བརྡབས་ནས་རྨས་སྐྱོན་ཕོག་པའི་རྒན་རྒོན་ཁོང་ལ་་་་

政务   2025-01-26 17:59   西藏  




ཟླ་1པོའི་ཚེས་22ཉིན་གྱི་ཆུ་ཚོད་7དང་སྐར་མ་30ཐོག སེམས་རྩ་འཁོལ་བའི་མང་ཚོགས་ཀྱིས་རྨས་སྐྱོན་ཕོག་པའི་རྒན་རྒོན་ཞིག་བསམ་གྲུབ་རྩེ་ཆུས་སྤྱི་བདེ་ཅུས་ཞིང་ལས་དངུལ་ཁང་དམངས་ཕན་ཉེན་རྟོག་ཞབས་ཞུ་ས་ཚིགས་སུ་བསྐྱལ་ཡོད། ཉེན་རྟོག་པས་རྒན་རྒོན་གྱི་རྨས་སྐྱོན་གནས་ཚུལ་ལ་ལྟ་སྐབས་མིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པས། སྨན་ཁང་ལ་ཕྱིན་ནས་སྨན་བཅོས་བྱེད་པའི་དགོས་པ་ཆེ་སྟབས། འཕྲལ་དུ་ཉེན་རྟོག་རླངས་འཁོར་བཏང་ནས་རྒན་རྒོན་སྨན་ཁང་དུ་བསྐྱལ་བ་དང་དུས་མཚུངས་རྒན་རྒོན་གྱི་ཁྱིམ་མིར་བརྡ་ཐོ་བཏང་ཡོད་པ་རེད།


 སྨན་ཁང་དུ་བརྟག་དཔྱད་བྱེད་རིང་། ཉེན་རྟོག་པས་རྒན་རྒོན་ལ་སེམས་གསོ་བཏང་བ་གང་ཞིག་བརྒྱུད་རིམ་ཧྲིལ་པོར་རོགས་རམ་གང་ཐུབ་བྱས་ཡོད། དུས་ཐོག་སྨན་ཁང་དུ་བསྐྱལ་བས་མིག་སྔར་རྒན་རྒོན་གྱི་གཟུགས་པོར་སྐྱོན་ཆེ་བ་བྱུང་མེད། རྒན་རྒོན་གྱི་ཁྱིམ་མི་སྨན་ཁང་དུ་འབྱོར་རྗེས་ཉེན་རྟོག་པས་སེམས་རྩ་འཁོལ་པོས་རོགས་རམ་བྱས་པར་ཐུགས་རྗེ་ཆེ་གྲངས་མེད་ཞུས་ཡོད་པ་རེད།

  


བསྐྱར་ཞུས། རྒྱལ་མཚན།

ཞུ་དག ཚེ་རིང་རྒྱ་མཚོ།  

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།

ཡིག་སྒྱུར། ཚེ་རིང་སྒྲོལ་མ།

སྒྲ་འཇུག ཚེ་རིང་རྒྱ་མཚོ།

ཡོང་ཁུངས། གཞིས་ཀ་རྩེའི་ཉེན་རྟོག་ཕྱོགས།


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།

ང་ཚོའི་བརྙན་ཐུང་རྟགས་ཅན་日喀则广播电视台ཟེར་བར་དོ་ཁུར་གནང་ནས་ངོ་མཚར་ལྟད་མོར་གཟིགས་དང་།



青稞视界
བརྗོད་དོན་གཙོ་བོ། བྱེད་ཕྱོགས་སྲིད་ཇུས། ཁྲིམས་ལུགས་ཁྱབ་གདལ། འཚོ་བའི་ཤེས་བྱ། སྲོལ་རྒྱུན་རིག་གནས་སོགས་དྲིལ་བསྒྲགས་བྱེད་པ།
 最新文章