མ་འོངས་ལོ་ལྔའི་ནང་ལུཊ་རྙིང་ལོའི་ལོ་གསར་གྱི་གནམ་གང་མི་འདུག

文化   2024-12-06 18:31   西藏  

དགུན་ཟླ་འབྲིང་བའི་དུས་འདིར། མ་འོངས་པའི་ལོ་ལྔ་ལ་ལུཊ་རྙིང་ལོའི་ལོ་གསར་གྱི་གནམ་གང་མེད་པའི་ཆ་འཕྲིན་དེར་མི་རྣམས་ཀྱིས་དོ་ཁུར་བྱེད་བཞིན་ཡོད། ཆ་འཕྲིན་ནང་2025ལོ་ནས་2029ལོའི་བར་ཏེ་བསྟུད་མར་ལོ་5ལ་ལུཊ་རྙིང་ལོའི་ལོ་གསར་གྱི་གནམ་གང་མེད་ཅིང་། ལུཊ་རྙིང་ལོའི་ལོ་གསར་གྱི་ཉི་ཤུ་དགུ་བསྐྱལ་རྗེས་ལོ་གསར་ཚེས་གཅིག་ལ་སླེབས་ཡོད་ཅེས་བསྟན་འདུག



ལོ་གསར་གྱི་གནམ་གང་མེད་པར་གྱུར་དོན་ཅི་ཡིན།


     ཀྲུང་གོ་ཚན་རིག་གླིང་ཙི་ཅིང་ཧྲན་གནམ་དཔྱད་སྟེགས་བུའི་ཚན་རིག་ཁྱབ་གདལ་དང་རྒྱབ་ཕྱོགས་མཁོ་སྒྲུབ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཝང་ཁོ་ཁྲའོ་ཡིས་བསྟན་དོན། ལུཊ་རྙིང་ལོའི་ལོ་གསར་གྱི་གནམ་གང་མེད་པར་གྱུར་དོན་དེ་གཙོ་བོ་རང་རྒྱལ་གྱིས་ད་ལྟ་སྤྱོད་བཞིན་པའི་སྲོལ་རྒྱུན་ལོ་ཐོ་སྟེ་ལུགས་རྙིང་གི་སྒྲིག་རྩིས་ལམ་སྲོལ་དང་འབྲེལ་བ་ཡོད་དེ། ལུགས་རྙིང་གི་ཟླ་བ་རེ་རེ་ནི་ཟླ་བའི་འཕེལ་འགྲིབ་ལྟར་བཀོད་སྒྲིག་བྱེད་བཞིན་ཡོད་ལ། དེའི་ཆ་སྙོམས་འཁོར་ཡུན་ནི་ཉིན་29.53ཡིན་པས། ལུགས་རྙིང་གི་ཟླ་རེར་ཟླ་བ་ཆེ་ཆུང་གི་དབྱེ་བ་ཡོད་དེ། ཟླ་ཆེན་ལ་ཉིན་30ཡོད་པ་དང་། ཟླ་ཆུང་ལ་ཉིན་29ཡོད། གལ་ཏེ་རྒྱལ་ཟླ་ནི་ཟླ་ཆུང་ཡིན་ན། ལོ་འདིར་ལོ་གསར་གྱི་གནམ་གང་མེད། རྒྱལ་ཟླ་ཟླ་ཆུང་དང་འཕྲད་པའི་སྣང་ཚུལ་མཐོང་དཀོན་པ་ཞིག་མིན་ཏེ། ཧ་ལམ་ལོ་གསུམ་ནས་ལོ་ལྔ་ཡི་བར་འབྱུང་བཞིན་ཡོད། 2013ལོ་དང་2016ལོ། 2022ལོ། དེ་བཞིན་2025ལོ་ནས་2029ལོ་བར་ཏེ་བསྟུན་མར་ལོ་5ལ་ལོ་གསར་གྱི་གནམ་གང་མེད་པ་རེད།



     གཞན་ཟླ་ཆེན་ཟླ་ཆུང་ཐོན་པ་ནི་ཆེ་བ་གཅིག་དང་ཆུང་བ་གཅིག་གམ་ཆུང་བ་གཅིག་དང་ཆེ་བ་གཅིག་ལྟར་སྒྲིག་པ་ཞིག་མ་ཡིན་པར། བསྟུད་མར་ཟླ་ཆེན་འགའ་ཐོན་པའམ་བསྟུད་མར་ཟླ་ཆུང་འགའ་ཐོན་པའི་གནས་ཚུལ་ཡང་ཡོད། དེ་ཞིབ་ཅིང་དག་པའི་བརྩི་ཐབས་བརྒྱུད་གཏན་འཁེལ་བྱེད་དགོས། 


ལོ་གསར་གྱི་གནམ་གང་མེད་ན་ལོ་གསར་གྱི་བྲོ་བ་ཉམས་པ་ཡིན་ནམ།


     ཆེད་མཁས་པས་དམངས་ཁྲོད་དུ་ལོ་རྙིང་གི་ཆེས་མཇུག་མཐའི་མཚན་མོར་གནམ་གང་ཞེས་འབོད་སྲོལ་ཡོད་པས། རྒྱལ་ཟླའི་ཚེས་ཉི་ཤུ་དགུའམ་རྒྱལ་ཟླའི་ཚེས་སུམ་ཅུ་གང་ཡིན་རུང་། སྲོལ་རྒྱུན་དུས་ཆེན་ཡིན་པའི་གནམ་གང་དེ་ནམ་ཡང་ཡོད་ཅེས་བསྟན།


ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།


【གཤམ་གྱི་ཡི་གེ་སྔོན་པོའི་ཐོག་སོ་སོའི་ནང་དོན་འཚོལ་ཆོག】
【点击下方蓝色字样了解相关资讯】



    ནང་དོན་དཀར་ཆག་རེའུ་མིག



ནང་ཆོས་སྡེ།
#རིག་གཞུང་དཔྱད་རྩོམ་མཛོད།
#ཆོས་གཞུང་ཁྲིད་མཛོད།
#རྗེེ་ཙོང་ཁ་པ་དང་འབྲེལ་བའི་རྩོམ
#དགེ་ལྡན་དྲ་མཛོད།
#པཎ་ཆེན་མཛད་བཟང་མཛོད།
#ཞལ་འདོན་མཛོད།
#ལེགས་བཤད་མཛོད།
#གནའ་དེང་བསླབ་བྱ་མཛོོད།
རྣམ་ཐར།
#རྣམ་ཐར་འཆད་མཛོད།
#དགའ་ལྡན་ཁྲི་པ་རིམ་བྱོན།
#གུང་ཐང་སྐུ་ཕྲེང་རིམ་བྱོན།
#ཀུན་མཁྱེན་འཇམ་བཞད་སྐུ་ཕྲེང་།


སྐད་ཡིག་གི་སྡེ།
#སྐད་ཡིག་ཤེས་བྱའི་མཛོད།
#སྒྱུར་རྩོམ་མཛོད།
#ཡིག་གཟུགས་མཛོད།

གསོ་རིག་སྡེ།
#བདེ་ཐང་མཛོད།
#འཕྲོད་བསྟེན་ཤེས་བྱའི་མཛོད།
#ཡིག་ལྡན་བདེ་ཐང་མཛོད།
#ཡམས་ནད་འགོག་སྲུང་མཛོད།
#འཚོ་བའི་རྒྱུན་ཤེས་མཛོད།

སློབ་གསོའི་སྡེ།
#ཁྱིམ་ཚང་སློབ་གསོའི་མཛོད།
#དམངས་སྲོལ་མཛོད།
#ཁྲིམས་ལུགས་མཛོད།

ལྗོངས་རྒྱུ་སྡེ།
#གནས་མཆོག་ཡུལ་སྐོར་མཛོད།
#གནས་བཤད་མཛོད
#གནའ་ཤུལ་མཛོད།
#སྐད་ཡིག་ཤེས་བྱའི་མཛོད།

གསར་འགྱུར་སྡེ།
#གཏམ་གསར་མཛོད།
#གཏམ་བཟང་མཛོད།
#རྒྱལ་སྤྱིའི་གཏམ་གསར་མཛོད།

རིག་གཞུང་འཆད་ཁྲིད་སྡེ།
#བརྡ་སྤྲོད་འཆད་ཁྲིད་མཛོད།
#གསོ་རིག་འཆད་མཛོད།
#ལོ་རྒྱུས་འཆད་མཛོད།

རིག་རྩལ་གྱི་སྡེ།
#ཚན་རིག་ཤེས་བྱའི་མཛོད།

སྒྱུ་རྩལ་སྡེ།
#སྒྱ་རྩལ་མི་སྣའི་མཛོད།
#གཞས་མ་མཚོ་བྱུང་།
#གཞས་མ་གཡང་ཕྱུག་མཚོ།
#ཁྱུང་པོ་ཆོས་སྒྲོན།

གློག་བརྙན་གྱི་སྡེ།
#སྟོན་པའི་རྣམ་ཐར་དབུས་སྐད།
#སྟོན་པའི་མཛད་རྣམ། ཁམས་སྐད།


འཇིག་རྟེན་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ། །

མི་ནད་ཕྱུགས་ནད་སད་སེར་ཐན་པ་དང༌། །

དམག་འཁྲུག་མུ་གེའི་རྒུད་པ་ཀུན་སེལ་ཞིང༌། །

ཚེ་རིང་ནད་མེད་བདེ་དང་ལྡན་པར་ཤོག 

广袤世界所有国度内,

人疾畜病冰霜旱涝灾,

战乱灾荒衰败皆熄灭,

祈愿长寿无病具享乐!



ཀུན་ཁྱབ་འོད་སྣང་འཕྲིན་སྟེགས། 

གཞན་ལ་སྐུར།

ཉར་ཚགས།

མཐེ་བོང་ནོན།

མེ་ཏོག་ནོན།


广洽明鉴
རྒྱལ་ཁབ་ཀྱི་ཆབ་སྲིད་དང་མི་རིགས་མཐུན་སྒྲིལ་ལ་གནོད་སྐྱོན་ཡོང་བའི་བརྙན་གཞས་རྩོམ་སོགས་མི་སྤེལ།
 最新文章