ཏང་གི་འཁྲུངས་སྐར་བསུ།
ཏང་དབུ་བརྙེས་ནས་ལོ་ངོ་103འཁོར་བའི་མཚམས་སུ་ཟླ་བ་6ཚེས་27ཉིན་གྱི་དགོང་མོ་མངའ་རིས་ས་ཁུལ་གློག་བརྙན་ཟློས་གར་ཁང་ནང་དུ་"གླུ་ཞིག་བླངས་ནས་ཏང་ལ་འབུལ་ཞེས་པའི་བོད་རང་སྐྱོང་ལྗོངས་ཀྱི་2024ལོའི་“བདུན་གཅིག”གླུ་གཞས་འགྲན་བསྡུར་གི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་བྱས་པ་རེད། གྲོང་ཁྱེར་དང་ས་ཁུལ་བདུན། ལྗོངས་ཐད་གཏོགས་ཚན་པ་དང་ཁེ་ལས་བཅས་ནས་ཡོང་བའི་དཔུང་ཁག་15རེས་མོས་ངང་གར་སྟེགས་ཐོག་འཁྲབ་སྟོན་བྱས་པ་རེད། རིགས་གཅིག་མཁས་ཅན་དཔྱད་འདེམས་པའི་ས་གནས་ས་ཐོག་ཏུ་སྐར་མ་བརྒྱབ་པ་བརྒྱུད་མཐར་གཞིས་རྩེ་གྲོང་ཁྱེར་གྱི་འཐུས་མི་རུ་ཁག་གིས་སྐར་གྲངས་99.10ཡི་གྲུབ་འབྲས་ཐོག་ནས་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ་རེད།
མངའ་རིས་ས་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མ་ཡུམ་དུས་ཆེན་གྱི་བྱེད་སྒོ་སྤེལ་བ།
“ཨ་མའི་བརྩེ་བ་སེམས་སུ་འཆང་།”ཞེས་པའི་ཕྲུ་གུ་ཚོས་ཨ་མར་རྒྱུས་མངའ་གང་ལེགས་ཡོང་བ། ཨ་མས་ཁྱིམ་ཚང་ལ་བློས་གཏོང་དང་རང་ཉིད་ལ་གཅེས་སྐྱོང་བྱེད་པ་ཚོར་ཐུབ་པ་བྱས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཨ་མར་བཅངས་པའི་བརྩེ་སེམས་མཚོན་པར་བྱེད་པ་དང་ཨ་མར་ཐུགས་རྗེ་ཆེ་ཞུ་བ། ཚེ་སྲོག་ལ་ཐུགས་རྗེ་ཆེ་ཞུ་བ་དང་འཚོ་བར་ཐུགས་རྗེ་ཆེ་ཞུ་ཤེས་པ་བྱས་ཏེ་རྒྱ་ཆེའི་བྱིས་པར་སྲོལ་རྒྱུན་གྱི་སྤྱོད་བཟང་དར་སྤེལ་གཏོང་རྒྱུར་ཁྲིད་སྟོན་བྱས་ནས་སློབ་མའི་སྤྱོད་ཤེས་ལུས་མཛེས་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། ཟླ་བ་5ཚེས་11ཉིན་གྱི་ཕྱི་དྲོ་ས་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ས་ཁུལ་ཚོད་ལྟའི་བུ་བཅོལ་ཁང་དུ་"ཨ་མའི་དྲིན་ཚོར་བ་བྱེད་པའི་"བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་ས་ཁུལ་ཚོད་ལྟའི་བུ་བཅོལ་ཁང་གི་གྲོགས་པོ་ཆུང་ཆུང་དང་ཁྱིམ་བདག། དེ་བཞིན་དགེ་རྒན་བཅས་ཁྱོན་མི་གྲངས་67བྱེད་སྒོའི་ནང་ཞུགས་ཡོད་པ་རེད།
བྱེད་སྒོའི་ནང་གྲོགས་པོ་ཆུང་ཚོས་ཨ་མར་བརྩེ་བའི་ལག་རྟགས་ཤིག་བཟོས་ནས་“ཨ་མར་མེ་ཏོག་འབུལ་བ་”དང་“ཨ་མར་འཐམ་འཁྱུད་བྱེད་པ་”སོགས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་"ཨ་མའི་དུས་ཆེན་"ལ་རྟེན་འབྲེལ་ཞུས་པ་དང་བྱིས་པར་བྱ་སྤྱོད་ཆུང་ངུ་ནས་འགོ་བཙུགས་ཏེ་དྲིན་ཚོར་གྱི་བསམ་པ་བཅངས་ནས་སྲོལ་རྒྱུན་གྱི་སྤྱོད་བཟང་དར་སྤེལ་གཏོང་རྒྱུའི་ཁྲིད་སྟོན་བྱས་པ་རེད།
ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་ཕྲུ་གུ་ཚོས་ཨ་མས་རང་ཉིད་ལ་བཅངས་པའི་བརྩེ་སེམས་དང་གཉེན་ཉེའི་བརྩེ་སེམས་ཀྱི་རིན་ཐང་ཚོར་ཐུབ་ལ་ཕྲུ་གུ་ཚོས་རང་ཉིད་ཀྱི་ནུས་པས་ལྕོགས་ཚོད་ཀྱི་བྱེད་ཐབས་ལ་བརྟེན་ནས་ཨ་མར་དགའ་ཞེན་དང་ཉེ་འགྲམ་གྱི་མི་ཚང་མར་དགའ་ཞེན་བྱས་ཏེ་བརྩེ་སེམས་དང་དྲིན་ཚོར་ཚོར་དུ་འཇུག་ཡོད། མཚོ་ཆེན་འབོ་དཀར་དགོན་དོ་དམ་ཨུ་ལྷན་གྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱེད་པའི་བྱེད་སྒོ་སྤ
འདི་ནི་ལྷོ་ཁ་གྲོང་ཁྱེར་གྱི་འཐུས་མི་རུ་ཁག་ཡིན།
འདི་ནི་ལྷ་ས་གྲོང་ཁྱེར་གྱི་འཐུས་མི་རུ་ཁག་ཡིན།
འདི་ནི་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གི་འཐུས་མི་རུ་ཁག་ཡིན།
འདི་ནི་“ཨང་དང་པོ་”ཐོབ་མཁན་གྱི་གཞིས་རྩེ་གྲོང་ཁྱེར་རུ་ཁག་ཡིན།
འདི་ནི་ནག་ཆུ་གྲོང་ཁྱེར་གྱི་འཐུས་མི་རུ་ཁག་ཡིན།
འདི་ནི་མངའ་རིས་ས་ཁུལ་གྱི་འཐུས་མི་རུ་ཁག་ཡིན།
འདི་ནི་ཞང་ཞུང་སྒྱུ་རྩལ་ཚོགས་པའི་ས་ཡུལ་དངོས་སུ་“གུ་གེའི་ཤོན་”ཁྲབ་བཞིན་པ།
འདི་ནི་མཉམ་པར་ཡིན།
འབུམ་ཆུང་གིས་པར་བླངས།
ཁྱེད་ཀྱིས་དོ་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ།