ཚེ་ཐུང་དུ་འགྲོ་བའི་གོམས་གཤིས་ངན་པ་བཞི།

政务   2024-12-07 20:32   西藏  





འཚོ་བའི་གོམ་སྟབས་མགྱོགས་པའི་དུས་རབས་འདིར། ཁ་ལག་ཟ་རྒྱུའང་མགྱོགས་ཚད་འགྲན་པའི་འགྲན་ར་ལྟ་བུ་གྱུར་ཡོད། མི་མང་པོ་ཞིག་གིས་ཁ་ལག་ཐུན་གཅིག་སྐར་མ་གསུམ་ལྔའི་ནང་དུ་ཟས་ཚར་བ་བྱེད་ཀྱི་ཡོད།  འོན་ཀྱང་ཁ་ལག་ཞིབ་བལྡད་བྱ་རྒྱུ་དེ་བདེ་ཐང་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ། 

ཁ་ལག་ཟ་རྒྱུ་མང་དྲགས་ན་གཟུགས་པོར་གནོད་པ་ག་ཚོད་ཡོད་དམ།
1གཅིན་པ་མངར་འགྱུར་ནད་ཕོག་པའི་ཉེན་ཁ་ཆེ་རུ་གཏོང་བ། 

ང་ཚོས་ཁ་ལག་ཟ་དུས་ཁྲག་མངར་ནི་གཏན་འཇགས་མིན་པའི་ཚུལ་དུ་གནས་ཡོད་པས། དེས་ཤན་རྨེན་(胰腺ཁྲག་མངར་སྙོམ་སྒྲིག་བྱེད་མཁན་)གྱི་འགན་ཇེ་ལྗིད་དུ་གཏོང་གི་ཡོད་པས། རྟག་ཏུ་ཁ་ལག་ཟ་རྒྱུ་མགྱོགས་དྲགས་ན་གཤེར་མའི་ནུས་པ་ཞན་དུ་ཕྱིན་ནས་གཅིན་པ་མངར་འགྱུར་གྱི་ནད་སློང་སྲིད།ཞིབ་འཇུག་པས་མི་197825ལས་གྲུབ་པའི་ཚོགས་པ་ཆེ་གྲས་ཤིག་ལ་ལྟོ་ཆས་བཟའ་བའི་མགྱོགས་ཚད་དང་དེ་བཞིན་བཟའ་བཏུང་གི་གོམས་གཤིས་ཀྱིས་གཅིན་པ་མངར་འགྱུར་ནད་ལ་ཤུགས་རྐྱེན་ཐེབས་ཚུལ་བརྟག་དཔྱད་ཞིབ་འཇུག་བྱས་པ་རེད། འབྲས་བུ་ལས། ལྟོ་ཆས་དལ་པོ་ཟ་མཁན་དང་བསྡུར་ན། མགྱོགས་པོ་ཟ་མཁན་ལ་གཅིན་པ་མངར་འགྱུར་ནད་ཕོག་ཚད་ཅུང་མཐོ་བ་ཡོད་པ་ཤེས་རྟོགས་བྱུང་ཡོད།     

2 མཆིན་པར་གནོོད་འཚེ་གཏོང་བ། 

ཧྥུ་ཏན་སློབ་ཆེན་གྱི་འབྲེལ་ཡོད་ཞིབ་འཇུག་ཚོགས་པས་ཤེས་རྟོགས་བྱུང་བར་གཞིགས་ན། ཁ་ལག་བཟའ་བའི་དུས་ཚོད་སྐར་མ་5ལས་ཉུང་དྲགས་ན། རྙིང་ཚབ་གསར་བརྗེའི་ནུས་པར་གནོད་དེ་འབྲེལ་ཡོད་ཚིལ་ནད་རང་བཞིན་གྱི་མཆིན་ནད་MASLDཀྱི་ཉེན་ཁའང་མང་བ་ཡོད་པ་རེད།

3 སྙིང་ཁམས་ཁྲག་རྩའི་ནད་ཕོག་པའི་ཉེན་ཁ་ཆེ་རུ་འགྲོ་བ། 

དུས་དེབ་ཐོག་བཀོད་པའི་༼ འཚོ་བཅུད་རྒྱུ་ཆ་ ༽ ཞེས་པའི་ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ལྟར་ན། ལྟོ་ཆས་བཟའ་བའི་མགྱོགས་ཚད་དང་ཁྲག་ནང་གི་ཀན་སྣུམ་སན་ཀྲེ་(甘油三酯)ཡི་ཆུ་ཚད་མཐོ་བ་གཉིས་བར་ལ་འབྲེལ་བ་མངོན་གསལ་ཡོད་དེ། ལྟོ་ཆས་བཟའ་དལ་བའི་མི་དང་བསྡུར་ན། ལྟོ་ཆས་བཟའ་མགྱོགས་པའི་མིར་ཀན་སྣུམ་སན་ཀྲེའི་ཁྲག་ནད་ཕོག་ཚད་59%མཐོ་བ་ཡོད་པ་རེད། 

ཁ་ལག་ཟ་དུས་ཀྱི་གོམས་གཤིས་ངན་པ་གསུམ།

1 ཁ་ལག་ལ་ཚྭ་མང་དྲགས་པ། 

༼ཀྲུང་གོའི་སྡོད་དམངས་ཀྱི་ཞལ་ཟས་ཕྱོགས་སྟོན་(2022) ༽ ལྟར་ན། མི་དར་མས་ཉིན་རེར་ཚྭ་ཁེ་5(ཕལ་ཆེར་སྦི་རག་གི་ཁེབས་གཅོད་ཆེ་ཆུང་ཙམ་ཡིན་)ལས་བརྒལ་མི་རུང་མོད། འོན་ཀྱང་དོན་དངོས་འཚོ་བའི་ཁྲོད་དུ་མི་མང་བོ་ཞིག་གི་ཚྭ་ཟ་ཚད་དེ་བདེ་ཐང་གི་ཚད་གཞི་ལས་ཆེས་ཆེར་བརྒལ་ཡོད། དུས་ཡུན་རིང་པོ་ཚྭ་མང་དྲགས་ན་མཁལ་མའི་ནུས་པར་གནོད་སྐྱོན་ཐེབས་པ་དང་། ཁྲག་ཤེད་མཐོ་བ། དེ་མིན་སྙིང་ནད་སོགས་ཀྱི་གནད་དོན་མང་པོ་ཐོན་སྲིད།    

2 ཁ་ལག་ཚ་དྲགས་པ། 

ཚ་དྲགས་པའི་ཁ་ལག་ཟས་དྲགས་ན་ཁ་ནང་དང་མིད་པ། ཕོ་བ་བཅས་ལ་གནོད་པ་ཐེབས་ཤིང་། དུས་ཡུན་རིང་པོ་ཕྱིན་ཚེ། སྐྲན་ནད་འབྱུང་བའི་ཉེན་ཁའང་ཇེ་ཆེར་མཐོ་རུ་འགྲོ་བ་ཡིན།

3 ཁ་ལག་ལྷག་འཕྲོ་ཟ་རྒྱུ་གོམས་པ། 

ཟས་འཕྲོ་ཡང་ཡང་ཚ་པོ་བཟོས་ནས་བཟའ་ན་འཚོ་བཅུད་ཤོར་འགྲོ་ལ། ཐ་ན་གནོད་ལྡན་དངོས་རྫས་ཏེ་དཔེར་ན་ཟེ་སྐྱུར་ཚྭ་ཕལ་བ་(硝酸盐)ལྟ་བུར་གྱུར་ཏེ།  ཕོ་སྐྲན་དང་མིད་པའི་འབྲས་སྐྲན་སོགས་སུ་འགྱུར་བའི་ཉེན་ཁ་ཇེ་ཆེར་མཐོ་རུ་འགྲོ་གི་ཡོད།  

4 ཁ་པར་ལྟ་ཞོར་ཁ་ལག་ཟ་བ། 

མི་མང་པོ་ཞིག་གིས་ཁ་ལག་ཟ་བའི་སྐབས་སུ་ཁ་པར་ལ་ལྟ་བ་དང་བརྙན་འཕྲིན་ལྟ་གི་ཡོད། དེ་ལྟར་བྱས་ན་ཁ་ལག་ཟ་བའི་དུས་ཡུན་ཇེ་རིང་ལ་འགྲོ་བ་དང་། ལྟད་མོར་མགོ་གཡེངས་ཏེ་སྣང་བ་མེད་པར་ཟ་རྒྱུ་མང་དྲགས་ཏེ་རྒྱགས་པ་ཆགས་སྲིད།

ཁ་ལག་ཟ་བ་ནི་གྲོད་ཁོག་རྒྱགས་ཙམ་གྱི་ཆེད་དུ་མ་ཡིན། བཟའ་བཏུང་གི་གོམས་གཤིས་བཟང་པོ་ཞིག་རྒྱུན་འཁྱོངས་བྱེད་རྒྱུ་ནི་ང་ཚོའི་ལུས་ཁམས་བདེ་ཐང་ལ་སྐུལ་འདེད་གཏོང་བའི་གནད་གཙོ་བོ་ཞིག་ཡིན་པས། བདེ་ཐང་ཡོང་བར་བྱེད་པའི་གནད་འགག་ནི་གཤམ་གྱི་དེ་དག་ལ་ཐུག་ཡོད།

བདེ་ཐང་ངང་ཁ་ལག་ཟ་བའི་ཐབས་ཤེས།

1 ཁ་ལག་ཞིབ་མོར་བལྡད་དེ་ཟ་བ། 

༼ ཀྲུང་གོའི་སྡོད་དམངས་ཀྱི་ཞལ་ཟས་ཕྱོགས་སྟོན་(2022)གྱི་བསམ་འཆར་༽ ལྟར་ན། ཉིན་རེར་སྐར་མ་15ནས་20ཡི་ནང་དུ་ཞོགས་ཟས་ཟ་དགོས་ལ། གུང་ཟས་དང་དགོང་ཟས་ལ་སྐར་མ་30ཡས་མས་སྤྱོད་དགོས།

2 ཚ་དྲགས་པའི་ཁ་ལག་ཟ་རྒྱུ་མེད།

ཁ་ལག་ཟ་དུས་བྱིས་པ་དམར་འབྱར་ལ་ཟས་སྟེར་བ་ལྟར། ཚ་དྲགས་ཚེ་སྔོན་ལ་ཕུ་བརྒྱབ་པའམ་ཡང་ན་ཏོག་ཙམ་གྲང་རུ་བཅུག་སྟེ་དེ་ནས་ཟ་དགོས།

3 བཟའ་བཏུང་དོ་མཉམ་པའི་རྨང་གཞིའི་ཐོག ཚྭ་མང་བའི་ཟས་རིགས་ཉུང་ཙམ་ཟ་དགོས།

ཁ་ལག་ཟ་སྐབས་ཟས་རིགས་སྣ་མང་ཟ་དགོས་ཏེ། ཉིན་རེར་སྔོ་ཚལ་དང་ཤིང་ཏོག སྤྲི་དཀར་གྱི་རིགས། འབྲུ་རྩིང་གི་རིགས། བདེ་ཐང་ཚིལ་སོགས་ཟ་དགོས།

4 ཁ་ལག་ཟས་ཚར་རྗེས་ལམ་སེང་ཉལ་རྒྱུ་མེད་པར། འགུལ་སྐྱོད་འོས་འཚམ་བྱེད་དགོས།    

ཁ་ལག་ཟས་ཚར་རྗེས་ལམ་སེང་ཉལ་ཚེ་ཕོ་སྐྱུར་ལྡོག་རྒྱུག་བྱེད་སྲིད། ཁ་ལག་ཟས་ནས་སྐར་མ་30ཙམ་གྱི་རྗེས་འགུལ་སྐྱོད་འོས་འཚམ་བྱས་ཚེ་ཕོ་བ་དང་རྒྱུ་མར་ཕན།     

5 ཁ་ལག་ཟ་བའི་གོ་རིམ་ཡག་པོ་དགོས་ཏེ་སྔོན་ལ་དཀར་ཟས་དང་རྗེས་ལ་ཤ་རིགས་ཟ་དགོས། 

ཤ་སྔོན་ལ་ཟས་ཚེ་གྲོད་པ་འགྲངས་པའི་ཚོར་སྣང་ཤུགས་ཆེ་བས། སྔོ་ཚལ་ཟ་མི་ཐུབ་པར་འགྱུར་སྲིད། དེ་ལྟར་བྱས་ན་ཟས་ཀྱི་ཚི་སྣ་དང་འཚོ་བཅུད་སྣ་ཚོགས་མེད་པར་འགྱུར་སྲིད།

སྤྱིའི་ཆ་ནས་བཤད་ན། ཁ་ལག་ཟ་བ་ནི་སྐྱེ་ཁམས་ཀྱི་དགོས་མཁོ་སྐོང་བ་ཞིག་ཡིན་པ་མ་ཟད། འཚོ་བར་རོལ་སྟངས་ཤིག་ཀྱང་ཡིན་པས། ཁ་ལག་ཟ་བའི་མགྱོགས་ཚད་དང་གོམས་གཤིས་ཀྱིས་ཐད་ཀར་ང་ཚོའི་གཟུགས་པོའི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་པ་དང་། ལྷག་པར་དུ་ང་ཚོའི་རྙིང་ཚབ་གསར་བརྗེ་དང་ཟས་འཇུ་བ། གཟུགས་པོའི་ལྗིད་ཚད་དོ་དམ་བྱེད་པ་བཅས་ལ་ཡང་ཤུགས་རྐྱེན་ཐེབས་སྲིད། ཁ་ལག་དལ་པོར་ཟ་བ་དང་། འཚོ་བཅུད་དོ་སྙོམས་པ། ཁ་ལག་ཟ་བའི་གོ་རིམ་ལེགས་སྒྲིག་བཅས་བྱས་ཚེ། གཞི་ནས་འཚོ་བའི་ཁྲོད་བདེ་ཐང་གི་སྤུས་ཚད་ལེགས་སུ་གཏོང་ཐུབ།

བསྐྱར་ཞུས། རྒྱལ་མཚན།

ཞུ་དག བཀྲ་ཤིས་ཚེ་རིང་།  

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།

ཡིག་སྒྱུར། ཚེ་རིང་སྒྲོལ་མ།

སྒྲ་འཇུག ཚེ་སྒྲོན།

ཡོང་ཁུངས། བདེ་ཐང་ཀྲུང་གོ 


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།

ང་ཚོའི་བརྙན་ཐུང་རྟགས་ཅན་日喀则广播电视台ཟེར་བར་དོ་ཁུར་གནང་ནས་ངོ་མཚར་ལྟད་མོར་གཟིགས་དང་།





青稞视界
བརྗོད་དོན་གཙོ་བོ། བྱེད་ཕྱོགས་སྲིད་ཇུས། ཁྲིམས་ལུགས་ཁྱབ་གདལ། འཚོ་བའི་ཤེས་བྱ། སྲོལ་རྒྱུན་རིག་གནས་སོགས་དྲིལ་བསྒྲགས་བྱེད་པ།
 最新文章