ལོ་112ལོན་པའི་འཛམ་གླིང་ཐོག་ཚེ་རིང་ཤོས་ཀྱི་སྐྱེས་པ་ཞིག་གྲོངས་འདུག
ཚེས་༢༦ཉིན་ཇི་ནེ་སི་འཛམ་གླིང་ཟིན་ཐོའི་གཞུང་ཕྱོགས་ཀྱིས་སྤྱི་བསྒྲགས་བྱས་པ་ལྟར་ན། དབྱིན་ཇི་ནས་ཡིན་པའི་འཛམ་གླིང་ཐོག་ཚེ་རིང་ཤོས་ཀྱི་སྐྱེས་པ་ཡཱོ་ཧན་ཐིང་ནེ་སི་ཝུའུ་ཏེ་ཟླ་11པའི་ཚེས་25ཉིན་ཚེས་ལས་འདས་ཡོད། འདས་དུས་དགུང་ལོ་112ལོན་ཡོད་པ་རེད།
ཡཱོ་ཧན་ཐིང་ནེ་སི་ཝུའུ་ཏེ་ནི་ཐའེ་ཊན་ནི་ཁེ་རྟགས་ཅན་གྱི་༼泰坦尼克号༽་གྲུ་གཟིངས་ཆེན་མོ་རྒྱ་མཚོའི་ནང་ནུབ་པའི་ལོ་དེར་༼1912༽སྐྱེས་ཤིང་། ཁོང་གིས་མི་ཚེའི་ནང་འཛམ་གླིང་འཁྲུག་ཆེན་གཉིས་བརྒྱུད་མྱོང་ཡོད་པ་རེད། ཁོང་གིས་རང་ཉིད་ཚེ་རིང་བའི་ཐབས་མཆོག་ནི་ལམ་འགྲོ་ཁོ་ན་ཡིན། ཁྱེད་རང་ཚེ་རིང་པོ་འཚོ་བའམ་ཚེ་ཐུང་ངུ་འཚོ་བ་འདིའི་ཐད་ཐབས་ཤེས་གང་ཡང་ཡོད་པ་མ་རེད་ཟེར། གནས་ལུགས་དེ་ལྟར་ཡིན་ནའང་ཁོང་གིས་བྱ་བ་ཅི་ཞིག་ཡིན་ཀྱང་ཚད་རན་པའམ་འོས་འཚམ་གྱིས་བདེ་ཐང་འཚོ་བ་རོལ་དགོས་པ་དང་། གལ་ཏེ་འཐུང་རྒྱུ་མང་དྲག་པ་དང་། ཟ་རྒྱུ་མང་དྲག་པ། འགྲོ་རྒྱུ་མང་དྲག་པའམ་ཡང་ན་ལས་རྒྱུ་མང་དྲག་ན་མཐའ་མ་སྡུག་བསྔལ་མྱོང་མཁན་ནི་རང་ཉིད་ཁོ་ན་ཡིན་པ་བཤད།
འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ་ཡཱོ་ཧན་ཐིང་ནེ་སི་ཝུའུ་ཏེ་ཡིས་སྐམ་དམག་དམག་མཁོའི་དམག་དཔུང་དུ་སྲིད་འཛིན་ལས་འགན་སྒྲུབ་མྱོང་ཡོད་པ་རེད། རྗེས་སུ་ཁཱི་ཕཱེ་ཞེས་པའི་དབྱིན་ཇེའི་རྡོ་སྣུམ་ཚོང་ལས་ཀྱི་སྤྱི་གཉེར་ཁང་དུ་རྩིས་གཉེར་ལས་ཀ་བྱས། ཁྱིམ་མི་ཚོའི་སེམས་ངོས་སུ་ཁོང་ནི་སྤྱང་གྲུང་ལྡན་ཅིང་བློ་ཐག་ཆོད་པ་དང་སྙིང་སྟོབས་ཡོད་པའི་མི་ཞིག་ཡིན་པ་མ་ཟད། ཉེན་ཁ་གང་དང་འཕྲད་ཀྱང་སེམས་འཚབ་མི་ཤོར་ལ། ལྷག་པར་དུ་རྩིས་རིག་ལ་ལྷན་སྐྱེས་ཀྱི་ཤེས་རབ་ལྡན་ཞིང་སྨྲ་བརྗོད་མཁས་པ་ཞིག་ཀྱང་ཡིན་པ་རེད། ཁོང་ད་དུང་ལི་ཝུའུ་ཕུའུ་རྐང་གྲུག་རོལ་རྩེད་ཚོགས་པར་ཚེ་གཅིག་གི་རྒྱབ་སྐྱོར་བྱེད་མཁན་ཡིན་ཏེ། གཟའ་འཁོར་རེ་རེའི་གཟའ་པ་སངས་ཉིན་ཉ་ཤ་སྣུམ་བསྲེགས་དང་ཞོག་གཤར་ཟ་གིན་ཡོད་པ་རེད།
ཚེ་རིང་བའི་མན་ངག་གམ་ཐབས་མཆོག་ནི་ལམ་འགྲོ་རྐྱང་པ་ཙམ་མ་ཡིན་པར་གལ་ཆེ་ཤོས་ནི་བྱ་བ་ཅི་ཞིག་ཡིན་ཀྱང་ཚད་རན་པའི་རྩ་དོན་གཙོ་བོ་འཛིན་རྒྱུ་དེ་ཡིན་ལ། གནས་ལུགས་འདི་ནི་ཀྲུང་གོ་བས་བརྩི་མཐོང་བྱེད་པའི་བཏང་སྙོམས་རིང་ལུགས་དང་མ་བགྲོས་གཅིག་མཐུན་ཡིན་ཏེ། འཚོ་བའི་ཁྲོད་ཕྱོགས་ཡོངས་ནས་ཆ་སྙོམས་པར་བྱེད་རྒྱུ་གལ་ཆེ་བ་བསྟན་ཡོད་པ་བཞིན། ཡཱོ་ཧན་ཐིང་ནེ་སི་ཝུའུ་ཏེ་ལགས་ཀྱིས་འོས་ཤིང་འཚམ་པའམ་ཚད་རན་པའི་འཚོ་བ་བསྐྱལ་བས་མི་ཕལ་བ་ལས་ཚེ་རིང་པོ་ཐོབ་ཡོད། དེ་དང་དུས་མཚུངས་སུ་ལོ་ན་དོན་དགུ་ཟིན་པའི་གྷི་རིའ་སིའི་ཨ་ཁུ་རྒན་པ་ཞིག་གིས་ཀྱང་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཐབས་ལམ་ལ་བརྟེན་ནས་ལོ་རྒས་ཀྱང་གཞོན་ཤུགས་རྒྱས་པའི་ཁོ་རང་གིས་ཅིས་ཕྱིར་རྐང་དམག་གི་ཁྲབ་རྨོག་གྱོན་ནས་རྐང་རྗེན་ལ་ལེ་དབར་42ཀྱི་མ་ར་སོན་རྒྱུག་འགྲན་བྱས་ནས་ཕུལ་དུ་བྱུང་བའི་སྙིང་རུས་དང་ཆོད་སེམས་བྱུང་བ་འགྲེལ་བཤད་བྱས་ཡོད།
༼གྷི་རི་སིའི་གྲོང་ཁྱེར་སྐབས་དོན་ཚགས་པར་༽གྱིས་གསར་འགྱུར་སྤེལ་བ་གཞིགས་ན། དབྱི་ལ་ཁེ་ལི་ཝུང་ནས་ཡིན་པའི་ཨ་ཧྥུ་ལ་མ་ཅི་སི་ཡིས་ཨ་ཐེན་མ་ར་སོན་འགྲན་རྒྱུག་དངོས་ལས་ལྟད་མོ་བ་མང་པོ་ཞིག་གི་མིག་དབང་འཕྲོག་ཡོད་པ་རེད། ཁྱད་ཆོས་ལྡན་པའི་གནའ་བོའི་གྷི་རི་སིའི་རྐང་དམག་གི་གོ་མཚོན་གྱོན་ནས་སྐད་གྲགས་ཆགས་ཡོད་པའི་ལོ་ན་དོན་གསུམ་ཟིན་པའི་རྒན་པོ་འདིས་ཆུ་ཚོད་8དང་སྐར་མ་47ནང་ལེ་དབར་42ཀྱི་རྒྱུག་འགྲན་གྲུབ་འབྲས་བླངས་ཡོད་པ་མ་ཟད། འདི་ནི་ད་ལོར་ཁོ་རང་གིས་ལོ་རྒྱུས་ཀྱི་གོ་ཁྲབ་གྱོན་ནས་མ་ར་སོན་རྒྱུག་འགྲན་ནང་ཞུགས་པ་ཐེངས་18་པ་ཡིན་པས། ཧྥེ་ཏི་པེ་ཏི་སི་ཞེས་པའི་མ་ར་སོན་རྒྱུག་མཁན་དང་པོའི་ངོ་མཚར་ཆེ་བའི་རྒྱུག་ཤར་བསྐྱར་དུ་མངོན་པར་བྱས།
བཅར་འདྲི་བྱེད་དུས་ཨ་ཧྥུ་ལ་མ་ཅི་སི་ཡིས་མགྱོགས་ཚད་འགྲན་པ་ཙམ་མིན་པར། འགྲན་བསྡུར་ནང་ཞུགས་རྒྱུ་ནི་ཁོ་རང་གི་དམིགས་ཡུལ་གཙོ་བོ་ཡིན་པ་བཤད། ཁོ་རང་གིས་མ་ར་སོན་རྒྱུག་འགྲན་ནི་མིའི་སེམས་ཤུགས་དང་ཉམས་པ་མེད་པའི་བློ་སྟོབས་ཀྱི་མཚོན་རྟགས་ཞིག་ཏུ་བརྩི་བཞིན་ཡོད་པ་རེད། ཟླ་30སྔོན་ལ་ཨ་ཧྥུ་ལ་མ་ཅི་སི་ལ་རླངས་འཁོར་གྱི་དོན་རྐྱེན་ངན་པ་ཞིག་བྱུང་བས་ལྕགས་ཐུར་གྱིས་རྐང་པའི་ཆག་ཤིང་བཟོ་དགོས་བྱུང་ཡོད་ཀྱང་། ཁོ་རང་སེམས་ཤུགས་མི་ཞུམ་པར་སྔར་བཞིན་སྦྱོང་བརྡར་རྒྱུན་སྐྱོང་བྱས་ནས་ལྕགས་ཀྱི་འདེགས་ཤིང་འཇོག་བཞིན་དུ་མ་ར་སོན་རྒྱུག་འགྲན་ནང་ཞུགས་པས་སེམས་ཐག་ཆོད་ན་ལུས་ཀྱི་འགལ་རྐྱེན་གྱིས་འགོག་མི་ཐུབ་པར་ར་སྤྲོད་བྱས་ཡོད།
ལོ་18སྔོན་ལ་ནད་ལྕི་མོ་ཞིག་ཕོག་ནས་ཨ་ཧྥུ་ལ་མ་ཅི་སི་ཉེན་ཁའི་ནད་དཔྱད་ཁང་དུ་ཟླ་གཅིག་རིང་འདུག་དགོས་བྱུང་ཡོད་པ་རེད། ཐེངས་དེའི་རྐྱེན་བྱས་ནས་ཁོས་དེ་ནས་བཟུང་རྐང་རྗེན་དུ་རྒྱུག་ཤར་བྱ་རྒྱུ་ཚོད་ལྟ་བྱས་ཡོད། ཨ་ཧྥུ་ལ་མ་ཅི་སི་ལགས་རྒྱལ་སྤྱིའི་མ་ར་སོན་རྒྱུག་འགྲན་ཐེངས་མང་པོ་ཞུགས་ཡོད་པ་མ་ཟད། སྔོན་ཆད་ད་དུང་ཀྲུང་གོར་ཡོང་ནས་རྒྱུག་འགྲན་ཞུགས་མྱོང་ཡོད་པ་རེད། ཁོང་གིས་ཁྱད་དུ་འཕགས་པའི་གཤིས་རྒྱུད་དང་སྙིང་སྟོབས་ཀྱིས་མི་རྣམས་ཀྱི་སེམས་སུ་བག་ཆགས་ཟབ་མོ་བཞག་ཡོད་ལ། ཁོང་གིས་བྱ་སྤྱོད་དངོས་ལ་བརྟེན་ལོ་ན་རྒས་ཀྱང་སེམས་ཤུགས་མི་ཞུམ་པར་ཚོད་ལྟ་ཕོད་པའི་སྤོབས་པ་ལྡན་ན་མི་སྲིད་པའི་ངོ་མཚར་སྐྲུན་ཐུབ་པ་བདེན་དཔང་བྱས་ཡོད། ལོ་ལོན་ཁོང་གཉིས་ཀྱིས་རང་རང་གི་སྤྱོད་ཚུལ་ལམ་ནས་ཚེ་སྲོག་ལ་འགྲེལ་བཤད་དང་མི་ཚེ་ལ་མཛེས་སྡུག་གི་ཁ་དོག་བསྐྲུན་ཡོད།
ཡོང་ཁུངས། སི་ཁྲོན་ལྟ་ཞིབ།
ཀུན་ཁྱབ་འོད་སྣང་འཕྲིན་སྟེགས།
གཞན་ལ་སྐུར།
ཉར་ཚགས།
མཐེ་བོང་ནོན།
མེ་ཏོག་ནོན།