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།
ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།
རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།
ང་ཚོའི་བརྙན་ཐུང་རྟགས་ཅན་日喀则广播电视台ཟེར་བར་དོ་ཁུར་གནང་ནས་ངོ་མཚར་ལྟད་མོར་གཟིགས་དང་།