བོར་བརླག་སོང་བའི་རྒན་རྒོན་ཁོང་ཁྱིམ་ལ་སླེབས་འདུག

政务   2024-12-04 21:41   西藏  









ཟླ་12ཚེས་2ཉིན་གྱི་ཆུ་ཚོད་18ཐོག  བོར་བརླག་སོང་་བ་འདྲ་བའི་རྒན་རྒོན་ཞིག་མང་ཚོགས་ཀྱིས་ཞ་ལུ་ཡན་ལག་དགོན་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་བསྐྱལ་ནས་མི་དམངས་ཉེན་རྟོག་པར་རོགས་རམ་བྱ་རྒྱུའི་རེ་བ་ཞུས། ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ལས་རེས་ཉེན་རྟོག་པས་རྒྱུས་ལོན་བྱས་པར་གཞིགས་ན། བགྲེས་སོང་དེ་དགུང་ལོ་79ལ་སླེབས་པ་དང་བཞད་མཐོང་སྨོན་རྫོང་ནས་ཡིན་པ་རེད།

ཟླ་12ཚེས་2ཉིན་གྱི་སྔ་དྲོ་རྒན་རྒོན་ཁོང་ནང་མི་དང་མཉམ་དུ་རླངས་འཁོར་ལ་བསྡད་དེ་གཞིས་ཀ་རྩེ་གྲོང་ཁྱེར་དུ་བསྐྱོད་ཅིང་། རླངས་འཁོར་ལམ་བར་དུ་ཁ་བཀག་ནས་ངལ་གསོ་རྒྱག་སྐབས་བོར་བརླག་སོང་བ་ཡིན་ཞིང་མང་ཚོགས་ཀྱིས་ཤེས་རྗེས་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་བསྐྱལ་བ་རེད། ཉེན་རྟོག་ཞབས་ཞུ་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་དུས་ཐོག་ཏུ་ཕྱོགས་མང་པོ་ནས་རྩད་འཚོལ་བྱས་མཐར་རྒན་རྒོན་གྱི་ནང་མི་དང་འབྲེལ་བ་ཐུབ། མི་དམངས་ཉེན་རྟོག་པས། རྒན་རྒོན་ཁོང་གནང་དག་མིན་འདུག་ཅེས་བརྗོད་སྐབས་ནང་མི་ཚོ་བློ་བདེ་བར་གྱུར། དེ་རྗེས་མི་དམངས་ཉེན་རྟོག་པས་འཕྲལ་མར་ཁ་ལོ་བའི་ཁ་པར་ཨང་གྲངས་བཙལ་རྗེས། ལམ་སེང་ཁ་ལོ་བར་འབྲེལ་གཏུག་བྱས་ཏེ་ཉེན་རྟོག་ཞབས་ཞུའི་ས་ཚིགས་ནས་རྒན་རྒོན་བསུས་ཏེ་བཞད་མཐོང་སྨོན་རྫོང་དུ་བསྐྱལ་དགོས་ལུགས་བཤད། རྒན་རྒོན་བདེ་བདེ་ཐང་ཐང་ཡིན་པ་མཐོང་སྐབས་ནང་མི་སེམས་འགུལ་ཐེབས་ཤིང་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པའི་སེམས་རྩ་འཁོལ་བའི་རོགས་སྐྱོར་ལ་ཐུགས་རྗེ་ཆེ་ལེགས་འབུལ་ཞུས་པ་རེད།

ཉེན་རྟོག་པའི་དོན་དག་ཙག་ཙིག་དག་གིས་མི་དམངས་ཉེན་རྟོག་པས་མི་དམངས་ཆེད་བྱ་བ་སྒྲུབ་པའི་རྩ་དོན་མཚོན་ལ། ཉེན་རྟོག་པ་དང་མང་ཚོགས་ལག་གདང་སྦྲེལ་ནས་དུས་བདེའི་ཁྱིམ་གཞིས་མཉམ་དུ་སྐྲུན་པའི་ཞི་མཐུན་གྱི་རྣམ་པ་མངོན་ཡོད། དེ་བས་བསམ་གྲུབ་རྩེ་སྤྱི་བདེར་བཅངས་པའི་མང་ཚོགས་ཀྱི་མོས་སེམས་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།

བསྐྱར་ཞུས། རྒྱལ་མཚན།

ཞུ་དག ཚེ་རིང་སྒྲོལ་མ།  

རྩོམ་སྒྲིག་པ། བཀྲ་ཤིས་ཚེ་རིང་།

ཡིག་སྒྱུར། བཀྲ་ཤིས་ཚེ་རིང་།

སྒྲ་འཇུག ཚེ་སྒྲོན།

ཡོང་ཁུངས། དུས་བདེའི་བསམ་གྲུབ་རྩེ། 


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།

ང་ཚོའི་བརྙན་ཐུང་རྟགས་ཅན་日喀则广播电视台ཟེར་བར་དོ་ཁུར་གནང་ནས་ངོ་མཚར་ལྟད་མོར་གཟིགས་དང་།





青稞视界
བརྗོད་དོན་གཙོ་བོ། བྱེད་ཕྱོགས་སྲིད་ཇུས། ཁྲིམས་ལུགས་ཁྱབ་གདལ། འཚོ་བའི་ཤེས་བྱ། སྲོལ་རྒྱུན་རིག་གནས་སོགས་དྲིལ་བསྒྲགས་བྱེད་པ།
 最新文章