གཞིས་ཀ་རྩེ་གྲོང་ཁྱེར་གྱི་དགུན་ཁའི་ཚོང་འདུས་སྐབས་ཉི་ཤུ་པའི་བསམ་གྲུབ་རྩེ་ཆུས་ཀྱི་ཉོ་ཚོང་ཚོང་འདུས་བྱེད་སྒོའི་སྤྱི་བསྒྲགས།
རྒྱ་ཆེའི་ཚོང་དུད་དང་འཛད་སྤྱོད་པ་རྣམས་ལ།
གཅིག གཙོ་གཉེར་དང་སྒྲུབ་གཉེར་སྡེ་ཚན།
གཙོ་གཉེར་སྡེ་ཚན། གཞིས་ཀ་རྩེ་གྲོང་ཁྱེར་མི་དམངས་སྲིད་གཞུང་།
སྒྲུབ་གཉེར་སྡེ་ཚན། བསམ་གྲུབ་རྩེ་ཆུས་མི་དམངས་སྲིད་གཞུང་།
གཉིས། འགྲེམས་ཚོང་ཁྱབ་ཁོངས་དང་འགྲེམས་གནས་བཀོད་སྒྲིག
མི་རིགས་ཁྱད་ལྡན་ཐོན་རྫས་དང་ཞིང་ལས་ཐོན་རྫས། མི་རིགས་ལག་ཤེས་བཟོ་ལས་ཐོན་རྫས། རྒྱུན་མཁོའི་བརྒྱ་ཟོག ཁྱིམ་སྤྱོད་གློག་ཆསདང་ཁྱིམ་ཆས། ཐབ་ཚང་གི་ཡོ་ཆས། གྱོན་གོས་རིགས། གློག་རྡུལ་ཐོན་རྫས་སོགས་ཡོད། (གསལ་བཤད་བྱེད་རྒྱུར། ད་ཐེངས་ཚོང་འདུས་ཀྱི་འགྲེམས་སྟོན་ཁྱབ་ཁོངས་སུ་ཆེ་ཤ་ཆུང་ཤ་དང་རོལ་རྩེད་ཀྱི་ཐོན་རྫས་ཚུད་མེད་)ད་ཐེངས་ཚོང་འདུས་སུ་ཁྱོན་བསྡོམས་འགྲེམས་གནས་150བཙུགས་ཡོད།
གསུམ། རླངས་འཁོར་བསྡད་དེ་བསྐྱོད་པའི་ལམ་ཐིག
1.སྤྱི་སྤྱོད་རླངས་འཁོར། རྒྱ་ཆེའི་གྲོང་མི་རྣམ་པས་སྤྱི་སྤྱོད་རླངས་འཁོར་ཨང་ཀི་6པ་དང་8པར་བསྡད་ནས་དམངས་སྤྱོད་མཁའ་འགྲུལ་ས་ཚིགས་སུ་བབས་ཏེ་རྐང་ཐང་ལ་སྤྱི་གླིང་བཞི་པའི་ཚོང་འདུས་སུ་དངོས་ཟོག་ཉོ་བར་ཕེབས་ན་འགྲིག
2.རླངས་འཁོར་འཇོག་ས། རྒྱ་ཆེའི་གྲོང་མི་རྣམ་པས་ཚོང་འདུས་རིང་སྒེར་འཁོར་ཆིང་ཏའོ་ལམ་བསམ་གྲུབ་རྩེ་ཆུས་སྲིད་གཞུང་གི་ལས་ཤག་སྒོ་རའི་ནང་གི་རླངས་འཁོར་འཇོག་ས་དང་སྤྱི་གླིང་4པའི་འགྲམ་གྱི་ས་འོག་རླངས་འཁོར་འཇོག་སར་བཞག་ནས་ཚོང་འདུས་སུ་དངོས་ཟོག་ཉོ་བར་ཕེབས་ན་འགྲིག
བཞི། འབྲེལ་ཡོད་བླང་བྱ།
1.ཚོང་འདུས་རིང་། འགྲེམས་ཚོང་ནང་ཞུགས་མཁན་ཚོང་པ་ཁག་གིས་ངེས་པར་དུ་ཚོང་གཉེར་ལག་ཁྱེར་དགོས་པ་མ་ཟད་ངེས་པར་དུ་གོ་ཆོད་ལག་ཁྱེར་ཡིན་དགོས། ཚོང་འདུས་རིང་འགྲེམས་གནས་ལྐོག་ཚོང་རྒྱག་མི་ཆོག་ཅིང་དམིགས་བཙུགས་བྱས་པའི་འགྲེམས་གནས་ཕུད་པའི་ས་ཆ་གཞན་གང་དུའང་འགྲེམས་གནས་གང་བྱུང་དུ་བཟོ་མི་ཆོག དེ་དོན་འགྲེམས་གནས་བགོ་བཤའ་གཞིར་བཟུང་བོགས་གཏོང་གྲོས་འདོན་ཡི་གེ་བཞག་སྟེ་གོང་གསལ་ལས་འགལ་བའི་གནས་ཚུལ་ཐོན་ཚེ་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན།
2.ཚོང་འདུས་རིང་རོལ་རྩེད་རྒྱན་འཛུགས་དང་རྫུན་ལྷད་ཞན་གསུམ་གྱི་ཐོན་རྫས་ཚོང་འདུས་སུ་ཐོན་རྒྱུར་བཀག་སྡོམ་ནན་པོ་བྱས་ཏེ་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་རྒྱུ་མ་ཟད། དོ་བདག་གི་ཁྲིམས་ལུགས་འགན་འཁྲི་ཁྲིམས་ལྟར་རྩད་གཅོད་བྱ་རྒྱུ་ཡིན་པས། འགྲེམས་ཞུགས་ཚོང་པ་ཁག་གིས་ཁྲོམ་རའི་སྒྲིག་ལམ་ལ་སྲུང་བརྩི་ནན་པོ་ཞུ་དགོས་ཤིང་ཚན་པ་ཁག་གིས་ཞིབ་བཤེར་དང་འགྲེམས་ཚོགས་སྒྲུབ་གཉེར་བྱེད་མཁན་ཁེ་ལས་ཀྱི་ལས་དོན་ཁག་ལ་གཞོགས་འདེགས་ཡག་པོ་བྱེད་དགོས།
3.ཚོང་འདུས་རིང་། འགྲེམས་ཞུགས་ཚོང་པ་ཁག་གིས་མེ་ཟོན་དོ་དམ་གྱི་གཏན་འབེབས་གཞིར་བཟུང་མེ་གསོད་ཡོ་ཆས་ཆ་ཚང་བཀོད་སྒྲིག་བྱེད་དགོས་ཤིང་། གློག་སྐུད་གང་བྱུང་དུ་འཐེན་པ་དང་གློག་ཤུགས་ཆེ་བའི་གློག་ཆས་སྤྱོད་མི་ཆོག
4.འབྲེལ་གཏུག་མི་སྣ། ཕུར་བུ་རྡོ་རྗེ། 18389014469 ཚེ་བརྟན་ཆོས་གྲགས། 1770892611
བསམ་གྲུབ་རྩེ་ཆུས་མི་དམངས་སྲིད་གཞུང་ནས།
2024ལོའི་ཟླ་12པའི་ཚེས་18ཉིན།
བསྐྱར་ཞུས། རྒྱལ་མཚན།
ཞུ་དག ཚེ་རིང་རྒྱ་མཚོ།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།
སྒྲ་འཇུག ཚེ་སྒྲོན།
ཡོང་ཁུངས། བསམ་གྲུབ་རྩེ་ཁྱབ་བསྒྲགས།
ཡིག་སྒམ་ཨང་གྲངས།
གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།
ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།
རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།
ང་ཚོའི་བརྙན་ཐུང་རྟགས་ཅན་日喀则广播电视台ཟེར་བར་དོ་ཁུར་གནང་ནས་ངོ་མཚར་ལྟད་མོར་གཟིགས་དང་།