ཁ་པར་རྩེད་སྟངས་འདིས་ཁྱེད་ཀྱི་མིག་ལ་ལྷག་ཏུ་གནོད་པ་ཆེ་བ་རེད།

文化   2024-11-29 11:51   西藏  
ངལ་གསོའི་སྙན་གཞས་འོས་སྦྱོར།

ཁྱེད་ཀྱིས་ནམ་རྒྱུན་ཟུར་ཉལ་བྱས་ནས་ཁ་པར་རྩེད་བཞིན་ཡོད་དམ། བལྟས་ཚོད་ཀྱིས་བདེ་སྣང་དོད་པའི་འདུག་སྟངས་དེས་མིག་གཟི་ལོག་ཏུ་བསྒྱུར་སླ་བ་མ་ཟད། ཕྲག་པ་དང་སྐེད་པར་གནོད་སྐྱོན་ཐེབས་པའི་ཉེན་ཁ་ཆེ་རུ་གཏོང་སྲིད། ཇི་ལྟར་བྱས་ན་གནོད་འཚེ་འདི་དག་ཉུང་དུ་གཏོང་ཐུབ། མྱུར་དུ་ཁ་པར་རྩེད་སྟངས་ཡང་དག་པ་སྦྱོང་པར་ཤོག 

དང་པོ། ཟུར་ཉལ་བྱས་ནས་ཁ་པར་རྩེད་པའི་གནོད་འཚེ་ཁྱེད་ཀྱི་བསམ་ཡུལ་ལས་འདས་སྲིད། 

དུས་ཡུན་རིང་པོར་ཟུར་ཉལ་བྱས་ནས་ཁ་པར་རྩེད་ན། སྔས་མགོ་དང་ཉེ་བའི་མིག་གི་ཁྲག་རྩར་གནོན་ཤུགས་ཐེབས་པས། ཁྲག་མཁོ་འདོན་མི་འདང་བར་གྱུར་ཞིང་། དུས་ཡུན་རིང་དྲགས་ན་སྦོས་པའི་ཚོར་སྣང་འབྱུང་སླ་ཞིང་། དུས་ཐུང་རིང་གཟུགས་རིས་བསྐྱར་ཟློས་མཐོང་བ་དང་རྫི་མའི་ཤ་གནད་རེངས་འཁུམ་འབྱུང་སྲིད། 

ད་དུང་འདུག་སྟངས་འདི་རིགས་ཀྱིས་མིག་གཡས་གཡོན་སྤྱོད་ཚད་ཆ་མི་སྙོམས་པར་གྱུར་བ་དང་། རྟག་པར་དེ་ལྟར་བྱས་ན་མིག་ལ་ངལ་དུབ་བཟོས་ནས། གནས་སྐབས་རང་བཞིན་གྱི་མིག་ཡ་གཅིག་གི་མིག་ཤེད་ཞན་དུ་འགྲོ་སྲིད། 


གཉིས་པ། མིག་ལ་ཕོག་པའི་གནོད་འཚེ་ཕུད། ཕྲག་པ་དང་སྐེད་པར་ཕོག་པའི་གནོད་འཚེ་ལའང་སྣང་ཆུང་མ་བྱེད།
དོན་དམ་པར་ཟུར་ཉལ་བྱས་ནས་ཁ་པར་རྩེད་ཀྱང་མ་རྩེད་རུང་། ཁ་པར་རྩེད་པའི་དུས་ཡུན་རིང་དྲགས་ན་མིག་ལ་ངལ་དུབ་བཟོ་སྲིད། འདུག་སྟངས་གཞན་དག་དང་བསྡུར་ན་ཟུར་ཉལ་བྱས་ནས་ཁ་པར་རྩེད་ན་སྒལ་ཚིགས་ལ་གནོད་འཚེ་ཕོག་སླ་བ་ཡོད། 

ང་ཚོ་གན་རྐྱལ་དུ་ཉལ་སྐབས། སྒལ་ཚིགས་ལ་ཐེབས་པའི་གནོན་ཤུགས་ཕལ་ཆེར་25%ཡིན་པ་དང་། ཟུར་ཉལ་བྱེད་སྐབས། ཕྲག་པ་དང་རྒྱབ། སྐེད་པ་བཅས་མལ་ཁྲི་དང་ཐུག་རེག་བྱེད་པའི་རྒྱ་ཁྱོན་ཆུང་དུ་སོང་ཞིང་། ནང་ཁྲོལ་གྱི་ལྗིད་ཤུགས་འོག སྒལ་ཚིགས་མར་སྒུར་ཞིང་གཅུས་པ། ཐེབས་ཤུགས་ཆེ་རུ་སོང་ནས་གནོན་ཤུགས་ཧ་ལམ་75%ཟིན་ཡོད་པ་རེད། 

གལ་ཏེ་སྒལ་ཚིགས་མ་བདེ་ན། སྣང་ཆུང་གཏན་ནས་མ་བྱེད། གཤམ་གསལ་གྱི་བྱེད་སྟངས་ཆུང་ཆུང་འདིས་ན་ཟུག་ལྷོད་དུ་གཏོང་ཐུབ། དགོས་ངེས་ཀྱི་སྐབས་སུ་སྨན་པར་བསྟེན་དགོས། 

གསུམ་པ། ཁ་པར་རྩེད་སྟངས་ཡང་དག་པ་འདི་4ཉར་ཚགས་གནང་རོགས།

༡.མིག་དང་ཁ་པར་གྱི་བར་ཐག་ལ་དོ་སྣང་བྱེད་དགོས། 
རྒྱུན་ལྡན་གྱི་བེད་སྤྱོད་དམ་ཡང་ན་ཉལ་ནས་ཁ་པར་རྩེད་པ་གང་ཡིན་ཡང་།  འཆར་ངོས་དང་མིག་གི་བར་ཐག་ཉེ་དྲགས་མི་རུང་། བར་ཐག་ལི་སྨི་50ནས་70འཇོག་དགོས། 

༢.དཀར་ཆ་དོད་མིན་ལ་དོ་སྣང་བྱེད་དགོས། 

དཀར་ཆ་དོད་པོ་མེད་སྐབས། ང་ཚོའི་མིག་གི་རྒྱལ་མོ་ཆེར་ཕྱེ་ནས་དཀར་ཆ་སྔར་ལས་མང་པོ་འཚོལ་བསྡུ་བྱེད་སྲིད། དེ་ལས་ལྡོག་ན་མིག་གི་རྒྱལ་མོ་ཇེ་ཆུང་དུ་སོང་ནས་དཀར་ཆ་འཛུལ་ཚད་ཉུང་དུ་གཏོང་སྲིད། གལ་ཏེ་མུན་ནག་གི་ཁོར་ཡུག་ཁྲོད་ཁ་པར་རྩེད་ན། མིག་གི་རྒྱལ་མོས་སྙོམས་སྒྲིག་བྱེད་ཚད་མང་དུ་བཏང་སྲིད་པས།  མཐོང་འཛིན་ངལ་དུབ་འབྱུང་སླ་ལ། གློ་བུར་ལྗང་འགྲིབ་མིག་ནད་སློང་སྲིད་ཅིང་། ཚབས་ཆེ་ན་མིག་དབང་ཉམས་སྲིད།

༣.བེད་སྤྱོད་ཡུན་ལ་དོ་སྣང་བྱེད་དགོས། 

དུས་ཡུན་རིང་པོར་གློག་རྡུལ་འཆར་ངོས་ལ་མི་ལྟ་བ་དང་། ཉིན་རེར་ཁ་པར་འཆར་ངོས་ལ་ལྟ་བའི་དུས་ཚོད་ཆུ་ཚོད་4ལས་མི་བརྒལ་བ། ཁ་པར་ལ་སྐར་མ་20ཡས་མས་བལྟས་རྗེས་ཐག་རིང་དུ་རྒྱང་ལྟ་སྐར་ཆ་20བྱེད་དགོས། 

གལ་ཏེ་མིག་མི་བདེ་ན་གཤམ་གསལ་གྱི་བྱེད་སྟངས་འདི་3བརྒྱུད་མིག་ཇེ་བདེ་རུ་གཏོང་ཆོག


༤.མིག་མང་ཙམ་རྡེབ་དགོས། 
རྒྱུན་ལྡན་གྱི་གནས་ཚུལ་འོག  ང་ཚོའི་མིག་སྐར་མ་རེར་ཐེངས་24རྡེབ་པ་དང་། མིག་རྡེབ་ཐེངས་རེར་མིག་ཆུ་ཟགས་ནས་མིག་ནང་བརླན་བཤེར་ལྡན་པའི་འགན་ལེན་བྱེད་བཞིན་ཡོད། ཁ་པར་རྩེད་སྐབས་མིག་རྡེབ་ཐེངས་ཉུང་དུ་སོང་ཞིང་མིག་ཆུ་ཟགས་ཚད་མི་འདང་བར་གྱུར་བས། མིག་ནང་སྐམ་པོར་གྱུར་བ་དང་། དུས་ཡུན་རིང་པོ་འགོར་ན་མིག་ནད་སྐམ་ཚག་ཐོན་སྲིད། 
མིག་མང་ཙམ་རྡེབ་པ་ཕུད། མིས་བཟོས་མིག་ཆུ་བླུགས་པ་སོགས་ཀྱི་བྱ་ཐབས་བརྒྱུད་མིག་ནད་སྐམ་ཚག་སྔོན་འགོག་བྱེད་ཆོག 
གལ་ཏེ་ནོར་འཁྲུལ་གྱི་ཁ་པར་རྩེད་སྟངས་དབང་གིས་མིག་མི་བདེ་བའི་སྣང་ཚུལ་ཏེ། མིག་སྐམ་པ་དང་འོད་ལ་སྐྲག་པ། སྐྲངས་གཟེར་རྒྱག་པ་སོགས་ཀྱི་གནད་དོན་བྱུང་ན། དེ་མུར་སྨན་ཁང་དུ་སྨན་པ་བསྟེན་པར་འགྲོ་དགོས། སྣང་ཆུང་གཏན་ནས་བྱེད་མི་རུང་། མྱུར་དུ་བརྒྱུད་བསྐུར་བྱས་ནས་ཁྱིམ་མི་དང་གྲོགས་པོར་དྲན་སྐུལ་གནང་རོགས། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།


【གཤམ་གྱི་ཡི་གེ་སྔོན་པོའི་ཐོག་སོ་སོའི་ནང་དོན་འཚོལ་ཆོག】
【点击下方蓝色字样了解相关资讯】




    ནང་དོན་དཀར་ཆག་རེའུ་མིག



ནང་ཆོས་སྡེ།
#རིག་གཞུང་དཔྱད་རྩོམ་མཛོད།
#ཆོས་གཞུང་ཁྲིད་མཛོད།
#རྗེེ་ཙོང་ཁ་པ་དང་འབྲེལ་བའི་རྩོམ
#དགེ་ལྡན་དྲ་མཛོད།
#པཎ་ཆེན་མཛད་བཟང་མཛོད།
#ཞལ་འདོན་མཛོད།
#ལེགས་བཤད་མཛོད།
#གནའ་དེང་བསླབ་བྱ་མཛོོད།
རྣམ་ཐར།
#རྣམ་ཐར་འཆད་མཛོད།
#དགའ་ལྡན་ཁྲི་པ་རིམ་བྱོན།
#གུང་ཐང་སྐུ་ཕྲེང་རིམ་བྱོན།
#ཀུན་མཁྱེན་འཇམ་བཞད་སྐུ་ཕྲེང་།


སྐད་ཡིག་གི་སྡེ།
#སྐད་ཡིག་ཤེས་བྱའི་མཛོད།
#སྒྱུར་རྩོམ་མཛོད།
#ཡིག་གཟུགས་མཛོད།

གསོ་རིག་སྡེ།
#བདེ་ཐང་མཛོད།
#འཕྲོད་བསྟེན་ཤེས་བྱའི་མཛོད།
#ཡིག་ལྡན་བདེ་ཐང་མཛོད།
#ཡམས་ནད་འགོག་སྲུང་མཛོད།
#འཚོ་བའི་རྒྱུན་ཤེས་མཛོད།

སློབ་གསོའི་སྡེ།
#ཁྱིམ་ཚང་སློབ་གསོའི་མཛོད།
#དམངས་སྲོལ་མཛོད།
#ཁྲིམས་ལུགས་མཛོད།

ལྗོངས་རྒྱུ་སྡེ།
#གནས་མཆོག་ཡུལ་སྐོར་མཛོད།
#གནས་བཤད་མཛོད
#གནའ་ཤུལ་མཛོད།
#སྐད་ཡིག་ཤེས་བྱའི་མཛོད།

གསར་འགྱུར་སྡེ།
#གཏམ་གསར་མཛོད།
#གཏམ་བཟང་མཛོད།
#རྒྱལ་སྤྱིའི་གཏམ་གསར་མཛོད།

རིག་གཞུང་འཆད་ཁྲིད་སྡེ།
#བརྡ་སྤྲོད་འཆད་ཁྲིད་མཛོད།
#གསོ་རིག་འཆད་མཛོད།
#ལོ་རྒྱུས་འཆད་མཛོད།

རིག་རྩལ་གྱི་སྡེ།
#ཚན་རིག་ཤེས་བྱའི་མཛོད།

སྒྱུ་རྩལ་སྡེ།
#སྒྱ་རྩལ་མི་སྣའི་མཛོད།
#གཞས་མ་མཚོ་བྱུང་།
#གཞས་མ་གཡང་ཕྱུག་མཚོ།
#ཁྱུང་པོ་ཆོས་སྒྲོན།

གློག་བརྙན་གྱི་སྡེ།
#སྟོན་པའི་རྣམ་ཐར་དབུས་སྐད།
#སྟོན་པའི་མཛད་རྣམ། ཁམས་སྐད།


འཇིག་རྟེན་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ། །

མི་ནད་ཕྱུགས་ནད་སད་སེར་ཐན་པ་དང༌། །

དམག་འཁྲུག་མུ་གེའི་རྒུད་པ་ཀུན་སེལ་ཞིང༌། །

ཚེ་རིང་ནད་མེད་བདེ་དང་ལྡན་པར་ཤོག 

广袤世界所有国度内,

人疾畜病冰霜旱涝灾,

战乱灾荒衰败皆熄灭,

祈愿长寿无病具享乐!



ཀུན་ཁྱབ་འོད་སྣང་འཕྲིན་སྟེགས། 

གཞན་ལ་སྐུར།

ཉར་ཚགས།

མཐེ་བོང་ནོན།

མེ་ཏོག་ནོན།

广洽明鉴
རྒྱལ་ཁབ་ཀྱི་ཆབ་སྲིད་དང་མི་རིགས་མཐུན་སྒྲིལ་ལ་གནོད་སྐྱོན་ཡོང་བའི་བརྙན་གཞས་རྩོམ་སོགས་མི་སྤེལ།
 最新文章