བོད་རིགས་བུ་མོ་ཞིག་གི་ཆེད་དུ། དབྱི་རིགས་ཕོ་གཞོན་འདིས་་་་་་་་་

政务   2024-10-25 21:33   西藏  





                                      

སི་ཁྲོན་ལེའང་ཧྲན་ཁུལ་ནས་ཡིན་པའི་ཧི་ཧ་ལ་ཧེ་ནི་ད་ལོ་ལོ་24ལ་སོན་པའི་ཕོ་གསར་ཞིག་རེད། ཁོང་སློབ་ཆེན་འགྲིམ་སྐབས་ཁ་འབྲས་མཚར་བའི་བོད་རིགས་བུ་མོ་ཞིག་དང་དགའ་རོགས་བསྒྲིགས་ཤིང་།  བརྩེ་བའི་དགའ་རོགས་དང་ཐུན་མོང་གི་སྐད་ཆ་ཡོང་ཆེད། སྤྱི་ལོ་2023ལོའི་ཟླ་9པར་ཁོང་གིས་དངོས་སུ་བོད་སྐད་ཡིག་སློབ་སྦྱོང་བྱེད་འགོ་ཚུགས། དུས་དེ་ནས་བཟུང་། ཁྲེང་ཏུའུ་གྲོང་ཁྱེར་ཝུའུ་ཧོའུ་ཁུལ་གྱི་བོད་ཡིག་དཔེ་ཚོང་ཁང་དེ་ཁོང་རྒྱུན་དུ་འགྲོ་སའི་ས་ཆ་ཞིག་ལ་གྱུར་བ་རེད། 

ཁོང་གི་ངོས་ནས་བརྗོད་ན། དང་ཐོག་བོད་ཡིག་ཀློག་སྟངས་དེ་དཀའ་གནད་ཆེ་ཤོས་ཤིག་རེད། བོད་ཡིག་གསལ་བྱེད་གཅིག་གི་སྒྲ་འདོན་སྟངས་སློབ་སྦྱོང་བྱེད་པར་ཉིན་གཅིག་ནས་གཉིས་བར་འགོར་གྱི་ཡོད། སློབ་སྦྱོང་གི་ཕན་ནུས་ཆེ་རུ་གཏོང་ཆེད། ཁོང་གིས་ལས་ཞོར་གྱི་དུས་ཚོད་སྤྱད་དེ་བོད་ཡིག་དེབ་བལྟ་བ་དང་། དྲ་ཐོག་ནས་བོད་སྐད་བརྙན་ལམ་བལྟ་བ། བོད་རིགས་ཀྱི་གྲོགས་པོ་སྒྲིག་པ་སོགས་བྱས་ཏེ་བོད་ཡིག་གི་ཐ་སྙད་དང་བརྡ་སྤྲོད་ལ་དཀའ་བ་བརྒྱ་དང་འབད་པ་སྟོང་གིས་སློབ་སྦྱོང་བྱེད་ཀྱི་ཡོད། 

བོད་ཡིག་གི་དཔེ་དེབ་རེ་རེ་དང་། དྲ་ཐོག་གི་སློབ་ཚན་རེ་རེ་ལས་ཁོང་གིས་བོད་ཀྱི་རིག་གནས་ལ་དད་ཞེན་དང་། བོད་རིགས་བུ་མོར་བཅངས་པའི་ལྷད་མེད་བརྩེ་དུང་མཚོན་ནུས།  ད་ཆ་ཧི་ཧ་ལ་ཧེས་བོད་ཡིག་ཀ་མད་30ཆ་ཚང་ཀློག་ཐུབ་པ་མ་ཟད། ད་དུང་སྦྱོར་ཀློག་ཀྱང་ཐུབ་ཀྱི་ཡོད་ལ། སྟབས་བདེའི་བརྗོད་པ་ཡང་བཟོ་ཐུབ་ཀྱི་ཡོད། 

བོད་ཡིག་སྦྱོང་བའི་བརྙན་ལམ་དྲ་ཐོག་ཏུ་སྤེལ་བའི་རྒྱུ་མཚན་སྐོར་འདྲི་སྐབས། ཧི་ཧ་ལ་ཧེས་བརྩེ་དུང་གི་རྐྱེན་པས་ངས་བོད་ཡིག་སྦྱོང་འགོ་ཚུགས་པ་ཡིན། ངའི་བསམ་པར་དེ་ནི་དོན་སྙིང་ཧ་ཅང་ཆེ་བའི་བྱ་བ་ཞིག་རེད། བོད་ཡིག་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་དེ་དག་ངས་དྲ་ཐོག་ཏུ་བཞག་ནས་ཟིན་ཐོར་འགོད་དགོས་སྙམ། བསམ་ཡུལ་ལས་འདས་པ་ཞིག་ལ་དྲ་གྲོགས་མང་པོ་ཞིག་གི་དགའ་བསུ་དང་སྐུལ་ལྕག་ཐོབ་བྱུང་། ཚང་མས་ངའི་བོད་ཡིག་ཀློག་སྟངས་ཚད་ལྡན་རེད་ཅེས་བསྔགས་བརྗོད་བྱེད་ཀྱི་འདུག  དེ་ནི་ངས་ཉིན་ལྟར་བོད་ཡིག་སློབ་སྦྱོང་གི་རྒྱུན་སྐྱོང་བའི་སྒུལ་ཤུགས་ཤིག་ཏུ་གྱུར་སོང་ཞེས་བཤད། ཁོང་གིས། ངའི་དམིགས་ཡུལ་ནི་བོད་སྐད་ཆུ་རྒྱུག་རྒྱུག་ཤོད་ཐུབ་པ་མ་ཟད། བོད་ཡིག་ཚགས་པར་ཡང་བལྟ་ཀློག་ཐུབ་པ་བྱ་རྒྱུ་དེ་ཡིན། ད་ཆ་ལས་བྲེལ་ཆེ་བའི་དབང་གིས་ཉིན་ལྟར་བོད་ཡིག་སློབ་སྦྱོང་བྱེད་པའི་དུས་ཚོད་ཆུ་ཚོད་གཅིག་ལས་མེད་མོད། འོན་ཀྱང་ངས་མཚམས་འཇོག་གཏན་ནས་བྱེད་མི་སྲིད། ནམ་ཞིག་ཕུགས་འདུན་མངོན་འགྱུར་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད་ཅེས་སེམས་འགུལ་ཆེན་པོས་བཤད། 

 ཧི་ཧ་ལ་ཧེའི་མིག་ནང་ལྷ་ས་ནི་འཛམ་གླིང་འདིའི་ཐོག་ཆེས་ཡིད་དབང་འཕྲོག་ཤོས་ཀྱི་གྲོང་ཁྱེར་ཞིག་ཡིན་པ་དང་། ཕོ་བྲང་པོ་ཏ་ལ་ནི་ཁོང་གི་བློ་སེམས་འཁོར་ས་ཞིག་ཡིན། ཁོང་གིས་དུས་ནམ་ཞིག་རང་གི་སྙིང་ནས་བརྩེ་བའི་དགའ་རོགས་ཀྱི་ལག་པ་འཇུས་ནས་དཔུང་པ་མཉམ་གཤིབ་ངང་བོད་ལྗོངས་ཀྱི་ཡུལ་སྲོལ་གོམས་འདྲིས་ཉམས་ལེན་བྱེད་པར་འགྲོ་འདོད་ཆེན་པོ་བྱེད་ཀྱི་ཡོད། 

དབྱི་རིགས་ཀྱི་ཕོ་གཞོན་ཧི་ཧ་ལ་ཧེ་དང་ཁོང་དགའ་བའི་བོད་རིགས་བུ་མོའི་བརྩེ་དུང་གི་གཏམ་རྒྱུད། ད་དུང་བརྩེ་དུང་གི་སྟོབས་ཤུགས་དེའི་དབང་གིས་ཁོང་དང་བོད་སྐད་ཡིག་དབར་གྱི་མཛའ་འབྲེལ་ཟབ་མོ་དེ་ཆུ་མོ་ཡར་ཀླུང་གཙང་པོ་བཞིན། རི་བོ་ཇོ་མོ་གླང་མ་བཞིན་དུས་ནམ་ཡང་གནས་ངེས་ཡིན།  

བསྐྱར་ཞུས། རྒྱལ་མཚན།

ཞུ་དག ཚེ་རིང་རྒྱ་མཚོ།  

རྩོམ་སྒྲིག་པ། བཀྲ་ཤིས་ཚེ་རིང་།  

སྒྲ་འཇུག ཚེ་སྒྲོན།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།

ང་ཚོའི་བརྙན་ཐུང་རྟགས་ཅན་日喀则广播电视台ཟེར་བར་དོ་ཁུར་གནང་ནས་ངོ་མཚར་ལྟད་མོར་གཟིགས་དང་།





青稞视界
བརྗོད་དོན་གཙོ་བོ། བྱེད་ཕྱོགས་སྲིད་ཇུས། ཁྲིམས་ལུགས་ཁྱབ་གདལ། འཚོ་བའི་ཤེས་བྱ། སྲོལ་རྒྱུན་རིག་གནས་སོགས་དྲིལ་བསྒྲགས་བྱེད་པ།
 最新文章