བོད་ཀྱི་བང་ཕིག་ལ་ཨ་ཤེ་ཡའི་གསེར་གྱི་བྱ་དགའ་ཐོབ་འདུག

文化   2024-11-24 18:22   西藏  

ཟླ་11ཚེས་15ཉིན་ནས་ཚེས་17ཉིན་བར། “2024ACEཨ་ཤེ་ཡའི་བཟའ་བཏུང་འགྲེམས་ཚོགས་དང་ཨ་ཤེ་ཡའི་གཡོས་སྦྱོར་འགྲན་བསྡུར་ཆེན་མོ” ཧྲན་ཏུང་ཅི་ནན་དུ་སྤེལ་འགོ་ཚུགས་ཡོད། གཞིས་རྩེ་གྲོང་ཁྱེར་ལག་རྩལ་ལས་རིགས་སློབ་གྲྭའི་དགེ་རྒན་ཀུན་བཟང་དབང་རྒྱལ་གྱིས་བཟོས་པའི《བཀྲ་ཤིས་ནས་ཀྱི་བང་ཕིག》ལ་འགྲན་བསྡུར་ཆེན་མོའི་ཐོག“ཨ་ཤེ་ཡའི་གསེར་གྱི་བྱ་དགའ”ཐོབ་འདུག



 སྐབས་འདིའི་ཨ་ཤེ་ཡའི་གཡོས་སྦྱོར་འགྲེམས་ཚོགས་ཀྱིས་ཨ་རི་དང་འཇར་མན། སོ་ཏི་ཨ་རབ། པར་ཙིར། ཨུ་རུ་སུ། ལྗར་པན། ལྷོ་ཁོ་རེ་ཡ་སོགས་རྒྱལ་ཁབ་དང་ས་ཁུལ་བཅུ་ལྷག་ཙམ་འགྲེམས་སྟོན་དང་ཚོགས་འདུ། འགྲན་བསྡུར་བཅས་ཀྱི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད། རྒྱལ་ཁབ་དང་ས་ཁུལ་མང་པོ་ནས་ཡོང་བའི་འཐུས་མི་རུ་ཁག་40ཡི་འགྲན་ཞུགས་པ་500ལྷག་གིས་འགྲན་བསྡུར་ནང་རང་སོའི་འཇོན་ཐང་ངོམས་ཡོད། 



བང་ཕིག་ནི་བོད་སྲན་གྱིས་བཟོས་པའི་གཞིས་རྩེའི་འཐུབ་ཚབ་རང་བཞིན་ལྡན་པའི་ཁྱད་ལྡན་སིལ་ཟས་ཤིག་ཡིན་ཞིང་། མང་ཚོགས་ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། 2009ལོར། བང་ཕིག་བཟོ་རྩལ་དེ་བོད་རང་སྐྱོང་ལྗོངས་ཀྱི་ཁག་གསུམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་ཡོད། 



འགྲན་བསྡུར་ཆེན་མོའི་ནང་། ཀུན་བཟང་དབང་རྒྱལ་གྱིས་སྲོལ་རྒྱུན་གྱི་བང་ཕིག་བཟོ་སྟངས་རྨང་གཞིར་བྱས་ཐོག་དེར་ནས་རྒྱུ་མཉམ་འདྲེས་བྱས་ནས་གཞིས་རྩེའི་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་ཞིམ་ཟས《བཀྲ་ཤིས་ནས་ཀྱི་བང་ཕིག》བཟོས་ཡོད་པ་དང་། དེར་ཆེད་མཁས་པའི་དཔྱད་འདེམས་པ་དང་ཚོགས་ཞུགས་ལས་རིགས་གཅིག་པའི་མི་སྣའི་ཁས་ལེན་ཐོབ་ཡོད། 



 གཞིས་རྩེ་གྲོང་ཁྱེར་ལག་རྩལ་ལས་རིགས་སློབ་གྲྭའི་སློབ་སྤྱི་ལུའོ་ཤིན་གྱིས། སློབ་གྲྭས་ཆེད་ལས་ཁག་འཛུགས་སྐྱོང་དང་འཕེལ་རྒྱས་ལ་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་ནས། སྤྱི་ཚོགས་དང་ཁེ་ལས་ལ་མཁོ་བའི་བྱང་ཚད་མཐོ་བ་དང་རྩལ་ནུས་ཆེ་བའི་ཆེད་ལས་རྩལ་ནུས་མི་སྣ་སྔར་བས་མང་བ་གསོ་སྐྱོང་བྱ་རྒྱུ་ཡིན་ཞེས་གསུངས་འདུག


ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།


【གཤམ་གྱི་ཡི་གེ་སྔོན་པོའི་ཐོག་སོ་སོའི་ནང་དོན་འཚོལ་ཆོག】
【点击下方蓝色字样了解相关资讯】



    ནང་དོན་དཀར་ཆག་རེའུ་མིག



ནང་ཆོས་སྡེ།
#རིག་གཞུང་དཔྱད་རྩོམ་མཛོད།
#ཆོས་གཞུང་ཁྲིད་མཛོད།
#རྗེེ་ཙོང་ཁ་པ་དང་འབྲེལ་བའི་རྩོམ
#དགེ་ལྡན་དྲ་མཛོད།
#པཎ་ཆེན་མཛད་བཟང་མཛོད།
#ཞལ་འདོན་མཛོད།
#ལེགས་བཤད་མཛོད།
#གནའ་དེང་བསླབ་བྱ་མཛོོད།
རྣམ་ཐར།
#རྣམ་ཐར་འཆད་མཛོད།
#དགའ་ལྡན་ཁྲི་པ་རིམ་བྱོན།
#གུང་ཐང་སྐུ་ཕྲེང་རིམ་བྱོན།
#ཀུན་མཁྱེན་འཇམ་བཞད་སྐུ་ཕྲེང་།


སྐད་ཡིག་གི་སྡེ།
#སྐད་ཡིག་ཤེས་བྱའི་མཛོད།
#སྒྱུར་རྩོམ་མཛོད།
#ཡིག་གཟུགས་མཛོད།

གསོ་རིག་སྡེ།
#བདེ་ཐང་མཛོད།
#འཕྲོད་བསྟེན་ཤེས་བྱའི་མཛོད།
#ཡིག་ལྡན་བདེ་ཐང་མཛོད།
#ཡམས་ནད་འགོག་སྲུང་མཛོད།
#འཚོ་བའི་རྒྱུན་ཤེས་མཛོད།

སློབ་གསོའི་སྡེ།
#ཁྱིམ་ཚང་སློབ་གསོའི་མཛོད།
#དམངས་སྲོལ་མཛོད།
#ཁྲིམས་ལུགས་མཛོད།

ལྗོངས་རྒྱུ་སྡེ།
#གནས་མཆོག་ཡུལ་སྐོར་མཛོད།
#གནས་བཤད་མཛོད
#གནའ་ཤུལ་མཛོད།
#སྐད་ཡིག་ཤེས་བྱའི་མཛོད།

གསར་འགྱུར་སྡེ།
#གཏམ་གསར་མཛོད།
#གཏམ་བཟང་མཛོད།
#རྒྱལ་སྤྱིའི་གཏམ་གསར་མཛོད།

རིག་གཞུང་འཆད་ཁྲིད་སྡེ།
#བརྡ་སྤྲོད་འཆད་ཁྲིད་མཛོད།
#གསོ་རིག་འཆད་མཛོད།
#ལོ་རྒྱུས་འཆད་མཛོད།

རིག་རྩལ་གྱི་སྡེ།
#ཚན་རིག་ཤེས་བྱའི་མཛོད།

སྒྱུ་རྩལ་སྡེ།
#སྒྱ་རྩལ་མི་སྣའི་མཛོད།
#གཞས་མ་མཚོ་བྱུང་།
#གཞས་མ་གཡང་ཕྱུག་མཚོ།
#ཁྱུང་པོ་ཆོས་སྒྲོན།

གློག་བརྙན་གྱི་སྡེ།
#སྟོན་པའི་རྣམ་ཐར་དབུས་སྐད།
#སྟོན་པའི་མཛད་རྣམ། ཁམས་སྐད།


འཇིག་རྟེན་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ། །

མི་ནད་ཕྱུགས་ནད་སད་སེར་ཐན་པ་དང༌། །

དམག་འཁྲུག་མུ་གེའི་རྒུད་པ་ཀུན་སེལ་ཞིང༌། །

ཚེ་རིང་ནད་མེད་བདེ་དང་ལྡན་པར་ཤོག 

广袤世界所有国度内,

人疾畜病冰霜旱涝灾,

战乱灾荒衰败皆熄灭,

祈愿长寿无病具享乐!



ཀུན་ཁྱབ་འོད་སྣང་འཕྲིན་སྟེགས། 

གཞན་ལ་སྐུར།

ཉར་ཚགས།

མཐེ་བོང་ནོན།

མེ་ཏོག་ནོན།


广洽明鉴
རྒྱལ་ཁབ་ཀྱི་ཆབ་སྲིད་དང་མི་རིགས་མཐུན་སྒྲིལ་ལ་གནོད་སྐྱོན་ཡོང་བའི་བརྙན་གཞས་རྩོམ་སོགས་མི་སྤེལ།
 最新文章