བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་བདེ་སྐྱིད་ལྡན་པའི་འཛུམ་མདངས་——བོད་ཀྱི་ཁ་ཤོ་རྐན་ཤོའི་བྱིས་པ་བརྒྱར་རོགས་སྐྱོབ་བྱེད་ཅེས་པའི་བྱ་སྤྱོད་ལ་བརྟེན་ནས་རིན་མེད་གཤགས་བོཅས་བྱེད་པའི་རྣམ་གྲངས་ལ་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། ཁ་ཤོ་རྐན་ཤོའི་བྱིས་པ་30ལ་རིན་མེད་གཤགས་བཅོས་བྱས་ཟིན་པ་རེད།
བདེ་སྐྱིད་ལྡན་པའི་འཛུམ་མདངས་ཞེས་པའི་སྤྱི་ཕན་དགེ་སྒྲུབ་རྣམ་གྲངས་ཀྱིས་བོད་ཀྱི་ཁ་ཤོ་རྐན་ཤོའི་བྱིས་པ་100ལ་རིན་མེད་གཤགས་བཅོས་བྱས་ནས་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བྱིས་པ་བདེ་ཐང་ཡོང་བར་རོགས་སྐྱོར་བྱ་རྒྱུ་རེད། ཆ་རྐྱེན་འཛོམས་པའི་བྱིས་པ་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ཁ་སྦུག་ཚན་ཁག་ཏུ་རེ་ཞུ་བྱེད་པར་ཡོང་ནས་ཞིབ་དཔྱད་ཚད་ལོན་བྱུང་རྗེས་རིན་མེད་སྨན་བཅོས་བྱེད་ཆོག་གི་ཡོད།
རྣམ་གྲངས་རོགས་སྐྱོབ་བྱ་ཡུལ་ལ་ཞིབ་ཕྲའི་ཆ་རྐྱེན་གཤམ་གསལ་རྣམས་ཚང་དགོས་པ་སྟེ།
(2)མཆུ་ཤོ་དང་རྐན་ཤོ། ཁ་ཤོ་རྐན་ཤོ་བཅས་ཀྱི་(དེའི་ནང་ཁ་ཤོ་འཕྲེད་ཅན་དང་སོ་རྙིལ་གས་པ་ཚུད་)བྱིས་པ་ཡིན་དགོས། རྣམ་གྲངས་དེས་ཁ་ཤོའི་ནད་པའི་བྱིས་པར་རོགས་སྐྱོར་གཤགས་བཅོས་བྱེད་པའི་ལོ་ཚད་དེ་ཟླ་བ་8ཡན་(ལུས་པོའི་ལྗིད་ཚད་སྤྱི་རྒྱ་8gཡིན་པ)ནས་ལོ་18མན་བར་ཡིན་པ་དང་། རྐན་ཤོའི་ནད་ཕོག་པའི་བྱིས་པར་རོགས་སྐྱོརགཤགས་བཅོས་་བྱེད་པའི་ལོ་ཚད་དེ་ཟླ་བ་24ཡན་ནས་ལོ་12མན་བར་ཡིན་པའི་རེ་བ་བཏོན་ཡོད།
(3)ལུས་པོའི་གནས་ཚུལ་གཤགས་བཅོས་ཀྱི་ཆ་རྐྱེན་དང་མཐུན་ལ། གཤགས་བཅོས་ལ་འཛེམ་དགོས་པའི་ནད་རྟགས་མངོན་གསལ་མེད་པ། དཔེར་ན་ཁྲག་མདོག་སྤྲི་དཀར་100g/Lལས་མཐོ་བ་དགོས་པ། དབུགས་ལམ་གོང་མར་འགོ་ནད་མེད་པ་སོགས་ཀྱི་ལུས་པོའི་ཁྱད་རྟགས་དགོས་པ།
(4)རྣམ་གྲངས་རེ་ཞུ་དེ་རང་མོས་ཀྱི་རྩ་དོན་དང་སྤྱི་ཕན་རང་བཞིན་གྱི་རྩ་དོན་ལ་བརྩི་སྲུང་ཞུ་དགོས། རྣམ་གྲངས་རེ་འདུན་ཞུ་ཡུལ་གྱི་ཁྲིམས་གཏན་ལྟ་སྐྱོང་མི་སྣས་ངེས་པར་དུ་《བདེ་སྐྱིད་ལྡན་པའི་འཛུམ་མདངས་——ཁ་ཤོ་རྐན་ཤོའི་བྱིས་པར་རོགས་སྐྱོབ་བྱེད་པའི་སྤྱི་ཕན་རྣམ་གྲངས་ཀྱི་རོགས་སྐྱོབ་རེ་ཞུའི་རེའུ་མིག་》གི་རེ་འདུན་གཞིར་བཟུང་འབྲི་དགོས་པ་མ་ཟད། དཔྱད་གཞིའི་ཡིག་རིགས་ཚང་མ་བདེན་པ་དང་འཐུས་ཚང་ཡིན་པའི་འགན་ལེན་བྱེད་དགོས།
བསྐྱར་ཞུས། རྒྱལ་མཚན།
ཞུ་དག ཚེ་རིང་རྒྱ་མཚོ།
རྩོམ་སྒྲིག་པ། བཀྲ་ཤིས་ཚེ་རིང་།
ཡིག་སྒྱུར། བཀྲ་ཤིས་ཚེ་རིང་།
སྒྲ་འཇུག སྐལ་བཟང་རྒྱལ་མཚན།
ཡོང་ཁུངས། བོད་ལྗོངས་ཚོང་དོན་ཚགས་པར།
ཡིག་སྒམ་ཨང་གྲངས།
གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།
ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།
རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།
ང་ཚོའི་བརྙན་ཐུང་རྟགས་ཅན་日喀则广播电视台ཟེར་བར་དོ་ཁུར་གནང་ནས་ངོ་མཚར་ལྟད་མོར་གཟིགས་དང་།