གཞིས་ཀ་རྩེའི་གྲོང་ཚོ་འདིར་དངུལ་སྒོར་ཁྲི་133ལྷག་་་

政务   2024-12-22 13:52   西藏  



   
    ཟླ་12ཚེས་18ཉིན། གམ་པ་རྫོང་ཞོལ་གྲོང་ཚོའི་རྩྭ་ཆུ་འཛོམས་པའི་ལུག་གསོའི་ཆེད་ལས་མཉམ་ལས་ཁང་གིས་2024ལོ་འཁོར་གྱི་ཡོང་འབབ་བགོ་འགྲེམས་རྒྱག་པའི་མཛད་སྒོ་གཟབ་རྒྱས་འཚོགས་ཤིང་། རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྡོད་ལས་དོན་གྱི་སྤྱི་ཁྱབ་རུ་སྣེ་འཁྲིད་མཁན་བཀྲ་ཕུན་དང་། གམ་པ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བུ་ཆུང་། རྫོང་ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཅུས་ཀྱི་ཆེད་ལས་མཉམ་ལས་གཞུང་ལས་ཁང་གི་འགན་འཁུར་བ་སྐལ་བཟང་ནོར་བུ་བཅས་དང་། གྲོང་ཚོ་ཨུ་ལྷན་གཉིས་ཀྱི་ཚན་ཁག་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི། དེ་བཞིན་མང་ཚོགས་སོགས་མི་110ལྷག་ཙམ་མཉམ་དུ་འཛོམས་ནས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་དང་འཕེལ་རྒྱས་ལས་བྱུང་བའི་ཁེ་ཕན་མཉམ་སྤྱོད་བྱས་པས། གྲོང་མིའི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་ཡོད་པ་རེད། 


    ཡོང་འབབ་བགོ་འགྲེམས་རྒྱག་པའི་མཛད་སྒོར་མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་དབང་འདུས་ཀྱིས། 2024ལོའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་གཏོང་ཡོང་ཁག་དང་དེ་བཞིན་མཉམ་ལས་ཁང་གི་གཉེར་སྐྱོང་གནས་ཚུལ། ཡོང་འབབ་བགོ་འགྲེམས་རྒྱག་པའི་གྲོས་ཆོད་དང་གསལ་ཐོ་ཞིབ་ཕྲ་བཅས་སྙན་སེང་ཞུས་པ་རེད། གྲོང་ཚོ་ཨུ་ལྷན་གཉིས་ཀྱིས་ཡོང་འབབ་མཉམ་སྤྱོད་དང་། ཡོངས་བསྒྲགས་ཞིབ་རྩིས། འདྲ་མཉམ་བགོ་འགྲེམས་བཅས་ཀྱི་རྩ་དོན་གཞིར་བཟུང་། 2024ལོའི་ལོ་འཁོར་དུ་ཁྱོན་ཡོང་འབབ་བགོ་འགྲེམས་ཐེངས་གསུམ་བརྒྱབ་པ་རེད། ཐེངས་དང་པོར་བལ་དང་རིལ་མ་བགོ་འགྲེམས་བརྒྱབ་པ་དངུལ་ལ་ཕབ་ན་སྒོར་ཁྲི་12.52ཟིན་པ་དང་། ཐེངས་གཉིས་པར་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོའི་རིང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ནས་ཚོགས་ཆུང་རེར་འཚམས་འདྲིའི་དངུལ་སྒོར་3200སྤྲད་པ་དང་དུད་སྦྲེལ་ཚན་པ་བཅུ་གཅིག་ལ་ཁྱོན་འཚམས་འདྲིའི་དངུལ་སྒོར་ཁྲི་3.52སྤྲད་ཡོད། ད་ཐེངས་ཡོང་འབབ་བགོ་འགྲེམས་རྒྱག་དུས་མ་རྐང་ནང་ཞུགས་པའི་བསྡུར་ཚད་ལྟར་ལུག་རེར་སྒོར་100དང་མི་རེར་སྒོར་100ཡིན་པར་ཁྱོན་སྒོར་ཁྲི་41.84བགོ་འགྲེམས་བརྒྱབ་པ་དང་། དོ་དམ་མི་སྣར་གླ་ཆ་སྒོར་ཁྲི་8དང་ལུག་འཚོ་མཁན་ལ་སྒོར་ཁྲི་56.72སྤྲད་ཡོད། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ནས་དུད་ཚང་རེར་ཡོང་འབབ་སྒོར་1000བགོ་འགྲེམས་བརྒྱབ་པ་དང་དཀའ་ངལ་ཡོད་པའི་དུད་ཚང་6ལ་དུད་ཚང་རེར་འཚམས་འདྲིའི་དངུལ་སྒོར་500སྤྲད་པར་ཁྱོན་སྒོར་ཁྲི་11ཟིན་པ་དང་། ལོ་འཁོར་མོར་ཡོང་འབབ་སྒོར་ཁྲི་133.55བགོ་འགྲེམས་བརྒྱབ་པས་མང་ཚོགས་ཀྱི་དུད་ཚང་107གྱི་མི་420ལ་ཕན་པ་ཐོབ་ཡོད་པ་རེད།  


    མཇུག་ཏུ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྡོད་ལས་དོན་གྱི་སྤྱི་ཁྱབ་རུ་སྣེ་འཁྲིད་མཁན་བློ་མཐུན་བཀྲ་ཕུན་གྱིས་མཉམ་ལས་ཁང་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་འབྲེལ། ཁོང་གིས། མཉམ་ལས་ཁང་གིས་ཞིང་འབྲོག་ཁུལ་གྱི་རྒྱུ་ནོར་མ་དངུལ་དུ་སྒྱུར་བ་དང་། མ་དངུལ་རྐང་དངུལ་དུ་སྒྱུར་བ། ཞིང་པ་རྐང་བདག་ཏུ་སྒྱུར་བ་བཅས་ཀྱི་སྒྱུར་གསུམ་གྱི་སྒྱུར་བཅོས་ལས་དོན་དོན་འཁྱོལ་བྱས་པ་དང་། ཞོལ་གྲོང་ཚོའི་གམ་པའི་ལུག་གསོ་ཚགས་དེ་ཞིང་ལས་ཆུང་བའི་དཔལ་འབྱོར”དང་ཁ་འགྲེམས་གཉེར་སྐྱོང་གི་སྲོལ་རྒྱུན་རྣམ་པ་ནས་ཐུན་མོང་ཕྱུག་འགྱུར་དང་དཔུང་སྒྲིལ་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་དང་ཐབས་ལམ་གསར་པ་ཞིག་ཏུ་འཕེལ་རྒྱས་ཧུར་ཐག་བཏང་ཡོད།
གོམ་སྟབས་རྗེས་མར་གྲོང་ཚོ་རེར་སྤུས་རྟགས་རེ་དང་ཤང་རེར་ལས་རིགས་རེ་ཡི་ཐོན་ལས་འཕེལ་རྒྱས་ཀྱི་གནས་སྟངས་མགྱོགས་མྱུར་ཆགས་པར་རྨང་གཞི་བརྟན་པོ་ཞིག་འདིང་རྒྱུ་ཡིན་ཞེས་བརྗོད་ཡོད། 

    ད་ཐེངས་ཀྱི་ཡོང་འབབ་བགོ་འགྲེམས་བརྒྱབ་པ་བརྒྱུད་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཆེ་རུ་སོང་ནས་ནང་སྐྱེས་སྒུལ་ཤུགས་དང་བདེ་སྐྱིད་འཚོ་བ་གཏོད་པའི་ཆོད་སེམས་དང་ཡིད་ཆེས་སྔར་བས་འཕེལ་ཡོད་པ་རེད།


བསྐྱར་ཞུས། རྒྱལ་མཚན།

ཞུ་དག བཀྲ་ཤིས་ཚེ་རིང་།  

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།

སྒྲ་འཇུག ཚེ་སྒྲོན།

ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།

ང་ཚོའི་བརྙན་ཐུང་རྟགས་ཅན་日喀则广播电视台ཟེར་བར་དོ་ཁུར་གནང་ནས་ངོ་མཚར་ལྟད་མོར་གཟིགས་དང་།





青稞视界
བརྗོད་དོན་གཙོ་བོ། བྱེད་ཕྱོགས་སྲིད་ཇུས། ཁྲིམས་ལུགས་ཁྱབ་གདལ། འཚོ་བའི་ཤེས་བྱ། སྲོལ་རྒྱུན་རིག་གནས་སོགས་དྲིལ་བསྒྲགས་བྱེད་པ།
 最新文章