དགུན་དུས་ལུག་ཤ་ཟ་དུས་འཛེམ་བྱ་འདི་དག་བློ་ལ་ངེས།

文化   2024-12-14 17:37   西藏  
ངལ་གསོའི་སྙན་གཞས་འོས་སྦྱོར།

གུན་དུས་ལུག་ཤ་ཟ་དུས་འཛེམ་བྱ་འདི་དག་བློ་ལ་ངེས།

    གྲང་ངར་ཆེ་བའི་དགུན་དུས་སླེབས་རིམ་བཞིན། མི་མང་པོ་ཞིག་གིས་གཟུགས་པོར་དྲོད་འཕེལ་བའི་ཆེད་དུ་ལུག་ཤ་བཟའ་རྒྱུར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། དེས་ན། གཤམ་ལ་དགུན་ཁའི་དུས་ཚིགས་འདི་དང་བསྟུན་ནས་ལུག་ཤ་བཟའ་སྟངས་སྐོར་གྱི་འབྲེལ་ཡོད་བདེ་ཐང་ཤེས་བྱ་ཁག་ཅིག་མཉམ་སྤྱོད་ཞུ།

  དེ་ཡང་ལུག་ཤར་དྲོད་སྐྱེད་ཀྱི་ནུས་པ་ལྡན་པས་གཟུགས་གཞི་སྐྱོ་ལ་ལུས་སྟབས་ཞན་པའི་མིས་སྟོན་དགུན་གཉིས་ཀྱི་དུས་ཚིགས་ལ་ཟོས་ན་ཕན་པོ་ཡོད། འོན་ཀྱང་གཟུགས་དྲོད་ཆེ་བའི་མིས་ལུག་ཤ་ཟོས་ན་ཚ་བ་རྒྱས་སྲིད་ལ། གདོང་ལ་ཡ་ཐོར་སྐྱེས་པ་དང་། མིད་པ་སྐྲངས་ཤིང་ན་ཟུག་ལངས་པ། སྣ་ཁྲག་དོན་པ་བཅས་ཡོང་གི་ཡོད། དེས་ན་ལུག་ཤ་དང་ཚ་དྲོད་འཕེལ་བའི་བཟའ་ཆ་མཉམ་དུ་མཆོད་མི་ཉན་པར། བསིལ་བའི་རང་བཞིན་ནམ་མངར་བཅུད་སྙོམས་པའི་སྔོ་ཚལ་རིགས་མཉམ་དུ་སྡེབ་ན་བཟང་། དཔེར་ན། ལུག་ཤ་ཟ་སྐབས་སྲན་ཞོ་ལྟ་བུ་མཉམ་དུ་སྡེབ་ན་གཟུགས་པོར་ཕན་པ་མ་ཟད། ཚ་བ་སེལ་ཞིང་སྐོམ་གདུང་སེལ་བའི་ནུས་པ་ཐོན་ཐུབ། སྤྱིར་ན་ལུག་ཤ་ནི་ཕོ་བས་འཇུ་སླ་བ་ཞིག་ཡིན་མོད། འོན་ཀྱང་ཟོས་དྲགས་ན་ཕོ་བ་སྐྲངས་ནས་གཟུགས་པོའི་བདེ་ཐང་ལ་གནོད་སྲིད་པས་ཟ་ཚོད་རན་པོ་བྱེད་དགོས།

ལུག་ཤ་ཟ་དུས་ཀྱི་འཛེམ་བྱ་ཁག་ཅིག


  • ལུག་ཤ་དང་ཚུའུ་མཉམ་དུ་བཟའ་མི་རུང་།


     ལུག་ཤ་ནི་ཚ་བའི་རིགས་ཀྱི་ཟ་རིགས་ཤིག་ཡིན་པ་དང་། ཚུའུ་ནི་ཨ་རག་བཞིན་སྐྱུར་བའི་རང་བཞིན་ཡིན་པས། དེ་གཉིས་ངོ་བོ་མཐུན་ཐབས་མེད་ལ་མཉམ་དུ་ཟོས་ན་གཉིས་ཀའི་ནུས་པ་ཤོར་ནས་གཟུགས་གཞིའི་བདེ་ཐང་ལ་གནོད་སྲིད།


  • ལུག་ཤ་མཉམ་དུ་ཇ་འཐུང་མི་རུང་།


     ལུག་ཤ་ཟ་དུས་ཇ་འཐུང་ན་མཉེན་སྐྱུར་སྤྲི་དཀར་རྫས་འབྱུང་ཞིང་། ཕོ་རྒྱུའི་དལ་འགུལ་ཇེ་ཞན་དུ་ཕྱིན་ནས་བཙོག་པ་འགག་སྲིད།


  • ལུག་ཤ་དང་ནན་ཀྭ། པན་ལི་སོགས་མཉམ་དུ་བཟའ་མི་རུང་།


     ལུག་ཤ་དང་ནན་ཀྭ། པན་ལི་སོགས་ནི་ཚ་བའི་རང་བཞིན་གྱི་ཟས་རིགས་ཡིན་པས། མཉམ་དུ་ཟོས་ན་ལུས་པོའི་ཕྱི་ནང་ཀུན་ལ་ཚ་བ་རྒྱས་སྲིད།


  • ལུག་ཤ་དང་ཆུ་ཀུབ་མཉམ་དུ་བཟའ་མི་རུང་།


     ལུག་ཤ་དང་ཆུ་ཀུབ་མཉམ་དུ་ཟོས་ན་ལུག་ཤའི་དྲོད་སྐྱེད་ནུས་པ་ཞན་དུ་འགྲོ་བ་མ་ཟད། མཚེར་པ་དང་ཕོ་བའི་བདེ་ཐང་ལ་གནོད་ཅིང་གྲོད་ཁོག་ཀྱང་བཤལ་སྲིད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།


【གཤམ་གྱི་ཡི་གེ་སྔོན་པོའི་ཐོག་སོ་སོའི་ནང་དོན་འཚོལ་ཆོག】
【点击下方蓝色字样了解相关资讯】




    ནང་དོན་དཀར་ཆག་རེའུ་མིག



ནང་ཆོས་སྡེ།
#རིག་གཞུང་དཔྱད་རྩོམ་མཛོད།
#ཆོས་གཞུང་ཁྲིད་མཛོད།
#རྗེེ་ཙོང་ཁ་པ་དང་འབྲེལ་བའི་རྩོམ
#དགེ་ལྡན་དྲ་མཛོད།
#པཎ་ཆེན་མཛད་བཟང་མཛོད།
#ཞལ་འདོན་མཛོད།
#ལེགས་བཤད་མཛོད།
#གནའ་དེང་བསླབ་བྱ་མཛོོད།
རྣམ་ཐར།
#རྣམ་ཐར་འཆད་མཛོད།
#དགའ་ལྡན་ཁྲི་པ་རིམ་བྱོན།
#གུང་ཐང་སྐུ་ཕྲེང་རིམ་བྱོན།
#ཀུན་མཁྱེན་འཇམ་བཞད་སྐུ་ཕྲེང་།


སྐད་ཡིག་གི་སྡེ།
#སྐད་ཡིག་ཤེས་བྱའི་མཛོད།
#སྒྱུར་རྩོམ་མཛོད།
#ཡིག་གཟུགས་མཛོད།

གསོ་རིག་སྡེ།
#བདེ་ཐང་མཛོད།
#འཕྲོད་བསྟེན་ཤེས་བྱའི་མཛོད།
#ཡིག་ལྡན་བདེ་ཐང་མཛོད།
#ཡམས་ནད་འགོག་སྲུང་མཛོད།
#འཚོ་བའི་རྒྱུན་ཤེས་མཛོད།

སློབ་གསོའི་སྡེ།
#ཁྱིམ་ཚང་སློབ་གསོའི་མཛོད།
#དམངས་སྲོལ་མཛོད།
#ཁྲིམས་ལུགས་མཛོད།

ལྗོངས་རྒྱུ་སྡེ།
#གནས་མཆོག་ཡུལ་སྐོར་མཛོད།
#གནས་བཤད་མཛོད
#གནའ་ཤུལ་མཛོད།
#སྐད་ཡིག་ཤེས་བྱའི་མཛོད།

གསར་འགྱུར་སྡེ།
#གཏམ་གསར་མཛོད།
#གཏམ་བཟང་མཛོད།
#རྒྱལ་སྤྱིའི་གཏམ་གསར་མཛོད།

རིག་གཞུང་འཆད་ཁྲིད་སྡེ།
#བརྡ་སྤྲོད་འཆད་ཁྲིད་མཛོད།
#གསོ་རིག་འཆད་མཛོད།
#ལོ་རྒྱུས་འཆད་མཛོད།

རིག་རྩལ་གྱི་སྡེ།
#ཚན་རིག་ཤེས་བྱའི་མཛོད།

སྒྱུ་རྩལ་སྡེ།
#སྒྱ་རྩལ་མི་སྣའི་མཛོད།
#གཞས་མ་མཚོ་བྱུང་།
#གཞས་མ་གཡང་ཕྱུག་མཚོ།
#ཁྱུང་པོ་ཆོས་སྒྲོན།

གློག་བརྙན་གྱི་སྡེ།
#སྟོན་པའི་རྣམ་ཐར་དབུས་སྐད།
#སྟོན་པའི་མཛད་རྣམ། ཁམས་སྐད།


འཇིག་རྟེན་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ། །

མི་ནད་ཕྱུགས་ནད་སད་སེར་ཐན་པ་དང༌། །

དམག་འཁྲུག་མུ་གེའི་རྒུད་པ་ཀུན་སེལ་ཞིང༌། །

ཚེ་རིང་ནད་མེད་བདེ་དང་ལྡན་པར་ཤོག 

广袤世界所有国度内,

人疾畜病冰霜旱涝灾,

战乱灾荒衰败皆熄灭,

祈愿长寿无病具享乐!



ཀུན་ཁྱབ་འོད་སྣང་འཕྲིན་སྟེགས། 

གཞན་ལ་སྐུར།

ཉར་ཚགས།

མཐེ་བོང་ནོན།

མེ་ཏོག་ནོན།

广洽明鉴
རྒྱལ་ཁབ་ཀྱི་ཆབ་སྲིད་དང་མི་རིགས་མཐུན་སྒྲིལ་ལ་གནོད་སྐྱོན་ཡོང་བའི་བརྙན་གཞས་རྩོམ་སོགས་མི་སྤེལ།
 最新文章