མཚོ་བྱང་ཁུལ་ཡོངས་ཀྱི་གསར་འགྱུར་ལས་སྒྲུབ་པར་སྤྲིངས་པའི་འཕྲིན།

政务   2024-11-08 17:10   青海  

ཁུལ་ཡོངས་ཀྱི་རྒྱ་ཆེའི་གསར་འགྱུར་ལས་སྒྲུབ་པར་སྤྲིངས་པའི་འཕྲིན།

མཚོ་བྱང་ཁུལ་ཡོངས་ཀྱི་རྒྱ་ཆེའི་གསར་འགྱུར་ལས་སྒྲུབ་པ་རྣམས་ལ།
ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ75འཁོར་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་བའི་སྐབས་འདིར། ང་ཚོས་ཀྲུང་གོའི་གསར་འགོད་པའི་དུས་ཆེན་སྐབས25པ་བསུ་ལ། དམིགས་བསལ་དང་གཟི་བརྗིད་ལྡན་པའི་དུས་འདིར་དཀའ་སྤྱད་འབད་འབུངས་དང་འབད་འཐབ་ཡར་བརྩོན་བྱས་ནས་གསར་འགྱུར་འཐབ་ཕྱོགས་ན་ལེགས་སྐྱེས་དབུལ་མཁན་གྱི་རང་ཁུལ་གྱི་གསར་འགྱུར་ལས་སྒྲུབ་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས་པ་ཡིན་ལ། སྔ་ཕྱི་བར་གསུམ་དུ་རང་ཁུལ་གྱི་གསར་འགྱུར་བྱ་གཞག་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་གྱི་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།    
སྣག་སྨྱུག་གིས་ལོ་རྒྱུས་བྲིས་ཤིང་། སྐད་སྦུག་གིས་དམངས་དོན་སྒྲོག་པ། བརྙན་མིག་གིས་དུས་རབས་ཟིན་འགོད་བྱས། ལོ་གཅིག་གི་རིང་ལ། ཁུལ་ཡོངས་ཀྱི་གསར་འགྱུར་ལས་སྒྲུབ་པས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་ཞི་ཅིན་ཕིང་གི་རིག་གནས་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱས་པ་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་། གླེང་ཕྱོགས་ཀྱི་ཁྲིད་སྟོན། གསར་འགྱུར་གྱི་ཕུགས་འདུན། བྱ་བའི་ཁ་ཕྱོགས་བཅས་རྒྱུན་འཁྱོངས་བྱས་ཏེ་རྐང་ནུས་དང་མིག་ནུས། ཀླད་ནུས། སྨྱུག་ནུས་བཅས་སྦྱོང་བརྡར་ཏན་ཏིག་བྱས་ནས་བསམ་བློ་ཡོད་པ་དང་དྲོད་ཚད་ལྡན་པ། སྤུས་ཚད་ཡོད་པ་སོགས་ཀྱི་གསར་འགྱུར་བརྩམས་ཆོས་ཀྱིས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་མཚོ་བྱང་གི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་པའི་ཚ་ཚ་འུར་འུར་གྱི་ལག་ལེན་མངོན་པ་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བརྟེན་ནས་མི་སེམས་ལ་སྐུལ་མ་ཐེབས་པ། མཛེས་སྡུག་ལྡན་པའི་མདུན་ལམ་ལ་བརྟེན་ནས་མི་རྣམས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱ་རྒྱུར་སྐུལ་མ་ཐེབས་ཤིང་། མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་པ་དང་དྲིན་ཚོར་ཡར་བརྩོན་བྱས་ཏེ། མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་རྩོམ་པའི་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་ཡོད།

རྒྱང་སྐྱོད་ཀྱི་ལམ་ཐག་འབད་པས་སྐྲུན་ཞིང་། བརྩོན་འགྲུས་ཀྱི་གཡོར་གྲུ་རླུང་གིས་འདེད་པའི་ལེ་ཚན་གསར་བ་འབྲི། མིག་སྔར། མཚོ་བྱང་ནི་ཧ་ཅང་གལ་འགངས་ཆེ་ལ་འགག་རྩར་ཐུག་པའི་འཕེལ་རྒྱས་ཀྱི་དུས་སྐབས་ཤིག་ཏུ་གནས་ཡོད་པས་གསར་འགྱུར་དྲིལ་སྒྲོག་བྱ་བ་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་པ་དང་གསར་འགྱུར་འཐབ་ཕྱོགས་ཀྱི་འགན་འཁྲི་ལྕི་བས་གསར་འགྱུར་ལས་སྒྲུབ་པ་དགོས་མཁོ་ཆེན་པོ་ཡོད་པས། ཁུལ་ཡོངས་ཀྱི་གསར་འགྱུར་ལས་སྒྲུབ་པས་ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་བདུན་པ། ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། མར་ཁེ་སིའི་རིང་ལུགས་ཀྱི་གསར་འགྱུར་ལྟ་བ་རྒྱུན་འཁྱོངས་བརྟན་པོ་དང་། ཐོག་མཐའ་བར་གསུམ་དུ་དར་ཆ་མཐོན་པོར་སྒྲེང་བ་དང་མགོ་ཁྲིད་ཀྱི་སྣེ་ཁྲིད་དེ་སྤྲོ་སེམས་རབ་ཏུ་འཁོལ་བ་དང་དཔའ་ངར་ཆེར་བསྐྱེད་ཀྱི་ཉམས་འགྱུར་ཐོག་ནས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་འགན་འཁྲི་དང་ལས་འགན་ཡག་པོ་འཁུར་ཏེ་དུས་རབས་དང་མཉམ་དུ་བསྐྱོད་དེ་སྐད་སྙན་མོ་མང་ཚོགས་ལ་སྒྲོག་པའི་རེ་བ་ཡོད། ཚང་མས་ཐོག་མཐའ་བར་གསུམ་དུ་སྨྱན་སྦྱོར་འཕེལ་ཕྱོགས་ཀྱི་རྗེས་སུ་དམ་པོར་འབྲངས་ནས། དྲང་སྲུང་གསར་གཏོད་དང་མཆོང་ཕོད་པ་དང་ཚོད་ལྟ་བྱེད་ཕོད་པ་བཅས་བྱས་ཏེ། སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་འཚམ་པར་བྱས་ནས་བརྒྱུད་སྒྲོག་བྱེད་སྟངས་གསར་གཏོད་དང་མཚོན་སྟངས་གསར་བཅོས། ལག་རྩལ་བྱེད་ཐབས་གསར་སྒྱུར་བཅས་བྱས་ཏེ། གསར་འགྱུར་དྲིལ་སྒྲོག་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུའི་རེ་བ་ཡོད། ཚང་མས་ཞིང་ཆེན་ཏང་ཨུའི"ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ"བཅས་ཀྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། མཚོ་བྱང་དུ"243"གྱི་འཕེལ་རྒྱས་ཀྱི་བཀོད་པ་འཛུགས་པ་དང"ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ"གྱི་དམིགས་འབེན་སྐུལ་འདེད་གཏོང་བར་དམིགས་ཤིང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལྟེ་བའི་བྱ་བ་དང་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམ་པོར་དམིགས་ཏེ། སྔར་ལས་ཕན་ནུས་ལྡན་པའི་སྒོ་ནས་མཚོ་བྱང་གི་གཏམ་རྒྱུད་ཡག་པོ་བཤད་དེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་མཚོ་བྱང་གི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་ཆེད་སྲ་ཞིང་བརྟན་པའི་གླེང་ཕྱོགས་ཀྱི་འགན་ལེན་དང་བསམ་པའི་སྟོབས་ཤུགས་ཆེན་པོ་མཁོ་འདོན་བྱེད་པའི་རེ་བ་ཡོད། 

མཐར་ཁུལ་ཡོངས་ཀྱི་རྒྱ་ཆེའི་གསར་འགྱུར་ལས་སྒྲུབ་པའི་དུས་ཆེན་སྤྲོ་བས་ཁེངས་ཤིང་བྱ་བ་ལམ་འགྲོ་དང་སྐུ་གཟུགས་བདེ་ཐང་ཡོང་བ། ཁྱིམ་ཚང་བདེ་སྐྱིད་ལྡན་པའི་བཀྲ་ཤིས་སྨོན་འདུན་ཞུ།

ཀྲུང་གུང་མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི། ཤ་བོ་སྐྱབས། 

ཀྲུང་གུང་མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན། ཀྲང་ཧྲིང་ཡོན། 

2024ལོའི་ཟླ11པའི་ཚེས8ཉིན།

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།

རྩོམ་སྒྲིག་འགན་ཁུར་བ། ཕག་མོ་ཚེ་བརྟན།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/彭毛才旦

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章