ནང་ཆེན་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཁོར་ཡུག་འཕྲོད་བསྟེན་གྱི་ལས་བཟོ་བ་ལ་གཅེས་སེམས་སྲིང་བལ་གྱོན་གོས་སྤྲད་པའི་མཛད་སྒོ་སྤེལ་བ།
འདྲེན་ཚིག འཐབ་ཕྱོགས་དང་པོ་ཁོར་ཡུག་འཕྲོད་བསྟེན་གྱི་ལས་བཟོ་བ་ལ་གྲང་འགོག་འཁྱག་འགོག་གི་ལས་དོན་སྔར་བས་ཡག་པོ་སྒྲུབ་ཆེད། ཟླ་11པའི་ཚེས་5ཉིན་ནང་ཆེན་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཁོར་ཡུག་འཕྲོད་བསྟེན་གྱི་ལས་བཟོ་བ་ལ་གཅེས་སེམས་སྲིང་བལ་གྱོན་གོས་སྤྲད་པའི་མཛད་སྒོ་སྤེལ་ནས་རྫོང་ཡོངས་ཀྱི་ཁོར་ཡུག་འཕྲོད་བསྟེན་ལས་བཟོ་བ་ལ་དགུན་དུས་ཀྱི་དྲོད་སྲུང་སྲིང་བལ་གྱོན་གོས་210སྤྲད་པ་རེད། རྫོང་ཨུད་ཀྱི་རྒྱུན་ཨུ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཚོ་དགའ། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ། ཤར་མདའ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཧོ་ཧྥ་ཁྲུན་མཛད་སྒོར་ཞུགས་ཡོད་པ་རེད།དངོས་གཞི། མཛད་སྒོའི་ཐོག་མཚོ་དགའ་ཡིས་དགུན་དུས་ཤར་བ་དང་ཆབས་ཅིག་ཏུ་གནམ་གཤིས་ཀྱང་ཇེ་འཁྱག་ཏུ་འགྲོ་བཞིན་ཡོད་པས། ཁོར་ཡུག་འཕྲོད་བསྟེན་གྱི་ལས་བཟོ་བའི་གྲང་འགོག་དྲོད་སྲུང་ལས་དོན་ནི་དེ་བས་གལ་འགངས་ཆེ་བ་ཞིག་ཡིན་པས། བཟོ་ཚོགས་རྩ་འཛུགས་ནི་ལས་བཟོ་པའི་“ཁྱིམ་མི་”ཞིག་ཡིན་པའི་ངོས་ནས་ཁོར་ཡུག་འཕྲོད་བསྟེན་གྱི་ལས་བཟོ་བའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱས་པ་རེད། ད་ཐེངས་གཅེས་སེམས་སྲིང་བལ་གྱོན་གོས་སྤྲད་པའི་དམིགས་ཡུལ་ནི་ཁོང་ཚོ་ལ་གྲང་ངར་འགོག་ཐུབ་པ་དང་སོ་སོའི་ལས་ཀའི་ཁྲོད་ལ་ཧུར་ཐག་ཞུགས་ཏེ་དེ་བས་མཛེས་སྡུག་ལྡན་པ་དང་ཞི་འཇམ་གྱི་སྡོད་གནས། འཚོ་བའི་ཁོར་ཡུག་གཏོད་ཆེད་རང་ཉིད་ཀྱི་སྟོབས་ཤུགས་འབུལ་རྒྱུ་དེ་ཡིན་ཞེས་བཤད།ཁོར་ཡུག་འཕྲོད་བསྟེན་གྱི་ལས་བཟོ་བ་ཚོས་བཤད་རྒྱུར་གཅེས་སེམས་སྲིང་བལ་གྱོན་གོས་དེས་ཁོང་ཚོའི་གཟུགས་པོ་ལ་དྲོ་སྐྱིད་སྦྱིན་པར་མ་ཟད། ཁོང་ཚོའི་སེམས་ལ་ཡང་དྲོ་སྐྱིད་སྦྱིན་བྱུང་ཞེས་བཤད། དེ་བཞིན་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་བརྩེ་བ་ཟབ་མོ་ཚོར་ཐུབ་པར་མ་ཟད། བཟོ་ཚོགས་“ཁྱིམ་མིའི”དྲོ་སྐྱིད་དང་སྙིང་ཉེ་དེ་ཚོར་ཐུབ་པ་བྱུང་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།གོམ་སྟབས་རྗེས་མར་ནང་ཆེན་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཁོར་ཡུག་འཕྲོད་བསྟེན་གྱི་ལས་བཟོ་བ་ལ་གཅེས་སྐྱོང་བྱ་རྒྱུ་དེ་ནི་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་ཡག་པོ་བྱས་ཏེ་ཁོར་ཡུག་འཕྲོད་བསྟེན་གྱི་ལས་བཟོ་བ་ལ་ཕན་བདེའི་ཐོབ་ཐང་དང་ལས་ཀའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་གཏོང་ནས་རྫོང་ཡོངས་སུ་ཁོར་ཡུག་འཕྲོད་བསྟེན་གྱི་ལས་བཟོ་བ་ལ་བརྩི་འཇོག་དང་ཁོང་ཚོའི་ངལ་རྩོལ་གྲུབ་འབྲས་ལ་གཅེས་སྤྲས་བྱེད་པའི་རྣམ་པ་བཟང་པོ་ཞིག་བཏོད་དེ་ཁོང་ཚོར་གཏོགས་སེམས་དང་བདེ་སྐྱིད་ཚོར་སེམས་དེ་བས་མང་བ་ཡོང་བ་བྱ་རྒྱུ་ཡིན་པ་རེད།