རྗེ་ཙོང་ཁ་པའི་ལྟ་བ་གསེར་སྦྱང་བཙོ་མ།

文化   2024-11-25 09:41   西藏  
     

ལྟ་བ་གསེར་སྦྱང་བཙོ་མ།


                          གསལ་བཤད། རྩོམ་ཡིག་འདི་འདྲ་ཞིག་འབྲི་དགོས་དོན་ནི་དེང་གི་དུས་འདིར་གྲུབ་མཐའ་རིས་མེད་ཅེས་ཁ་ནས་ཆད་རྒྱུ་མེད་པར་མེད་མུག་ལྟར་འདོན་པའི་མཁས་རློམ་འགའ་རེ་ཡིས། རྗེ་བླ་མའི་ལྟ་བ་འདི་ཅིག་ལ་ཐུག་ཚུལ་དང་ཅིག་དང་མཐུན་ཚུལ་སོགས་བསམ་བཞིན་དང་བསམ་བཞིན་མ་ཡིན་པར་ཉ་ཉོག་བསྲེ་བའི་སྦྱོར་བར་བརྩོན་བཞིན་པ་དང་། ཁྱད་པར་དུ་རེབ་གོང་འཇིགས་མེད་བློ་གྲོས་ཟེར་བའི་བན་རྒན་འཇིག་རྟེན་གཏམ་ལ་གོམས་པ་སྔོན་སོང་ལྟ་བུར་གནས་པ་ཞིག་གིས་ལོ་འགའི་ཡར་སྔོན་ལ་དགེ་ལུགས་པའི་གྲུབ་མཐའི་ཁུངས་འདི་དང་འདི་རེད་ཅེས་སོགས་དང་། ད་རུང་སྔ་འགྱུར་རྙིང་མ་བས་མཚོན་པའི་གྲུབ་མཐའ་སྐོར་ཁག་ཅིག་དྲངས་ནས་ཕ་མ་བུ་ཕྲུག་གི་འབྲེལ་བ་འདྲ་ཞིག་བཤད་ནས་ཞེ་བསླུ་བའི་སྐད་ཆ་རེ་ཟུང་གོ་བ་གཞི་རྟེན་བྱས་ཏེ་དེ་དག་གང་ཡིན་ཡང་རགས་བཤད་ཙམ་ལས་ཕྲ་བོ་བློས་མ་དཔྱད་པའི་གནས་ཚུལ་ཞིག་རེད་ཅེས་བཤད་འདོད་པ་དེའོ། །

འཇམ་མགོན་རྒྱལ་བ་ཡབ་སྲས་ཕྱག་གི་ཡུལ། །
སྒོ་གསུམ་གུས་པས་ལན་བརྒྱར་འདུད་ཅིང་མཆོད། །
གནས་ལུགས་ཟབ་མོའི་དོན་ལ་མི་རྨོངས་པར། །
འཁོར་བའི་མས་མཐའ་ཆོད་པར་བྱིན་གྱིས་རློབས། །

ནོར་བ་ཡེ་མེད་སྟོན་པ་ཐུགས་རྗེ་ཅན། །
དེ་ལུགས་རབ་འཛིན་ཤིང་རྟའི་སྲོལ་གཉིས་གཙོས། །
ལྟ་བའི་གཏིང་ཟིན་རྒྱ་གར་པཎ་གྲུབ་ཀྱི། །
གྲུབ་པའི་མཐའ་ལ་ཁུངས་བཅོལ་རྗེ་ཉིད་གུས།  །

བསྟེན་པའི་བླ་མ་གྲངས་མང་གུས་སྦྱོར་མཁན། །
བསགས་པའི་ཐོས་པ་རྒྱ་ཆེ་མང་བཙལ་བ། །
བསམ་པས་སྒྲོ་སྐུར་བྲག་རིའི་ཕུང་བོ་བཅོམས །།
སྒོམ་པ་མཐར་སོན་དེ་ཉིད་གོམས་ལ་བསྟོད། །

ཟབ་དོན་དབུ་མའི་ལམ་མཆོག་རྟོགས་པ་ལ། །
སུམ་ཚོགས་མཐུན་རྐྱེན་གཅིག་ཏུ་འདྲིལ་བའི་ཚུལ། །
ཁྱད་པར་འཇམ་དབྱངས་ཉེར་བསྟེན་བཤེས་གཉེན་ཆེ། །
ལོག་ལྟ་དྲུང་ནས་འབྱིན་པའི་ཆོས་སྐལ་ཅན། །

བོད་མཁས་དུ་བཅུ་ཕྲག་རེ་ཟུང་མདུན་ལ་གཅར། །
བླང་དོར་ཟབ་མོས་ཆོས་ཚན་མང་དུ་ཐོས། །
འོན་ཏེ་ལྟ་སྤྱོད་བཟང་བོའི་འོད་དཀར་བོ། །
ཆོས་མགོ་རྒྱ་གར་མཁས་པའི་གཏམ་ལས་གོ། །

དིང་འདིར་ལྟ་བའི་འཁྲུལ་སེལ་མཇལ་བའི་ཚེ། །
ཁྱེད་ཀྱི་གྲུབ་མཐའ་ནམ་མཁའི་མཐའ་དང་མཉམ། ། 
དཔྱད་འཇོག་སྒོམ་པའི་ཁྱད་པར་ཕྱེས་པ་ཡིས། །
མུན་པར་སྣང་བ་འབྱེད་ལ་ཅིའི་མི་གུས། ། 

ས་རྙིང་བཀའ་ཇོ་ལྟ་བའི་མཆེད་གཞི་མིན། །
ཚུལ་འཛིན་བཤེས་གཉེན་ཉུང་ཟད་ཡོད་ཀྱང་ཆོག །
རྣམ་དག་ཟབ་དོན་གདམས་པ་རིན་ཆེན་གང་། །
དཔྱད་དོན་རྫོགས་པ་རང་གི་ཤེས་རབ་ཆེ། །

བཀའ་གདམས་གསར་མའི་མཚན་ནི་གཅིག་ཏུ་འཁུར།  །
ཞིབ་མོས་གྲུབ་མཐའ་འདི་ཞེས་ཟུར་འབྱེད་པའི། །
སྨྲ་བའི་སེང་གེ་མཁས་གྲུབ་ཆོས་རྗེ་ཡི། །
གསུང་ལ་མཇལ་ཚེ་གང་གི་ལྟ་བ་རྙེད། །

ད་ལྟ་རང་ཅག་བསོད་ནམས་ཤིན་ཏུ་ཆེ། །
གནས་ལུགས་འབྱེད་པའི་མྱུར་ལམ་འདི་དང་མཇལ། །
གྲུབ་པའི་ཡང་རྩེ་དགེ་ལྡན་བསྟན་པ་འདི། །
ར་སུག་ལུག་ལ་མ་སྦྱོར་དགེ་བཤེས་ཚོ།  །

རྩ་འགྲེལ་དམར་ནག་ཅིག་གིས་གྲུབ་མཐའ་འདི། །
མག་མོག་རབ་རིབ་མ་བཟོ་མཁས་རྒན་ཚོ། །
བསྟན་བཅོས་སྤྱི་སྐད་ལམ་པོ་ཆེ་བོར་ནས། །
གྲོང་བཤད་རགས་པ་ཙམ་གྱིས་འདི་མ་རྫོད། ། 

སྟོང་དང་རྟེན་འབྱུང་གཞི་གཅིག་འབྲེལ་བ་ཡི། །
གྲུབ་པའི་གནས་ལུགས་འདི་ཡང་འདིར་ཐུག་ཞེས། །
བོད་ཡུལ་མུན་པའི་བྱེ་བྲག་གྲུབ་མཐའ་ལ། །
བསྟན་པ་རྣམ་དག་འདི་ནི་ཁུངས་མ་གཏུགས། །

གྲུབ་པའི་མཐར་སོན་དཔལ་ལྡན་ཐལ་འགྱུར་བའི། །
བཤད་སྲོལ་ཇི་བཞིན་ལུང་རིགས་རྒྱན་འཆང་བའི། །
འཇམ་མགོན་ཙོང་ཁ་བ་ཡི་རིང་ལུགས་ཆེ། །
ས་སྟེང་ཁྱབ་པར་མཛད་པའི་དམ་པར་གུས། །
        ཞེས་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་ལྟ་བ་རྨ་མེད་པར་རྟག་ཏུ་གུས་པའི་གྱི་ན་བ་སྒྲ་དབྱངས་སུ་འབོད་པས་མདོ་ཁམས་རྫ་སེར་ཤུལ་དགོན་མཐོ་རིམ་ནང་བསྟན་སློབ་གླིང་དུ་ཧོར་རྩིས་ལྟར་གྱི་རྗེ་གདུང་མཆོད་ལ་ཆེད་དུ་བྲིས།
                        

ཡོང་ཁུངས། ཞོགས་པའི་འོད་སྟོང་འབར་བའི་རྩོམ་རིག་ལས་སྟེགས།


【གཤམ་གྱི་ཡི་གེ་སྔོན་པོའི་ཐོག་སོ་སོའི་ནང་དོན་འཚོལ་ཆོག】
【点击下方蓝色字样了解相关资讯】




    ནང་དོན་དཀར་ཆག་རེའུ་མིག



ནང་ཆོས་སྡེ།
#རིག་གཞུང་དཔྱད་རྩོམ་མཛོད།
#ཆོས་གཞུང་ཁྲིད་མཛོད།
#རྗེེ་ཙོང་ཁ་པ་དང་འབྲེལ་བའི་རྩོམ
#དགེ་ལྡན་དྲ་མཛོད།
#པཎ་ཆེན་མཛད་བཟང་མཛོད།
#ཞལ་འདོན་མཛོད།
#ལེགས་བཤད་མཛོད།
#གནའ་དེང་བསླབ་བྱ་མཛོོད།
རྣམ་ཐར།
#རྣམ་ཐར་འཆད་མཛོད།
#དགའ་ལྡན་ཁྲི་པ་རིམ་བྱོན།
#གུང་ཐང་སྐུ་ཕྲེང་རིམ་བྱོན།
#ཀུན་མཁྱེན་འཇམ་བཞད་སྐུ་ཕྲེང་།


སྐད་ཡིག་གི་སྡེ།
#སྐད་ཡིག་ཤེས་བྱའི་མཛོད།
#སྒྱུར་རྩོམ་མཛོད།
#ཡིག་གཟུགས་མཛོད།

གསོ་རིག་སྡེ།
#བདེ་ཐང་མཛོད།
#འཕྲོད་བསྟེན་ཤེས་བྱའི་མཛོད།
#ཡིག་ལྡན་བདེ་ཐང་མཛོད།
#ཡམས་ནད་འགོག་སྲུང་མཛོད།
#འཚོ་བའི་རྒྱུན་ཤེས་མཛོད།

སློབ་གསོའི་སྡེ།
#ཁྱིམ་ཚང་སློབ་གསོའི་མཛོད།
#དམངས་སྲོལ་མཛོད།
#ཁྲིམས་ལུགས་མཛོད།

ལྗོངས་རྒྱུ་སྡེ།
#གནས་མཆོག་ཡུལ་སྐོར་མཛོད།
#གནས་བཤད་མཛོད
#གནའ་ཤུལ་མཛོད།
#སྐད་ཡིག་ཤེས་བྱའི་མཛོད།

གསར་འགྱུར་སྡེ།
#གཏམ་གསར་མཛོད།
#གཏམ་བཟང་མཛོད།
#རྒྱལ་སྤྱིའི་གཏམ་གསར་མཛོད།

རིག་གཞུང་འཆད་ཁྲིད་སྡེ།
#བརྡ་སྤྲོད་འཆད་ཁྲིད་མཛོད།
#གསོ་རིག་འཆད་མཛོད།
#ལོ་རྒྱུས་འཆད་མཛོད།

རིག་རྩལ་གྱི་སྡེ།
#ཚན་རིག་ཤེས་བྱའི་མཛོད།

སྒྱུ་རྩལ་སྡེ།
#སྒྱ་རྩལ་མི་སྣའི་མཛོད།
#གཞས་མ་མཚོ་བྱུང་།
#གཞས་མ་གཡང་ཕྱུག་མཚོ།
#ཁྱུང་པོ་ཆོས་སྒྲོན།

གློག་བརྙན་གྱི་སྡེ།
#སྟོན་པའི་རྣམ་ཐར་དབུས་སྐད།
#སྟོན་པའི་མཛད་རྣམ། ཁམས་སྐད།


འཇིག་རྟེན་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ། །

མི་ནད་ཕྱུགས་ནད་སད་སེར་ཐན་པ་དང༌། །

དམག་འཁྲུག་མུ་གེའི་རྒུད་པ་ཀུན་སེལ་ཞིང༌། །

ཚེ་རིང་ནད་མེད་བདེ་དང་ལྡན་པར་ཤོག 

广袤世界所有国度内,

人疾畜病冰霜旱涝灾,

战乱灾荒衰败皆熄灭,

祈愿长寿无病具享乐!



ཀུན་ཁྱབ་འོད་སྣང་འཕྲིན་སྟེགས། 

གཞན་ལ་སྐུར།

ཉར་ཚགས།

མཐེ་བོང་ནོན།

མེ་ཏོག་ནོན།

广洽明鉴
རྒྱལ་ཁབ་ཀྱི་ཆབ་སྲིད་དང་མི་རིགས་མཐུན་སྒྲིལ་ལ་གནོད་སྐྱོན་ཡོང་བའི་བརྙན་གཞས་རྩོམ་སོགས་མི་སྤེལ།
 最新文章