བོད་ཀྱི་རྫོང་འདིའི་ཁྱིམ་ཚང་༡༠༨༠ལ་ཉི་ནུས་དྲོད་རླངས་བཏང་འདུག

文摘   2024-12-20 17:14   西藏  

ཉེ་ཆར། བོད་ལྗོངས་གསར་སྤེལ་མ་འཇོག་གི་རུ་ཐོག་རྫོང་གྲོང་ལ་གཅིག་སྡུད་དྲོད་རླངས་མཁོ་འདོན་རྣམ་གྲངས་འཛུགས་སྐྲུན་ཡོངས་སུ་ལེགས་འགྲུབ་བྱུང་ཡོད་པ་དང་། རྫོང་དེའི་ཁྱིམ་ཚང་༡༠༨༠ལ་ཉི་ནུས་དྲོད་རླངས་མཁོ་འདོན་བྱས་ཟིན་ཡོད་ལ། མཁོ་འདོན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་༢༡.༧ཙམ་ཟིན་འདུག

མངའ་རིས་ས་ཁུལ་རུ་ཐོག་རྫོང་གི་གྲོང་མི་བཀྲ་ཤིས་ནོར་བུས་ཁྱིམ་དུ་ཉི་འོད་ནུས་པའི་དྲོད་རླངས་སྤྱོད་རྒྱུ་བྱུང་བས། ནང་མི་ཚང་མ་ཧ་ཅང་དགའ་པོ་བྱུང་། ད་ནས་བཟུང་དགུན་དུས་ཀྱི་གྲང་ངར་ལ་སེམས་ཁྲལ་གཏན་ནས་བྱེད་མི་དགོས།  སྔོན་ཆད་དགུན་དུས་རྡོ་སོལ་དང་ལྕི་བ་འབུད་ནས་ཁང་པའི་ནང་དྲོད་འདོན་ཀྱི་ཡོད། དེའི་དུ་བ་ཆེ་བར་མ་ཟད་ཁོར་ཡུག་ལ་ཡང་སྦག་བཙོག་བཟོ་སྲིད། ད་ལྟ་ཉི་ནུས་དྲོད་རླངས་སྤྱོད་རྒྱུ་བྱུང་བས་དྲོད་ཆེ་བར་མ་ཟད་ཁང་པའི་ནང་ཡང་གཙང་མ་རེད་ཅེས་བརྗོད་པ་རེད། 

དྲོད་རླངས་མཁོ་འདོན་འགན་ལེན་ལས་དོན་ཁྲོད། བོད་ལྗོངས་གསར་སྤེལ་མ་འཇོག་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་ཀུང་སིས་ཞབས་ཞུའི་བྱ་ཐབས་ལེགས་སུ་བཏང་ཡོད་པ་དང་།  དྲོད་རླངས་མཁོ་འདོན་མ་བྱས་གོང་ལ། དགུན་དུས་ཐོན་སྲིད་པའི་གནད་དོན་རྣམས་དབྱར་ཁ་ནས་ཐག་གཅོད་པའི་འཆར་གཞི་ལག་བསྟར་བྱས་ཏེ། དྲོད་རླངས་མཁོ་འདོན་གྱི་སྦུ་གུ་དང་དེ་བཞིན་དེའི་ལྷུ་ལག་སོགས་ཉམས་གསོ་བྱས་ནས་དྲོད་རླངས་གཏོང་བར་ཁག་ཐེག་བྱས་ཡོད།  དྲོད་རླངས་བཏང་རྗེས། ལས་རེས་མི་སྣས་ཉིན་མཚན་བལྟོས་མེད་ངང་ཆུ་ཚོད་༢༤ཡི་རིང་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་དང་།གཞི་གྲངས་ལྟ་ཞིབ་ཚད་ལེན་བྱས་ཏེ་གནམ་གཤིས་འགྱུར་ལྡོག་དང་བསྟུན་ནས་དྲོད་རླངས་ལ་སྙོམ་སྒྲིག་བྱས་ནས་ཁྱིམ་ཚང་གི་དྲོད་ཚད་འཚམ་པོ་ཡོང་རྒྱུ་འགན་ལེན་བྱེད་བཞིན་ཡོད། དེ་དང་ཆབས་ཅིག་ཉི་འོད་ཀྱི་དྲོད་ཤུགས་ཞན་པའི་སྐབས་སྐྱེ་དངོས་རིགས་ཀྱི་ཁྲོ་ཐབ་སྤྱད་ནས་ཚ་ནུས་ལ་རམ་འདེགས་བྱེད་ཀྱི་ཡོད་པ་དང་། དེ་གཉིས་ཀྱིས་དྲོད་རླངས་གཏོང་བར་གཅིག་གིས་གཅིག་ལ་རམ་འདེགས་བྱས་ནས་རྫོང་གྲོང་ཡོངས་ཀྱི་དྲོད་རླངས་མཁོ་འདོན་ལ་འགན་ལེན་བྱེད་ཀྱི་ཡོད། 

  རྩོམ་ཁུངས།      སེམས་ཀྱི་ཞིང་ཁམས།
  རྩོམ་སྒྲིག་པ་གཙོ་བོ།           བུ་བསོད་ནམས།
  འགན་འཁུར་རྩོམ་སྒྲིག་པ།      བཀྲིས་ཟླ་བ། 
  ལག་བསྟར་རྩོམ་སྒྲིག་པ།        ནོར་བུ་རྡོ་རྗེ།
   ཡིག་སྒྱུར།               
   
ཁ་འབབ་ཀྱི་ཟེགས་མ་ནི་མངའ་རིས་ས་ཁུལ་གཞུང་ཕྱོགས་བོད་སྐད་ཡིག་འཕྲིན་ཕྲན་སྤྱི་སྟེགས་གཅིག་པོ་དེ་ཡིན།    ཆེད་མངགས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས་ལ་ཁ་ཕྱོགས་ནས་གཙོ་བོ་ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་དང་མངའ་རིས་ཙམ་མ་ཟད་བོད་ལྗོངས་ཀྱི་གསར་སྒྱུར་བརྒྱུད་བསྒྲགས།  རང་མི་རིགས་ཀྱི་ལོ་རྒྱུས་དང་དམངས་སྲོལ།   རྩོམ་རིག་བརྒྱུད་སྤེལ།   པར་རིས་དང་བརྙན་ཐུང་།  སྒྲུང་གཏམ་སོགས་ཀྱང་ཡོད།  འབྲེལ་གཏུགས་བྱེད་ས། sqhp76@163.com


ཁྱེད་ཀྱིས་དོ་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ།

狮泉河畔
面向基层传播党的先进理论、宣传惠民政策、地委行署重大决策部署和身边先进典型
 最新文章