༢༠༢༤ལོའི་ཟླ༡༡པའི་ཚེས༡༢ཉིན།༼ནང་ཆེན་བོད་སྐད་གསར་འགྱུར༽༼གཅིག༽

政务   2024-11-12 21:48   青海  

ནང་ཆེན་རྫོང་གིས་ཞིང་འབྲོག་ལས་ཀ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་པ།

འདྲེན་ཚིག  ཟླ་11པའི་ཚེས་4ཉིན་ནང་ཆེན་རྫོང་གིས་ཞིང་འབྲོག་ལས་ཀའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་ནསཞིང་གསུམལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཀྲུང་དབྱང་དང་།  ཞིང་ཆེན།   ཁུལ་བཅས་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་དང་།  ལོ་འཁོར་གྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱས་ཚུལ་གྲལ་བཤེར་ཕྱོགས་སྡོམ་དང་།   གོམ་སྟབས་རྗེས་མའི་ཞིང་འབྲོག་ལས་ཀའི་གཙོ་གནད་ལས་འགན་བཀོད་སྒྲིག་བཅས་བྱས་པ་རེད།  རྫོང་ཨུད་ཀྱི་ཧྲུའུ་ཅི་ཧྲི་ཏ་ཚུན་ཚོགས་འདུར་ཕེབས་པ་དང་གསུང་བཤད་ཀྱང་གནང་བ་རེད།  རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་ཤེས་རབ་རྒྱ་མཚོས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

དངོས་གཞི།  ཚོགས་འདུའི་ཐོག་རྫོང་ཡོངས་ཀྱི་གོང་འོག་ཚང་མས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིལོ་གཅིག་ལ་ཚད་བརྒལ་ཡོང་བ་དང་།  ལོ་གཉིས་ལ་མཁོ་སྤྲོད་བརྟན་པོ་ཡོང་བ།  ལོ་གསུམ་ལ་ཕན་འབྲས་ཆེ་རུ་གཏོང་བབཅས་ཀྱི་དམིགས་ཚད་གཞིར་བཟུང་ནས་ཞིང་ཨུད་ཀྱིལས་བྱེད་པས་ལས་ཀ་བྱེད་པ་དང་།  བསམ་ཕྱོགས་གསལ་བོར་བཟོ་བ།  རང་གཅུན་ནན་པོ་བྱེད་པབཅས་ཀྱི་བླང་བྱ་ལག་བསྟར་གཏིང་ཟབ་བྱེད་པ་དང་།དམ་འཛིན་དང་།  ཞིབ་ཚགས།  ནན་པོབཅས་ཀྱི་ལས་ཀའི་རྣམ་པ་རྒྱུན་འཁྱོངས་བྱེད་པ།   རྒྱུན་ཆད་མེད་པར་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ།  ལས་ཀའི་བསམ་ཕྱོགས་གསལ་པོ་བཟོ་བ་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་སྐྱེ་ཁམས་ཞིང་འབྲོག་ལས་ཀ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཇུས་བཟང་ལ་ཐུན་མོང་ཐོག་ནས་ཞིབ་འཇུག་བྱེད་པ་དང་།  ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་བཀོད་སྒྲིག་དང་།  འཕེལ་རྒྱས་ཀྱི་བསམ་ཕྱོགས།  མངོན་འགྱུར་ཐབས་ལམ་བཅས་ཐུན་མོང་ཐོག་ནས་ཇུས་འགོད་བྱེད་པ།  ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་ས་བདག་མཁོ་འདོན་ཁུལ་ཧུར་ཐག་གཏོད་པ་བཅས་བྱས་ཡོད། ཡུས་ཧྲུའུ་ཁུལ་གྱི་སྐྱེ་ཁམས་ཞིང་འབྲོག་ལས་ཀ་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་གཏོང་བའི་ལག་བསྟར་ཇུས་གཞིདངལོ་གསུམ་གྱི་བྱ་སྤྱོད་འཆར་གཞིདོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན།  གྲུབ་འབྲས་ལ་ཁས་ལེན་བྱེད་པ་དང་ཆབས་ཅིག་ཏུ་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་དང་བསྡུར་ནས་རྫོང་ཡོངས་ཀྱི་ཞིང་འབྲོག་ལས་ཀའི་འཕེལ་རྒྱས་ལ་ཞན་ཆ་དང་གནད་དོན་ཁག་གཅིག་འཕྲད་ཡོད་པ་སྟེ།   ཞང་གྲོང་ཁག་དང་སྡེ་ཚན་ཁག་གིས་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་ཐུབ་པ་བྱས་ཏེམིག་མང་འགྲིག་སྐོར་གཅིགགི་བསམ་བློ་བརྟན་པོ་འཛུགས་པ་དང་།  བློ་བརྟན་འགྱུར་མེད་ཀྱིསཞིང་གསུམལས་དོན་དེ་གལ་ཆེའི་ནང་གི་འགངས་ཆེར་འཇོག་པ།  བསམ་བློ་དང་བྱ་སྤྱོད་དེ་ གིསཞིང་གསུམལས་དོན་ཐད་ལ་གནང་བའི་གལ་ཆེའི་མཛུབ་སྟོན་དང་མཆན་འགོད་ཐོག་རང་རྟོགས་ངང་གཅིག་གྱུར་ཡོང་བ་བྱེད་པ།  ཀྲུང་དབྱང་དང་།  ཞིང་ཆེན།  ཁུལ་བཅས་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་གྱི་ངོ་བོ་དང་།  སྲིད་ཇུས་ཀྱི་ཁྲིད་སྟོན།  ལག་ལེན་གྱི་བླང་བྱ་བཅས་ཁོང་དུ་ཆུད་པ་བྱེད་པ།   དོན་དངོས་ལ་གཞི་ཚུགས་པ་དང་།  གཙོ་གནད་ལས་འགན་ལ་དམ་འཛིན་ཏན་ཏིག་བཅས་བྱས་ཏེ་འདེབས་འཛུགས་གྲུབ་ཆ་ལེགས་སྒྲིག་དང་།  ཐོན་ཁུངས་ཁག་སྡེབ་སྒྲིག   ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།   ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བ་བཅས་ཇི་ལྟར་བྱས་ཏེ་ཞིང་པར་བརྟེན་ནས་འབྲོག་ལ་ཁ་གསབ་དང་།   འབྲོག་པར་བརྟེན་ནས་ཞིང་པར་ཕན་འདོགས་པ།   གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བ་བཅས་བྱེད་པའི་ཐད་ལ་ཇུས་འགོད་མང་ཙམ་དང་།   བསམ་བློ་མང་ཙམ།ཐབས་ཤེས་མང་ཙམ་འདོན་པ་བཅས་བྱས་ནས་རྫོང་ཡོངས་ཀྱི་ཞིང་འབྲོག་ལས་ཀའི་ལས་དོན་ཁག་ལ་ཚད་བརྒལ་གསར་པ་ཡོང་བའི་འགན་ལེན་བྱེད་དགོས།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན།  ཚན་རྩལ་ལ་བརྟེན་ནས་ཞིང་ལས་སྟོབས་ཆེར་གཏོང་རྒྱུར་དམ་འཛིན་ཡག་པོ་བྱེད་པ་དང་།  ཞིང་ལས་སྐྱེ་དངོས་ཀྱི་སྣ་ཁ་གསར་པ་དང་ལག་རྩལ་གསར་པ་ཁྱབ་གདལ་བེད་སྤྱོད་བྱ་ཤུགས་ཆེ་རུ་གཏོང་བ།  རྨོ་ཞིང་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ།  ཞིང་འཕྲུལ་གྱི་ལས་སྒྲུབ་སྤུས་ཚད་མཐོ་རུ་ཤུགས་ཆེན་གཏོང་བ།ནུས་ཤུགས་ཡོད་རྒུས་འབྲུ་རིགས་བདེ་འཇགས་འགན་ལེན་བཅས་བྱས་ནས་ཞིང་ལས་ཐོན་སྐྱེད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་པ ཞིང་ལས་དང་།  ལུས་རྩལ།  རིག་གནས།  ཡུལ་སྐོར།  ཚོང་ལསབཅས་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་དང་།  ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་ས་བདག་གི་མཁོ་འདོན་ཁུལ་གཏོད་པའི་གོ་སྐབས་ལ་དམ་པོར་དམིགས་པ།ཡུས་ཧྲུའུ་ཡི་འབྲི་གཡགས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་གཙོ་ཁྲིད་དུ་བྱེད་པ།  པེ་ཅིན་གྱི་རོགས་སྐྲུན་དང་ཤར་ནུབ་རྒྱུད་ཀྱི་མཉམ་ལས་སོགས་ཀྱི་གོ་སྐབས་གལ་ཆེན་ཁོང་དུ་བརྟན་པོ་ཆུད་པ་བཅས་བྱས་ནས་འཛད་སྤྱོད་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  བྲིན་ཚོང་ཐབས་ལམ་དང་ལས་སྟེགས་རྒྱ་ཆེར་གཏོང་བ།  ཁྲོམ་རའི་མཁོ་སྤྲོད་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་ངང་ཞིང་པ་དང་འབྲོག་པའི་ཡོང་འབབ་མང་དུ་གཏོང་དགོས།  ནོར་ལུག་གི་འགན་བཅོལ་དང་བཤས་ཁོངས་སུ་གཏོང་བའི་བྱ་དགའ་སྤྲོད་ཐབས་སོགས་ཞིང་ཕན་ཕྱུགས་ཕན་གྱི་སྲིད་ཇུས་སྒྲོག་འགྲེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  རྩྭ་ཐང་ཐོག་ཏུ་དུས་བཞིའི་རྩྭ་ཁ་རེས་སྐོར་དང་།  ཕྱུགས་རིགས་འཚོ་བ།  གཟན་ཆས་ཁ་གསབ་སྤྲོད་སྟངས།ཟླ་རེ་བཤས་ཁོངས་སུ་གཏོང་བསོགས་ཀྱི་བྱེད་ཐབས་ཁྱབ་གདལ་གཏིང་ཟབ་གཏོང་བ།  ཞིང་འབྲོག་དུད་ཚང་གི་བསམ་བློའི་འདུ་ཤེས་བསྒྱུར་རྒྱུར་ཁྲིད་སྟོན་བྱེད་པ།  ཁྲོམ་རའི་ཆོས་ཉིད་གསལ་པོ་བཤད་པ།  ཞིང་འབྲོག་མང་ཚོགས་ཚོས་སྔ་ཙམ་བཤས་ཁོངས་སུ་གཏོང་བ།   མགྱོགས་མྱུར་ངང་བཤས་ཁོངས་སུ་གཏོང་བ།  གྲངས་མང་པོ་བཤས་ཁོངས་སུ་གཏོང་བ་བཅས་ལ་ལྕག་སྐུལ་དང་ཁྲིད་སྟོན་བཅས་བྱེད་དགོས།  གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་།   ཚད་གཞིའི་མ་ལག་འཐུས་ཚང་འཛུགས་རྒྱུར་མཐོང་ཆེན་བྱེད་པ།ནག་པོ་གསུམ་དང་དམར་པོ་གཅིགགིས་མཚོན་པའི་ཁྱད་ལྡན་ཐོན་རྫས་ལ་དམིགས་ཏེ་ཟུར་བསྣན་རིན་ཐང་མཐོ་བའི་ཞིང་འབྲོག་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་།  གཞི་ཁྱོན་ཅན་གྱི་ཐོན་སྐྱེད།  ཚད་ལྡན་ཅན་གྱི་བཟོ་སྣོན།  ཚད་ལྡན་ཅན་གྱི་ཕྱིར་ཚོང་བཅས་ཀྱི་འཕེལ་རིམ་མགྱོགས་སུ་གཏོང་བ།དམིགས་ཚད་གསུམ་གཅིག་ཏུ་སྒྲིལབའི་བྱེད་ཐབས་ཁྱབ་སྤེལ་གཏོང་བ་བཅས་བྱས་ནས་འདི་ལོར་ཐོབ་ཟིན་པའི་ལྗང་མདོག་སྐྱེ་ལྡན་གྱི་ཁས་ལེན་ལས་དོན་ཁག་53རྨང་གཞིའི་ཐོག་ ཐོན་རྫས་གསུམ་དང་མཚོན་རྟགས་གཅིགདང་ལྗང་མདོག་སྐྱེ་ལྡན་གྱི་བདེན་དཔང་ར་སྤྲོད་ལས་དོན་ལ་མུ་མཐུད་དུ་ཤུགས་སྣོན་བརྒྱབ་ནས་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་རྒྱུ་ཡིན་པ་རེད།  སྲིད་ཇུས་ཀྱི་ཁེ་སྤོགས་གནད་སྨིན་ངང་སྟངས་འཛིན་བྱེད་པ་དང་།  རྫོང་ཁོངས་ཐོན་ཁུངས་རང་སྤུས་ལ་གཞི་ཚུགས་པ།  གྲོང་གསེབ་དར་རྒྱས་ཀྱི་སྦྲེལ་མཐུད་མ་དངུལ་དང་།  ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ།  མཚོ་སྔོན་ལ་རོགས་སྐྱོར་མ་དངུལ་བཅས་སྔར་བས་བསྡུ་སྒྲིལ་དང་སྤྱི་འདོམས་བྱེད་པ།  ཞིང་འབྲོག་ལས་ཀ་འཕེལ་རྒྱས་ལ་ནོར་སྲིད་ཀྱི་གཏོང་ཆ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་ཞིང་འབྲོག་ལས་ཀ་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་དགོས་ཞེས་གསུངས་པ་རེད། ཁྲི་སྟོང་འདུ་འགོདཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་གཏིང་ཟབ་བྱས་ཏེ་སྣེ་ཁྲིད་དུ་བྱས་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དེཞིང་གསུམལས་དོན་གྱི་སྤྱིའི་དམ་འཛིན་བྱ་གཞིར་བརྩིས་ནས་ཐོན་འབབ་བརྟན་པོ་དང་མཁོ་སྤྲོད་འགན་ལེན།  རྨོ་ཞིང་སྲུང་སྐྱོང་།  ཞིང་འབྲོག་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད།  གེགས་འགོག་གེགས་སེལ།  ཐོན་ལས་རོགས་སྐྱོར།  དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་སོགས་ཀྱི་གཙོ་གནད་ལས་དོན་ལ་དམིགས་ཏེ་འགན་འཁྲི་ཁག་བགོས་ཞིབ་ཚགས་སུ་གཏོང་བ་དང་།   འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ།  གསར་འབྱེད་གསར་གཏོད་ཧུར་ཐག་བྱེད་པ།   ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ནས་ལོ་འཁོར་གྱི་ལས་འགན་དང་དམིགས་ཚད་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཚོགས་འདུའི་ཐོགཞིང་གསུམལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེང་པ།2024ལོའི་ལོ་འཁོར་གྱི་ནང་ཆེན་རྫོང་གི་ནོར་ལུག་བཤས་ཁོངས་སུ་གཏོང་བའི་ཚད་ལ་སྐུལ་འདེད་གཏོང་བའི་བྱ་ཐབསགསལ་འགྲེལ་བྱས་པ།   ཞང་གྲོང་ཁག་གི་འགན་འཁུར་བློ་མཐུན་གཙོ་བོས་ཕྱུགས་རིགས་བཤས་ཁོངས སུ་གཏོང་བའི་ཚད་ལ་དམིགས་ནས་སྤེལ་རེས་གཏམ་བཤད་བྱས་པ་རེད།

རྫོང་དེ་ཡོངས་ཀྱི་རྫོང་རིམ་པ་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་།   ཞང་གྲོང་ཁག་དང་།  རྫོང་ཨུད་ཀྱི་སྡེ་ཚན་ཁག   རྫོང་ཐད་གཏོགས་ཚན་པ་ཁག   མི་དམངས་ཚོགས་པ་ཁག་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས་ཡོད་པ་རེད།





微信号 :nqws2022

● 扫码关注我们

总监制/普巴才仁/监制/久美旺加

审核/久美旺加/编辑/索南巴丁  

邮箱:3035885499@qq.com

电话:0976-8877227




 最新文章