ཕྱི་ལོ་༢༠༢༤ ཟླ་༨ པའི་ཚེས་༡༤ དང་། བོད་ཟླ་༦ པའི་ཚེས་༡༠ སྟེ། སངས་རྒྱས་ཀུན་གྱི་ཐུགས་རྗེ་མཐུ་སྟོབས་མ་ལུས་གཅིག་ཏུ་བསྡུས་པ། སློབ་དཔོན་ཆེན་པོ་མཆོག་གི་དུས་ཆེན་ཁྱད་པར་ཅན་ཡིན་པས། དམིགས་བསལ་གྱི་དུས་ཚིགས་ཁྱད་པར་ཅན་འདིར། བསོད་ནམས་དགེ་བའི་ལས་ལ་འབད་པ་ཤིན་ཏུ་གལ་ཆེའོ།། གསོལ་འདེབས་བར་ཆད་ལམ་སེལ་ནི། ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །འགལ་རྐྱེན་བར་ཆད་མི་འབྱུང་ཞིང་། །མཐུན་རྐྱེན་བསམ་པ་འགྲུབ་པ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ།། ཚིག་བདུན་གསོལ་འདེབས་ནི། ཧཱུྃ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས། །བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ། །གུ་རུ་པདྨ་སིདྡྷཱི་ཧཱུཾ།ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས་བསམ་པ་ལྷུན་གྲུབ་བྱིན་རླབས་ཆར་རྒྱུན་རབ་གསལ༔
ཨེ་མ་ཧོཿ དག་པའི་ཞིང་མཆོག་ལྷོ་ནུབ་དཔལ་རི་ནས༔ རྒྱལ་བ་ཀུན་འདུས་གུ་རུ་པདྨ་འབྱུང་༔ ད་ལྟ་དུས་ངན་སྙིགས་མའི་སྐྱེ་འགྲོ་ལ༔ ཐུགས་རྗེས་གཟིགས་ནས་བདག་ལ་དགོངས་སུ་གསོལ༔ སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་དུ༔ རྩ་བའི་བླ་མ་ཨོ་རྒྱན་རིན་པོ༔ བཀའ་བརྒྱུད་བླ་མ་རྣམས་ཀྱི་འཁོར་གྱིས་བསྐོར༔ གསོལ་བ་འདེབས་སོ་ངན་ལས་དག་པར་མཛོད༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཤར་ཕྱོགས་ལྟ་ན་སྡུག་པའི་ཕོ་བྲང་ནས༔ སངས་རྒྱས་སྨན་བླ་ཨོ་རྒྱན་རིན་པོ་ཆེ༔ སྨན་བླ་མཆེད་བརྒྱད་རིག་འཛིན་འཁོར་གྱིས་བསྐོར༔ གསོལ་བ་འདེབས་སོ་ནད་རིགས་ཞི་བར་མཛོད༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཡེ་ཤེས་མེ་རི་འབར་བའི་ཕོ་བྲང་ནས༔ ཆེ་མཆོག་ཧེ་རུ་ཨོ་རྒྱན་རིན་པོ་ཆེ༔ ཡི་དམ་ཁྲོ་བོ་ཁྲོ་མོའི་འཁོར་གྱིས་བསྐོར༔ གསོལ་བ་འདེབས་སོ་དངོས་གྲུབ་བསྩལ་དུ་གསོལ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ མམཁའ་སྤྱོད་དག་པ་འོད་ལྔའི་ཕོ་བྲང་ནས༔ མཁའ་འགྲོའི་གཙོ་བོ་ཨོ་རྒྱན་རིན་པོ་ཆེ༔ ཡེ་ཤེས་འཇིག་རྟེན་ཌཱཀྐིའི་འཁོར་གྱིས་བསྐོར༔ གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ དགྲ་བགེགས་གདུག་པ་བསྣོལ་བའི་གདན་སྟེང་ནས༔ ཆོས་སྐྱོང་གཙོ་བོ་ཨོ་རྒྱན་རིན་པོ་ཆེ༔ ཡེ་ཤེས་འཇིག་རྟེན་ཆོས་སྐྱོང་རྣམས་ཀྱིས་བསྐོར༔ གསོལ་བ་འདེབས་སོ་དུས་ཀྱི་གཡོ་འཁྲུགས་ཟློག༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ མི་འགྱུར་རིན་ཆེན་གཏེར་གྱི་ཕོ་བྲང་ནས༔ དངོས་གྲུབ་འབྱུང་གནས་ཨོ་རྒྱན་རིན་པོ་ཆེ༔ ནོར་ལྷ་གཏེར་བདག་རྣམས་ཀྱི་འཁོར་གྱིས་སྐོར༔ གསོལ་བ་འདེབས་སོ་དངོས་གྲུབ་ཆར་ལྟར་ཕོབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཁ་བའི་ཡུལ་ལྗོངས་བོད་ཀྱི་ཞིང་ཁམས་སུ༔ ལྷ་སྲིན་དམ་བཏགས་ཨོ་རྒྱན་རིན་པོ་ཆེ༔ བཀའ་སྲུང་སྡེ་བརྒྱད་གཞི་བདག་འཁོར་གྱིས་བསྐོར༔ གསོལ་བ་འདེབས་སོ་མཐའ་ཡི་དམག་དཔུང་ཟློག༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བདེ་ཆེན་པདྨ་འོད་འབར་ཕོ་བྲང་ནས༔ འོད་དཔག་མེད་མགོན་ཨོ་རྒྱན་རིན་པོ་ཆེ༔ ཕྱོགས་བཅུའི་སངས་རྒྱས་སྲས་བཅས་འཁོར་གྱིས་བསྐོར༔ གསོལ་བ་འདེབས་སོ་པདྨ་འོད་དུ་དྲོངས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཨོཾ་ཨཱ་ཧཱུྃཿ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ སྟེང་ནས་ཉི་ཟླ་གཟར་སྐར་ཆོ་འཕྲུལ་བཟློག༔ འོག་ནས་ས་བདག་ཀླུ་གཉེན་གདུག་རྩུབ་ཟློག༔ བར་ནས་བཙན་དང་མ་མོའི་གནོད་པ་བཟློག༔ འབྱུང་བ་བཞི་ཡི་ནད་རིགས་ཐམས་ཅད་ཁ་ཐུམས༔ ཕྱོགས་བཞི་མཚམས་བརྒྱད་ཀྱི་མཐའ་ཡི་དམག་དཔུང་ཐམས་ཅད་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ 2 གསོལ་འདེབས་བྱིན་ཆེན་དངོས་གྲུབ་ཀུན་འབྱུང་།
3 གློག་བརྙན། སློབ་དཔོན་པདྨ་འབྱུང་གནས་ཀྱི་རྣམ་ཐར།
4 བསམ་པ་ལྷུན་འགྲུབ་ཞལ་ཐང་བཅས་པ།
5 གསོལ་འདེབས་འཇིགས་པ་ཀུན་སྐྱོབ་བཞུགས་སོ།།
6 ཨོ་རྒྱན་པདྨའི་བཀའ་ཐང་བསྡུས་པ། སྒྲ་ཡིག་ཆ་ཚང་།
7 ཚིག་བདུན་དང་འབྲེལ་བའི་བླ་མའི་རྣལ་འབྱོར།
8 པདྨ་བཀའ་ཐང་རྒྱས་པ་ཞལ་འདོན་ཆ་ཚང་།