ད་ལོ་ཡང་ལྷ་རྩེའི་སྟོད་གཞས་ཀྱིས་སྐད་གྲཌ་བཞག་འདོད་སོང་།

政务   2025-01-26 13:31   西藏  




ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་གཙོ་གཉེར་བྱས་པའི་2025ལོའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་མཚན་ཚོགས་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། ཉི་ཤུ་དགུའི་དགོང་མོ་གཟིགས་མོ་བ་ལྷན་རྒྱས་ཀྱི་སྤྱན་ལམ་དུ་འབུལ་རྒྱུ་རེད།

ལྷ་རྩེ་སྟོད་གཞས།


ལྷ་རྩེ་ནི་གཞིས་ཀ་རྩེ་ཡར་ཀླུང་གཙང་པོའི་ཆུ་འགོར་ཆགས་ཡོད་པ་དང་། སྣོད་བཅུད་འཛོམས་པའི་ཁོར་ཡུག་འདིར་འོད་སྟོང་འཕྲོ་བའི་དམངས་སྲོལ་རིག་གནས་ཕུན་སུམ་ཚོགས་པ་ཡོད། 2007ལོར། ལྷ་རྩེའི་སྟོད་གཞས་དེ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་གར་སྟེགས་ཐོག་ནས་གཟིགས་འབུལ་བྱས་པ་དང་། ༼རྒྱུད་སྐུད་དབྱངས་རྟས་དཔྱིད་དཔལ་བསུ་།༽ཞེས་པའི་གླུ་གཞས་དེས་ཀུན་ལ་ཡིད་ཀྱི་སྨོན་པ་འཆོར་དུ་བཅུག 2008ལོར། ལྷ་རྩེའི་སྟོད་གཞས་དེ་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཁག་གཉིས་པའི་སྲུང་སྐྱོང་མིང་ཐོ་རུ་བཅུག་པ་རེད།

ད་ལོ། ལྷ་རྩེ་སྟོད་གཞས་ནི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ལྷ་སའི་ཡན་ལག་ཚོགས་རའི་ལེ་ཚན་ཐོག་མ་རུ་བདམས་ཡོད། 

ད་ལོ་ལོ་57ལ་སླེབས་པའི་བཀྲ་ཤིས་དབང་ལགས་ནི་རང་སྐྱོང་ལྗོངས་རིམ་པའི་ལྷ་རྩེའི་སྟོད་གཞས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཡིན་པ་དང་། དེ་སྔོན་ཁོང་གིས་ལྷ་རྩེའི་སྟོད་གཞས་ཚོགས་པའི་སྣེ་ཁྲིད་ནས་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་དང་ཨེ་ཤེ་ཡའི་རིག་གནས་ལོ་ཚོགས་བཅས་ཀྱི་གར་སྟེགས་ཐོག་ཀུན་ལ་གཟིགས་འབུལ་བྱས་པ་རེད། ད་ལོའི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ལྷ་སའི་ཡན་ལག་ཚོགས་རའི་སྟེང་། ཁོང་གིས་སྣེ་ཁྲིད་ནས་འཛམ་གླིང་སའི་གོ་ལའི་སྟེང་གི་རྒྱ་ཆེའི་ལྟད་མོ་བ་རྣམས་ལ་སྐར་ཆ་30རིང་ཡིད་ཀྱི་དབང་བོ་ཅིག་ཅར་འཕྲོག་སྲིད་པའི་ལྷ་རྩེའི་སྟོད་གཞས་འཁྲབ་སྟོན་བྱ་རྒྱུ་རེད།

བསྐྱར་ཞུས། རྒྱལ་མཚན།

ཞུ་དག ཚེ་རིང་རྒྱ་མཚོ།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།

ཡོང་ཁུངས། སེམས་ཀྱི་ཞིང་ཁམས།


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།

ང་ཚོའི་བརྙན་ཐུང་རྟགས་ཅན་日喀则广播电视台ཟེར་བར་དོ་ཁུར་གནང་ནས་ངོ་མཚར་ལྟད་མོར་གཟིགས་དང་།



青稞视界
བརྗོད་དོན་གཙོ་བོ། བྱེད་ཕྱོགས་སྲིད་ཇུས། ཁྲིམས་ལུགས་ཁྱབ་གདལ། འཚོ་བའི་ཤེས་བྱ། སྲོལ་རྒྱུན་རིག་གནས་སོགས་དྲིལ་བསྒྲགས་བྱེད་པ།
 最新文章