ཁ་བསླུས་རྒྱག་སྟངས་འདི་འདྲ་ཞིག་ཐོན་འདུག་པས་ཡིན་གཅིག་གཟབ་གཟབ་གནང་།

文摘   2024-04-29 17:25   西藏  


ཉེ་ཆར། ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་སྤྱི་བདེ་ཅུས་ཀྱིས་མི་གཞན་གྱི་སྐད་འཕྲིན་ཨང་གྲངས་རྫུན་མ་སྤྱད་ནས་ཁ་བསླུས་རྒྱག་པའི་གྱོད་གཞི་ཞིག་རྩད་ཆོད་དེ་དོགས་ཡོད་ཉེས་ཅན་གཅིག་འཛིན་བཟུང་བྱས་པ་རེད། 


སྤྱི་ཟླ་༤ཚེས་༢༢ཉིན། ཟངས་རི་རྫོང་སྤྱི་བདེ་ཅུས་ཀྱི་ཉེས་དོན་ཉེན་རྟོག་རུ་ཆེན་ལ་ཧན་ཆེ་གེ་མོའི་གྱོད་དོན་འབྱོར་ནས། ཁོ་རང་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཕུར་ཆེ་གེ་མོས་སྒོར་ཁྲི་༥ལྷག་ཙམ་ཁ་བསླུས་བརྒྱབ་སོང་ཞེས་བཤད། སྙན་ཞུ་འབྱོར་རྗེས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་ལམ་སང་ཉེན་རྟོག་སྒྲིག་འཛུགས་བྱས་ནས་བརྟག་དཔྱད་ལས་དོན་སྤེལ་བ་རེད། 


ཞིབ་བཤེར་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་ཕུར་ཆེ་གེ་མོས་ ༼ ཕོ། བོད་རིགས། བོད་ལྗོངས་ཟངས་རི་རྫོང་གི་མི ༽ རང་ཉིད་ཟངས་རི་རྫོང་ཁོངས་གཏོགས་ཁུལ་གྱི་ཀུང་སི་ཞིག་ཏུ་མཛོད་ཁང་དོ་དམ་གྱི་ལས་འགན་འཁུར་བའི་སྟབས་བདེ་ལ་བརྟེན་ནས་ཀུང་སིའི་ཉོ་སྒྲུབ་རྩིས་ཐོ་དང་གན་རྒྱ། དེ་བཞིན་ཀུང་སིའི་འགན་འཁུར་བའི་མིང་རྟགས་རྫུན་བཟོ་བྱས་པ་དང་འབྲེལ། ཀུང་སིའི་འགན་འཁུར་བའི་སྐད་འཕྲིན་ཨང་གྲངས་སྤྱད་དེ་༢༠༢༣ལོའི་སྤྱི་ཟླ་༡༡པ་ནས་ད་བར། ཧན་ཆེ་གེ་མོའི་ས་ནས་འགྱིག་འཁོར་འབོར་ཆེན་ཉོ་སྒྲུབ་བྱས་པར་རྒྱུ་མཚན་དུ་བྱས་ཏེ། སྔ་རྗེས་སུ་ཧན་ཆེ་གེ་མོའི་ས་ནས་མ་དངུལ་སྒོར་༥༩༠༠༠ལྷག་ཙམ་གཡོ་ལེན་བྱས་ཡོད་པ་རེད། 


འདྲི་རྩད་དང་བརྟག་དཔྱད། དཔང་རྟགས་འཚོལ་བསྡུ་བྱས་པ་བརྒྱུད། ཉེན་རྟོག་པས་གང་མགྱོགས་དོགས་ཡོད་ཉེས་ཅན་ཕུར་ཆེ་གེ་མོ་འཛིན་བཟུང་བྱས་པ་རེད། 


འདྲི་རྩད་བྱས་པ་བརྒྱུད་ཕུར་ཆེ་གེ་མོས་རང་ཉིད་ཀྱིས་མི་གཞན་གྱི་སྐད་འཕྲིན་རྫུན་བཟོ་དང་། ཀུང་སིའི་ཉོ་སྒྲུབ་ཞིབ་ཐོ་རྫུན་བཟོ། དེ་བཞིན་གན་རྒྱའི་ཐོག་ནས་ཁ་བསླུས་བརྒྱབ་པའི་ཉེས་བསགས་བྱ་སྤྱོད་ཁས་བླངས་པ་རེད། 


ད་ལྷ་ཕུར་ཆེ་གེ་མོས་ཁ་བསླུས་བརྒྱབ་པར་ཟངས་རི་རྫོང་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་། གྱོད་གཞི་མུ་མཐུད་སྒྲུབ་བཞིན་ཡོད་པ་རེད། 


  རྩོམ་ཁུངས།    སེམས་ཀྱི་ཞིང་ཁམས།
  རྩོམ་སྒྲིག་པ་གཙོ་བོ།           བུ་བསོད་ནམས།
  འགན་འཁུར་རྩོམ་སྒྲིག་པ།      བཀྲིས་ཟླ་བ། 
  ལག་བསྟར་རྩོམ་སྒྲིག་པ།        ནོར་བུ་རྡོ་རྗེ།
   ཡིག་སྒྱུར།               
   
ཁ་འབབ་ཀྱི་ཟེགས་མ་ནི་མངའ་རིས་ས་ཁུལ་གཞུང་ཕྱོགས་བོད་སྐད་ཡིག་འཕྲིན་ཕྲན་སྤྱི་སྟེགས་གཅིག་པོ་དེ་ཡིན།    ཆེད་མངགས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས་ལ་ཁ་ཕྱོགས་ནས་གཙོ་བོ་ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་དང་མངའ་རིས་ཙམ་མ་ཟད་བོད་ལྗོངས་ཀྱི་གསར་སྒྱུར་བརྒྱུད་བསྒྲགས།  རང་མི་རིགས་ཀྱི་ལོ་རྒྱུས་དང་དམངས་སྲོལ།   རྩོམ་རིག་བརྒྱུད་སྤེལ།   པར་རིས་དང་བརྙན་ཐུང་།  སྒྲུང་གཏམ་སོགས་ཀྱང་ཡོད།  འབྲེལ་གཏུགས་བྱེད་ས། sqhp76@163.com


ཁྱེད་ཀྱིས་དོ་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ།

狮泉河畔
面向基层传播党的先进理论、宣传惠民政策、地委行署重大决策部署和身边先进典型
 最新文章