འབོ་དཀར་དགོན་པས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱས་པ།

文摘   2024-05-22 10:59   西藏  

 མངའ་རིས་ས་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མ་ཡུམ་དུས་ཆེན་གྱི་བྱེད་སྒོ་སྤེལ་བ། 

     “ཨ་མའི་བརྩེ་བ་སེམས་སུ་འཆང་།”ཞེས་པའི་ཕྲུ་གུ་ཚོས་ཨ་མར་རྒྱུས་མངའ་གང་ལེགས་ཡོང་བ།  ཨ་མས་ཁྱིམ་ཚང་ལ་བློས་གཏོང་དང་རང་ཉིད་ལ་གཅེས་སྐྱོང་བྱེད་པ་ཚོར་ཐུབ་པ་བྱས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཨ་མར་བཅངས་པའི་བརྩེ་སེམས་མཚོན་པར་བྱེད་པ་དང་ཨ་མར་ཐུགས་རྗེ་ཆེ་ཞུ་བ།  ཚེ་སྲོག་ལ་ཐུགས་རྗེ་ཆེ་ཞུ་བ་དང་འཚོ་བར་ཐུགས་རྗེ་ཆེ་ཞུ་ཤེས་པ་བྱས་ཏེ་རྒྱ་ཆེའི་བྱིས་པར་སྲོལ་རྒྱུན་གྱི་སྤྱོད་བཟང་དར་སྤེལ་གཏོང་རྒྱུར་ཁྲིད་སྟོན་བྱས་ནས་སློབ་མའི་སྤྱོད་ཤེས་ལུས་མཛེས་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། ཟླ་བ་5ཚེས་11ཉིན་གྱི་ཕྱི་དྲོ་ས་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ས་ཁུལ་ཚོད་ལྟའི་བུ་བཅོལ་ཁང་དུ་"ཨ་མའི་དྲིན་ཚོར་བ་བྱེད་པའི་"བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་ས་ཁུལ་ཚོད་ལྟའི་བུ་བཅོལ་ཁང་གི་གྲོགས་པོ་ཆུང་ཆུང་དང་ཁྱིམ་བདག།  དེ་བཞིན་དགེ་རྒན་བཅས་ཁྱོན་མི་གྲངས་67བྱེད་སྒོའི་ནང་ཞུགས་ཡོད་པ་རེད། 

      བྱེད་སྒོའི་ནང་གྲོགས་པོ་ཆུང་ཚོས་ཨ་མར་བརྩེ་བའི་ལག་རྟགས་ཤིག་བཟོས་ནས་“ཨ་མར་མེ་ཏོག་འབུལ་བ་”དང་“ཨ་མར་འཐམ་འཁྱུད་བྱེད་པ་”སོགས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་"ཨ་མའི་དུས་ཆེན་"ལ་རྟེན་འབྲེལ་ཞུས་པ་དང་བྱིས་པར་བྱ་སྤྱོད་ཆུང་ངུ་ནས་འགོ་བཙུགས་ཏེ་དྲིན་ཚོར་གྱི་བསམ་པ་བཅངས་ནས་སྲོལ་རྒྱུན་གྱི་སྤྱོད་བཟང་དར་སྤེལ་གཏོང་རྒྱུའི་ཁྲིད་སྟོན་བྱས་པ་རེད།

         ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་ཕྲུ་གུ་ཚོས་ཨ་མས་རང་ཉིད་ལ་བཅངས་པའི་བརྩེ་སེམས་དང་གཉེན་ཉེའི་བརྩེ་སེམས་ཀྱི་རིན་ཐང་ཚོར་ཐུབ་ལ་ཕྲུ་གུ་ཚོས་རང་ཉིད་ཀྱི་ནུས་པས་ལྕོགས་ཚོད་ཀྱི་བྱེད་ཐབས་ལ་བརྟེན་ནས་ཨ་མར་དགའ་ཞེན་དང་ཉེ་འགྲམ་གྱི་མི་ཚང་མར་དགའ་ཞེན་བྱས་ཏེ་བརྩེ་སེམས་དང་དྲིན་ཚོར་ཚོར་དུ་འཇུག་ཡོད། མཚོ་ཆེན་འབོ་དཀར་དགོན་དོ་དམ་ཨུ་ལྷན་གྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱེད་པའི་བྱེད་སྒོ་སྤེལ་བ། 

    དགེ་འདུན་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ལ་སློབ་སྦྱོང་དང་བེད་སྤྱོད་བྱ་རྒྱུར་སྐུལ་མ་བཏང་ནས“འདུ་ཤེས་གསུམ་”གྱི་སློབ་གསོའི་ལས་དོན་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་ཆེད། ཉེ་དུས།  མཚོ་ཆེན་རྫོང་འབོ་དཀར་དགོན་དོ་དམ་ཨུ་ལྷན་གྱིས་དགེ་འདུན་པ་སྒྲིག་འཛུགས་བྱས་ཏེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་གི་བྱེད་སྒོ་སྤེལ་བ་རེད།

    སློབ་ཁྲིད་བྱེད་རིང་དགོན་སྡེ་དོ་དམ་ཨུ་ལྷན་གྱིས་“གཅིག་གཏད་གཅིག་”གི་རྣམ་པའི་ཐོག་ནས་འདྲི་བ་དྲིས་ལན་དང་སྤེལ་རེས་གླེང་མོལ་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་དགེ་འདུན་པར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་རྨང་གཞིའི་རང་བཞིན་གྱི་ཀློག་སྟངས་དང་རྒྱུན་སྤྱོད་སྐད་ཡིག་སྔར་བས་རྒྱུས་མངའ་ཡོང་བ་བྱས་པ་རེད། 

      དགོན་སྡེའི་དགེ་འདུན་པར་ས་གནས་ས་ཐོག་ཏུ་དྲི་བ་དྲིས་ལན་བརྒྱུད་དགོན་སྡེའི་དགེ་འདུན་པས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་དེ་བཞིན་སྲིད་ཇུས། ཁྲིམས་སྲོལ་སྣ་ཚོགས་སློབ་སྦྱོང་བྱས་པའི་ཕན་འབྲས་ལ་ཞིབ་བཤེར་བྱས་ཏེ་དགོན་སྡེའི་དགེ་འདུན་པས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱེད་པའི་རྣམ་པ་བཟང་པོ་ཞིག་བཏོད་པ། དགོན་སྡེའི་དགེ་འདུན་པས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་དེ་བཞིན་སྲིད་ཇུས་དང་ཁྲིམས་སྲོལ་སྣ་ཚོགས་སློབ་སྦྱོང་བྱེད་པའི་ཆོད་སེམས་བརྟན་དུ་བཏང་བ། འབོ་དཀར་དགོན་དོ་དམ་ཨུ་ལྷན་གྱི་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་ཆེད་རྨང་གཞི་བཟང་པོ་ཞིག་བཏིང་བ་དང་ཆབས་ཅིག་དྲི་བ་དྲིས་ལན་འདེབས་ཡུལ་དུ་གྲྭ་བཙུན་རྣམས་ཀྱིས་ད་ཐེངས་ཀྱི་སྐད་གཉིས་ཚད་ལེན་ཚོད་ལྟའི་དྲི་བ་དྲིས་ལན་གོ་སྐབས་སུ་བྱས་ནས་རྒྱུན་གཏན་འཚོ་བའི་ཁྲོད་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་སྣང་ཆེན་བྱས་ཏེ་“མོས་སེམས་ལྔ་”རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཁྱིམ་གཞིས་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། 

  རྩོམ་ཁུངས།      མངའ་རིས་མཉམ་འདྲེས་སྨྱན་སྦྱོར།
  རྩོམ་སྒྲིག་པ་གཙོ་བོ།        བུ་བསོད་ནམས།
  འགན་འཁུར་རྩོམ་སྒྲིག་པ།   བཀྲིས་ཟླ་བ། 
  ལག་བསྟར་རྩོམ་སྒྲིག་པ།     འབུམ་ཆུང་།
  ཡིག་སྒྱུར།               འབུམ་ཆུང་།
   ཁ་འབབ་ཀྱི་ཟེགས་མ་ནི་མངའ་རིས་ས་ཁུལ་གཞུང་ཕྱོགས་བོད་སྐད་ཡིག་འཕྲིན་ཕྲན་སྤྱི་སྟེགས་གཅིག་པོ་དེ་ཡིན།    ཆེད་མངགས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས་ལ་ཁ་ཕྱོགས་ནས་གཙོ་བོ་ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་དང་མངའ་རིས་ཙམ་མ་ཟད་བོད་ལྗོངས་ཀྱི་གསར་སྒྱུར་བརྒྱུད་བསྒྲགས།  རང་མི་རིགས་ཀྱི་ལོ་རྒྱུས་དང་དམངས་སྲོལ།   རྩོམ་རིག་བརྒྱུད་སྤེལ།   པར་རིས་དང་བརྙན་ཐུང་།  སྒྲུང་གཏམ་སོགས་ཀྱང་ཡོད།  འབྲེལ་གཏུགས་བྱེད་ས། sqhp76@163.com


ཁྱེད་ཀྱིས་དོ་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ།



狮泉河畔
面向基层传播党的先进理论、宣传惠民政策、地委行署重大决策部署和身边先进典型
 最新文章