▶ན་ནིང་བོད་དུ་ཕྲུ་གུ་སྐྱེ་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།

文化   2024-12-07 00:00   西藏  


ཉེ་ཆར། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་རྩོམ་སྒྲིག་དཔེ་སྐྲུན་བྱས་པའི《2024ལོའི་ཀྲུང་གོའི་བསྡོམས་རྩིས་ལོ་འཁོར་མེ་ལོང》ནང་2023ལོའི་རང་རྒྱལ་གྱི་ཞིང་ཆེན་31གི་ཕྲུ་གུ་སྐྱེ་ཚད་དང་མི་འཆི་ཚད། རང་ཤུགས་སུ་འཕར་ཚད་བཅས་ཡོངས་བསྒྲགས་བྱས་ཡོད།

གྲངས་གཞི་ལས་མངོན་པར། 2023ལོར་ཞིང་ཆེན་15ཡི་ཕྲུ་གུ་སྐྱེ་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད(6.39‰)ལས་མཐོ་བ་བྱུང་ཡོད། བོད་ལྗོངས་སུ་ཕྲུ་གུ་སྐྱེ་ཚད་13.72‰ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ཕྲུ་གུ་སྐྱེ་ཚད་10‰ལས་བརྒལ་བའི་ཞིང་ཆེན་ནང་ད་དུང་ཀུའེ་ཀྲོའུ་དང་ཉིང་ཞ་ཡོད། སྤྱི་ཡོངས་ནས་བལྟས་ན། ནུབ་རྒྱུད་ས་ཁུལ་དུ་ཕྲུ་གུ་སྐྱེ་ཚད་དེ་ཤར་རྒྱུད་ས་ཁུལ་ལས་མཐོ་བ་དང་། སྐམ་སའི་དབུས་ཁུལ་དུ་མཚོ་རྒྱུད་ས་ཁུལ་ལས་མཐོ་བ་བྱུང་ཡོད། 

མི་འབོར་རང་ཤུགས་སུ་འཕར་ཚད་ནས་བལྟས་ན། ཁྱོན་ཞིང་ཆེན་8ཀྱི་2023ལོའི་མི་འབོར་རང་ཤུགས་སུ་འཕར་ཚད་དེ་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད་པ་དང་། གཙོ་བོ་ནུབ་རྒྱུད་ས་ཁུལ་དང་ཧྭ་ནན་དུ་ཡིན། དེའི་ནང་ནས་བོད་ལྗོངས་དང་ཉིང་ཞ། ཀུའེ་ཀྲོའུ། ཧའེ་ནན། ཀོང་ཏུང་བཅས་ནི་མི་འབོར་རང་ཤུགས་སུ་འཕར་ཚད་ཨང་དང་པོ་ནས་ལྔ་པ་བར་ཡིན། ཞིང་ཆེན་23གྱི་མི་འབོར་རང་ཤུགས་སུ་འཕར་ཚད་ཆག་ཡོད་པ་དང་། 2022ལོ་དང་བསྡུར་ན་ཞིང་ཆེན་3མང་དུ་ཕྱིན་ཡོད།

རྒྱུན་སྡོད་མི་འབོར་གྱི་འགྱུར་ལྡོག་ནས་བལྟས་ན། 2023ལོར་ཞིང་ཆེན་31ཁྲོད་ཞིང་ཆེན་11གི་རྒྱུན་སྡོད་མི་འབོར་འཕར་བའི་རྣམ་པ་མངོན་ཞིང་། དེ་དག་ནི་ཁག་སོ་སོར་ཀྲེ་ཅང་དང་ཀོང་ཏུང་། ཧའེ་ནན། ཧྲང་ཧའེ། ཅང་སུའུ། ཤིན་ཅང་། ཀུའེ་ཀྲོའུ། པེ་ཅིང་། ཐེན་ཅིན། ཉིང་ཞ། བོད་ལྗོངས་བཅས་ཡིན། དེའི་ནང་། 2023ལོར་ཀྲེ་ཅང་གི་མི་འབོར་འཕར་ཚད་མི་ཁྲི་50ཟིན་ནས་ཨང་དང་པོར་སླེབས་ཡོད། 2023ལོར་ཀོང་ཏུང་གི་མི་འབོར་འཕར་ཚད་མི་ཁྲི་49ཟིན་པ་དང་། ཧའེ་ནན་གྱི་མི་འབོར་འཕར་ཚད་ཁྲི་16.19ཟིན་ནས་ཨང་གསུམ་པར་སླེབས་པ།  ཧྲང་ཧའེ་ལ་མི་ཁྲི་11.56འཕར་བ། ཅང་སུའུ་དང་ཤིན་ཅང་གཉིས་ལ་མི་ཁྲི་11འཕར་བ། ཀུའེ་ཀྲོའུ་ལ་མི་ཁྲི་9འཕར་བ། པེ་ཅིང་དུ་མི་ཁྲི་1.5འཕར་བ། ཐེན་ཅིན་དང་བོད་ལྗོངས། ཉིང་ཞ་བཅས་སུ་2023ལོར་མི་འབོར་འཕར་ཚད་མི་ཁྲི་1ཟིན་ཡོད།

《2024ལོའི་ཀྲུང་གོའི་བསྡོམས་རྩིས་ལོ་འཁོར་མེ་ལོང》ནང་ཡོངས་བསྒྲགས་བྱས་པའི་གྲངས་གཞིར་གཞིགས་ན། 2023ལོར་ཀྲུང་གོར་ལོ་65དང་དེ་ཡན་གྱི་མི་འབོར་ཁྲི་21676ཟིན་པ་དང་། ཞབས་ཏོག་སྒྲུབ་དགོས་པའི་རྒན་རྒོན་གྱི་བསྡུར་ཚད་22.5%ཟིན་ཡོད།  བཤད་སྟངས་གཞན་ཞིག་གི་ཐོག་ནས་བཤད་ན། ངལ་རྩོལ་ལོ་ཚད་ནང་གི་མི་4.4རེས་རྒན་རྒོན་1རེ་ཞབས་ཏོག་སྒྲུབ་པའི་འགན་འཁུར་དགོས་ཀྱི་ཡོད། 

གྲངས་གཞི་ནས་མངོན་པར་གཞིགས་ན། བོད་ལྗོངས་དང་ཤིན་ཅང་། ཀོང་ཏུང་། ཉིང་ཞ་སོགས་ཞིང་ཆེན་དུ་རྒན་རྒོན་ཅན་དུ་འགྱུར་ཚད་ཅུང་དམའ་བ་ཡོད། དེའི་ནང་ཉེ་བའི་ལོ་20ཡི་རིང་། ཞབས་ཏོག་སྒྲུབ་དགོས་པའི་རྒན་རྒོན་མི་གྲངས་ཀྱི་བསྡུར་ཚད་དམའ་རུ་ཕྱིན་པ་ནི་བོད་ལྗོངས་ཁོ་ན་ཡིན་ཏེ། 2005ལོའི་9.26%ནས་2023ལོའི་8.77%བར་ཆག་ཡོད། 

བོད་ལྗོངས་སུ་རྒན་རྒོན་ཅན་དུ་འགྱུར་ཚད་དམའ་དོན་གང་ཡིན་ནམ་ཞེ་ན། མི་འབོར་རིག་པ་མཁས་ཅན་ཧོ་ཡ་ཧྥུའུ་ཡིས་དེ་སྔ་རྩོམ་ཡིག་ཅིག་སྤེལ་བའི་ནང་། བོད་ལྗོངས་ནི་ཀྲུང་གོའི་མི་འབོར་གྲུབ་ཆའི་ནང་ཆེས་གཞོན་ཤོས་ཀྱི་ཞིང་ཆེན་གྲས་ཡིན། དེའི་རྒྱུ་མཚན་གཙོ་བོ་ནི་བོད་ལྗོངས་སུ་ཕྲུ་གུ་སྐྱེ་ཚད་ཅུང་མཐོ་བའི་རྐྱེན་གྱིས་རེད། “རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་བདུན་པའི”གྲངས་གཞིར་གཞིགས་ན། 2020ལོར་རྒྱལ་ཡོངས་སུ་ཕྲུ་གུ་སྐྱེ་ཚད་བསྡོམས་འབོར་1.3ཡིན་པ་དང་། བོད་ལྗོངས་སུ་ཕྲུ་གུ་སྐྱེ་ཚད་བསྡོམས་འབོར་1.93ཟིན་ཡོད་ཅིང་། རྒྱལ་ཡོངས་ཀྱི་ཆ་སྙོམས་གྲངས་ཐང་ལས་ཤུགས་ཆེན་པོས་མཐོ་བ་ཡོད་ཅེས་བྲིས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།



【གཤམ་གྱི་ཡི་གེ་སྔོན་པོའི་ཐོག་སོ་སོའི་ནང་དོན་འཚོལ་ཆོག】
【点击下方蓝色字样了解相关资讯】



    ནང་དོན་དཀར་ཆག་རེའུ་མིག



ནང་ཆོས་སྡེ།
#རིག་གཞུང་དཔྱད་རྩོམ་མཛོད།
#ཆོས་གཞུང་ཁྲིད་མཛོད།
#རྗེེ་ཙོང་ཁ་པ་དང་འབྲེལ་བའི་རྩོམ
#དགེ་ལྡན་དྲ་མཛོད།
#པཎ་ཆེན་མཛད་བཟང་མཛོད།
#ཞལ་འདོན་མཛོད།
#ལེགས་བཤད་མཛོད།
#གནའ་དེང་བསླབ་བྱ་མཛོོད།
རྣམ་ཐར།
#རྣམ་ཐར་འཆད་མཛོད།
#དགའ་ལྡན་ཁྲི་པ་རིམ་བྱོན།
#གུང་ཐང་སྐུ་ཕྲེང་རིམ་བྱོན།
#ཀུན་མཁྱེན་འཇམ་བཞད་སྐུ་ཕྲེང་།


སྐད་ཡིག་གི་སྡེ།
#སྐད་ཡིག་ཤེས་བྱའི་མཛོད།
#སྒྱུར་རྩོམ་མཛོད།
#ཡིག་གཟུགས་མཛོད།

གསོ་རིག་སྡེ།
#བདེ་ཐང་མཛོད།
#འཕྲོད་བསྟེན་ཤེས་བྱའི་མཛོད།
#ཡིག་ལྡན་བདེ་ཐང་མཛོད།
#ཡམས་ནད་འགོག་སྲུང་མཛོད།
#འཚོ་བའི་རྒྱུན་ཤེས་མཛོད།

སློབ་གསོའི་སྡེ།
#ཁྱིམ་ཚང་སློབ་གསོའི་མཛོད།
#དམངས་སྲོལ་མཛོད།
#ཁྲིམས་ལུགས་མཛོད།

ལྗོངས་རྒྱུ་སྡེ།
#གནས་མཆོག་ཡུལ་སྐོར་མཛོད།
#གནས་བཤད་མཛོད
#གནའ་ཤུལ་མཛོད།
#སྐད་ཡིག་ཤེས་བྱའི་མཛོད།

གསར་འགྱུར་སྡེ།
#གཏམ་གསར་མཛོད།
#གཏམ་བཟང་མཛོད།
#རྒྱལ་སྤྱིའི་གཏམ་གསར་མཛོད།

རིག་གཞུང་འཆད་ཁྲིད་སྡེ།
#བརྡ་སྤྲོད་འཆད་ཁྲིད་མཛོད།
#གསོ་རིག་འཆད་མཛོད།
#ལོ་རྒྱུས་འཆད་མཛོད།

རིག་རྩལ་གྱི་སྡེ།
#ཚན་རིག་ཤེས་བྱའི་མཛོད།

སྒྱུ་རྩལ་སྡེ།
#སྒྱ་རྩལ་མི་སྣའི་མཛོད།
#གཞས་མ་མཚོ་བྱུང་།
#གཞས་མ་གཡང་ཕྱུག་མཚོ།
#ཁྱུང་པོ་ཆོས་སྒྲོན།

གློག་བརྙན་གྱི་སྡེ།
#སྟོན་པའི་རྣམ་ཐར་དབུས་སྐད།
#སྟོན་པའི་མཛད་རྣམ། ཁམས་སྐད།


འཇིག་རྟེན་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ། །

མི་ནད་ཕྱུགས་ནད་སད་སེར་ཐན་པ་དང༌། །

དམག་འཁྲུག་མུ་གེའི་རྒུད་པ་ཀུན་སེལ་ཞིང༌། །

ཚེ་རིང་ནད་མེད་བདེ་དང་ལྡན་པར་ཤོག 

广袤世界所有国度内,

人疾畜病冰霜旱涝灾,

战乱灾荒衰败皆熄灭,

祈愿长寿无病具享乐!



ཀུན་ཁྱབ་འོད་སྣང་འཕྲིན་སྟེགས། 

གཞན་ལ་སྐུར།

ཉར་ཚགས།

མཐེ་བོང་ནོན།

མེ་ཏོག་ནོན།


广洽明鉴
རྒྱལ་ཁབ་ཀྱི་ཆབ་སྲིད་དང་མི་རིགས་མཐུན་སྒྲིལ་ལ་གནོད་སྐྱོན་ཡོང་བའི་བརྙན་གཞས་རྩོམ་སོགས་མི་སྤེལ།
 最新文章