བྱིས་པ་བསླུ་འཚོང་བྱེད་མཁན་ཡུས་ཧྭ་དབྱིང་ལ་སྲོག་ཁྲིམས་བཅད་འདུག

文化   2024-12-19 16:40   西藏  

     དེ་རིང་ཀུན་གྱིས་དོ་ཁུར་ཆེན་པོ་བྱེད་པའི་ཡུས་ཧྭ་དབྱིང་གིས་བྱིས་པ་བསླུ་འཚོང་བྱས་པའི་གྱོད་གཞི་དེར་ཀུའེ་ཀྲོའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་གཉིས་པའི་བསྐྱར་འདྲི་བྱས་ཡོད་པ་རེད། སྤྱི་ཁྱབ་ལས་ཁུངས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པར་ཤེས་རྟོགས་བྱུང་བར། ཡུས་ཧྭ་དབྱིང་གིས་བྱིས་པ་བསླུ་འཚོང་བྱས་པའི་གྱོད་གཞིའི་འདྲི་གཅོད་གཉིས་པར་བསྐྱར་འདྲི་བྱས་པའི་དཔྱད་ཁྲ་ཁྱབ་བསྒྲགས་བྱས་ཤིང་། ཀུའེ་ཀྲོའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་རའི་ཐོག་ཁྲུན་ཐག་བཅད་དོན། ཡུས་ཧྭ་དབྱིང་གིས་གོང་གཏུག་བྱས་པ་ཁྲ་སློག་གཏོང་རྒྱུ་དང་། འདྲི་གཅོད་དང་པོར་སྲོག་ཁྲིམས་གཅོད་རྒྱུའི་ཁྲིམས་ཐག་བཅད་པ་དེ་རང་འཇགས་སུ་འཇོག་རྒྱུ། ཐེངས་འདིའི་ཁྲུན་གཅོད་དེ་མཐའ་མའི་ཁྲུན་གཅོད་ལ་བརྩི་རྒྱུ་ཡིན་པས། ཡུས་ཧྭ་དབྱིང་གིས་སླར་གོང་གཏུག་བྱས་ཆོག་གི་མེད་པ་རེད།


     ཉེས་དོན་གཏུག་བཤེར་བཅའ་ཁྲིམས་ཀྱི་གོ་རིམ་ལྟར་ན། གྱོད་དོན་དེ་ཆེས་མཐོའི་མི་དམངས་ཁྲིམས་ཁང་ལ་སྲོག་ཁྲིམས་བསྐྱར་ཞིབ་བྱ་རྒྱུར་འབུལ་རྒྱུ་དང་། སྲོག་ཁྲིམས་བཅད་ཆོག་པའི་ཆོག་མཆན་སྤྲད་རྗེས། མཐར་སྲོག་ཐོག་ཏུ་གཏོང་བའི་དུས་རིམ་ལ་སླེབས་རྒྱུ་རེད།


     ཤེས་རྟོགས་བྱུང་བར་གཞིགས་ན། ཡུས་ཧྭ་དབྱིང་གིས་སྔ་ཕྱིར་བྱིས་པ་17བསླུ་འཚོང་བྱས་ཡོད་པ་རེད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན


【གཤམ་གྱི་ཡི་གེ་སྔོན་པོའི་ཐོག་སོ་སོའི་ནང་དོན་འཚོལ་ཆོག】
【点击下方蓝色字样了解相关资讯】



    ནང་དོན་དཀར་ཆག་རེའུ་མིག



ནང་ཆོས་སྡེ།
#རིག་གཞུང་དཔྱད་རྩོམ་མཛོད།
#ཆོས་གཞུང་ཁྲིད་མཛོད།
#རྗེེ་ཙོང་ཁ་པ་དང་འབྲེལ་བའི་རྩོམ
#དགེ་ལྡན་དྲ་མཛོད།
#པཎ་ཆེན་མཛད་བཟང་མཛོད།
#ཞལ་འདོན་མཛོད།
#ལེགས་བཤད་མཛོད།
#གནའ་དེང་བསླབ་བྱ་མཛོོད།
རྣམ་ཐར།
#རྣམ་ཐར་འཆད་མཛོད།
#དགའ་ལྡན་ཁྲི་པ་རིམ་བྱོན།
#གུང་ཐང་སྐུ་ཕྲེང་རིམ་བྱོན།
#ཀུན་མཁྱེན་འཇམ་བཞད་སྐུ་ཕྲེང་།


སྐད་ཡིག་གི་སྡེ།
#སྐད་ཡིག་ཤེས་བྱའི་མཛོད།
#སྒྱུར་རྩོམ་མཛོད།
#ཡིག་གཟུགས་མཛོད།

གསོ་རིག་སྡེ།
#བདེ་ཐང་མཛོད།
#འཕྲོད་བསྟེན་ཤེས་བྱའི་མཛོད།
#ཡིག་ལྡན་བདེ་ཐང་མཛོད།
#ཡམས་ནད་འགོག་སྲུང་མཛོད།
#འཚོ་བའི་རྒྱུན་ཤེས་མཛོད།

སློབ་གསོའི་སྡེ།
#ཁྱིམ་ཚང་སློབ་གསོའི་མཛོད།
#དམངས་སྲོལ་མཛོད།
#ཁྲིམས་ལུགས་མཛོད།

ལྗོངས་རྒྱུ་སྡེ།
#གནས་མཆོག་ཡུལ་སྐོར་མཛོད།
#གནས་བཤད་མཛོད
#གནའ་ཤུལ་མཛོད།
#སྐད་ཡིག་ཤེས་བྱའི་མཛོད།

གསར་འགྱུར་སྡེ།
#གཏམ་གསར་མཛོད།
#གཏམ་བཟང་མཛོད།
#རྒྱལ་སྤྱིའི་གཏམ་གསར་མཛོད།

རིག་གཞུང་འཆད་ཁྲིད་སྡེ།
#བརྡ་སྤྲོད་འཆད་ཁྲིད་མཛོད།
#གསོ་རིག་འཆད་མཛོད།
#ལོ་རྒྱུས་འཆད་མཛོད།

རིག་རྩལ་གྱི་སྡེ།
#ཚན་རིག་ཤེས་བྱའི་མཛོད།

སྒྱུ་རྩལ་སྡེ།
#སྒྱ་རྩལ་མི་སྣའི་མཛོད།
#གཞས་མ་མཚོ་བྱུང་།
#གཞས་མ་གཡང་ཕྱུག་མཚོ།
#ཁྱུང་པོ་ཆོས་སྒྲོན།

གློག་བརྙན་གྱི་སྡེ།
#སྟོན་པའི་རྣམ་ཐར་དབུས་སྐད།
#སྟོན་པའི་མཛད་རྣམ། ཁམས་སྐད།


འཇིག་རྟེན་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ། །

མི་ནད་ཕྱུགས་ནད་སད་སེར་ཐན་པ་དང༌། །

དམག་འཁྲུག་མུ་གེའི་རྒུད་པ་ཀུན་སེལ་ཞིང༌། །

ཚེ་རིང་ནད་མེད་བདེ་དང་ལྡན་པར་ཤོག 

广袤世界所有国度内,

人疾畜病冰霜旱涝灾,

战乱灾荒衰败皆熄灭,

祈愿长寿无病具享乐!



ཀུན་ཁྱབ་འོད་སྣང་འཕྲིན་སྟེགས། 

གཞན་ལ་སྐུར།

ཉར་ཚགས།

མཐེ་བོང་ནོན།

མེ་ཏོག་ནོན།


广洽明鉴
རྒྱལ་ཁབ་ཀྱི་ཆབ་སྲིད་དང་མི་རིགས་མཐུན་སྒྲིལ་ལ་གནོད་སྐྱོན་ཡོང་བའི་བརྙན་གཞས་རྩོམ་སོགས་མི་སྤེལ།
 最新文章