སློབ་གསོ་པུའུ་ནས་བརྡ་ཐོ་གལ་ཆེན་ཞིག་བཏང་འདུག

政务   2025-01-27 17:34   西藏  





སློབ་གསོ་པུའུ་ཡིས་ལུས་རྩལ་དགེ་རྒན་ལའང་སློབ་ཚན་གཞན་དག་གི་དགེ་རྒན་དང་འདྲ་མཉམ་གྱི་གླ་ཕོགས་སྤྲད་དགོས་པའི་བླང་བྱ་བཏོན།

གསར་འགོད་པས་སློབ་གསོ་པུའི་གཞུང་ཕྱོགས་དྲ་ཚིགས་ནས་རྒྱུས་ལོན་བྱུང་བར་ལྟར་ན། སློབ་གསོ་པུའུ་ཡི་༼དུས་རབས་གསར་པའི་སློབ་གྲྭ་འབྲིང་ཆུང་གི་ལུས་རྩལ་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་བྱེད་ཐབས་འགའ་ཞིག་གི་བརྡ་ཐོ་༽པར་འགྲེམས་བྱས་པ་རེད། ཡིག་ཆ་དེའི་ནང་དུ་ལུས་རྩལ་དགེ་རྒན་གྱི་སློབ་གཉེར་བརྒྱུད་རིམ་ངེས་པར་དུ་ལུས་རྩལ་ཆེད་ལས་ཡིན་དགོས་ལ། ལུས་རྩལ་དགེ་རྒན་ལ་སློབ་ཚན་གཞན་དག་གི་དགེ་རྒན་དང་འདྲ་མཉམ་གྱི་གླ་ཕོགས་ལོངས་སུ་སྤྱོད་དགོས་པ་དང་སྤོ་ལོའི་ལུས་རྩལ་ཆེ་ཁག་གསུམ་གྱི་དགེ་རྒན་དཔུང་ཁག་ལ་མངོན་གསལ་དོད་པོས་མཐོང་ཆེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

སློབ་གསོ་པུའུ་ཡིས་ཡིག་ཆ་དེ་བཏོན་པའི་དམིགས་ཡུལ་ནི་ལུས་རྩལ་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་པའི་སྒྲིག་སྲོལ་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏོང་བ་དང་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་སློབ་གྲྭ་འབྲིང་ཆུང་གི་ལུས་རྩལ་དགེ་རྒན་དཔུང་ཁག་ཅིག་བསྐྲུན་གང་ཐུབ་བྱས་ནས་སློབ་གསོ་སྟོབས་ལྡན་དང་ལུས་རྩལ་སྟོབས་ལྡན་རྒྱལ་ཁབ་མགྱོགས་པོར་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་འབུལ་བའི་ཆེད་དུ་ཡིན་པ་རེད།

སློབ་གསོ་པུའུ་ཡི་དགེ་རྒན་ལས་དོན་འགན་འཁུར་བས། ཡིག་ཆ་དེར་འགྲེལ་བཤད་གནང་སྐབས་སློབ་གསོ་དང་ལུས་རྩལ་སྟོབས་ཆེན་འཛུགས་སྐྱོང་གི་དམིགས་འབེན་ལ་གཞིགས་ནས་ཀུན་སྤྱོད་དང་ཤེས་རིག ལུས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་མཁན་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་དགོས་ལ། ལུས་རྩལ་དགེ་རྒན་དཔུང་ཁག་གི་གྲངས་འབོར་ད་དུང་འདང་གི་མེད་པ་དང་། ཁ་སྐོང་བྱེད་དཀའ་བ་མ་ཟད། ཆེད་ལས་ཅན་གྱི་ཆུ་ཚད་དམའ་བ་སོགས་ཀྱི་གནད་དོན་གནས་ཡོད་པས། ལུས་རྩལ་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཆེད་དོན་བྱེད་ཐབས་འཕྲལ་དུ་འདོན་དགོས་པ་བཤད་ཡོད། སློབ་གསོ་པུའུ་ཡིས་ཆེད་དོན་ཚོགས་འདུ་འཚོགས་རྗེས་རྒྱ་ཁྱབ་ཆེ་བའི་བརྟག་ཞིབ་དང་བསམ་འཆར་བསྡུ་ལེན་བྱས་པའི་རྨང་གཞིའི་ཐོག༼བརྡ་ཐོ་༽འདི་པར་འགྲེམས་བྱས་པ་རེད་ཅེས་བརྗོད།

བསྐྱར་ཞུས། རྒྱལ་མཚན།

ཞུ་དག  ཚེ་རིང་རྒྱ་མཚོ།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།

སྒྲ་འཇུག སྐལ་བཟང་རྒྱལ་མཚན།

ཡོང་ཁུངས། ཁམས་པའི་བརྙན་འཕྲིན།


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།

ང་ཚོའི་བརྙན་ཐུང་རྟགས་ཅན་日喀则广播电视台ཟེར་བར་དོ་ཁུར་གནང་ནས་ངོ་མཚར་ལྟད་མོར་གཟིགས་དང་།



青稞视界
བརྗོད་དོན་གཙོ་བོ། བྱེད་ཕྱོགས་སྲིད་ཇུས། ཁྲིམས་ལུགས་ཁྱབ་གདལ། འཚོ་བའི་ཤེས་བྱ། སྲོལ་རྒྱུན་རིག་གནས་སོགས་དྲིལ་བསྒྲགས་བྱེད་པ།
 最新文章