མངའ་རིས་ས་ཁུལ་གྱིས་དབང་སྐྱོན་རྣམས་ལ་ཏང་གི་དྲོ་སྐྱིད་སྦྱིན་པ།

文摘   2024-05-20 17:35   西藏  

 མངའ་རིས་ས་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མ་ཡུམ་དུས་ཆེན་གྱི་བྱེད་སྒོ་སྤེལ་བ། 

     “ཨ་མའི་བརྩེ་བ་སེམས་སུ་འཆང་།”ཞེས་པའི་ཕྲུ་གུ་ཚོས་ཨ་མར་རྒྱུས་མངའ་གང་ལེགས་ཡོང་བ།  ཨ་མས་ཁྱིམ་ཚང་ལ་བློས་གཏོང་དང་རང་ཉིད་ལ་གཅེས་སྐྱོང་བྱེད་པ་ཚོར་ཐུབ་པ་བྱས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཨ་མར་བཅངས་པའི་བརྩེ་སེམས་མཚོན་པར་བྱེད་པ་དང་ཨ་མར་ཐུགས་རྗེ་ཆེ་ཞུ་བ།  ཚེ་སྲོག་ལ་ཐུགས་རྗེ་ཆེ་ཞུ་བ་དང་འཚོ་བར་ཐུགས་རྗེ་ཆེ་ཞུ་ཤེས་པ་བྱས་ཏེ་རྒྱ་ཆེའི་བྱིས་པར་སྲོལ་རྒྱུན་གྱི་སྤྱོད་བཟང་དར་སྤེལ་གཏོང་རྒྱུར་ཁྲིད་སྟོན་བྱས་ནས་སློབ་མའི་སྤྱོད་ཤེས་ལུས་མཛེས་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། ཟླ་བ་5ཚེས་11ཉིན་གྱི་ཕྱི་དྲོ་ས་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ས་ཁུལ་ཚོད་ལྟའི་བུ་བཅོལ་ཁང་དུ་"ཨ་མའི་དྲིན་ཚོར་བ་བྱེད་པའི་"བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་ས་ཁུལ་ཚོད་ལྟའི་བུ་བཅོལ་ཁང་གི་གྲོགས་པོ་ཆུང་ཆུང་དང་ཁྱིམ་བདག།  དེ་བཞིན་དགེ་རྒན་བཅས་ཁྱོན་མི་གྲངས་67བྱེད་སྒོའི་ནང་ཞུགས་ཡོད་པ་རེད། 

      བྱེད་སྒོའི་ནང་གྲོགས་པོ་ཆུང་ཚོས་ཨ་མར་བརྩེ་བའི་ལག་རྟགས་ཤིག་བཟོས་ནས་“ཨ་མར་མེ་ཏོག་འབུལ་བ་”དང་“ཨ་མར་འཐམ་འཁྱུད་བྱེད་པ་”སོགས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་"ཨ་མའི་དུས་ཆེན་"ལ་རྟེན་འབྲེལ་ཞུས་པ་དང་བྱིས་པར་བྱ་སྤྱོད་ཆུང་ངུ་ནས་འགོ་བཙུགས་ཏེ་དྲིན་ཚོར་གྱི་བསམ་པ་བཅངས་ནས་སྲོལ་རྒྱུན་གྱི་སྤྱོད་བཟང་དར་སྤེལ་གཏོང་རྒྱུའི་ཁྲིད་སྟོན་བྱས་པ་རེད།

         ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་ཕྲུ་གུ་ཚོས་ཨ་མས་རང་ཉིད་ལ་བཅངས་པའི་བརྩེ་སེམས་དང་གཉེན་ཉེའི་བརྩེ་སེམས་ཀྱི་རིན་ཐང་ཚོར་ཐུབ་ལ་ཕྲུ་གུ་ཚོས་རང་ཉིད་ཀྱི་ནུས་པས་ལྕོགས་ཚོད་ཀྱི་བྱེད་ཐབས་ལ་བརྟེན་ནས་ཨ་མར་དགའ་ཞེན་དང་ཉེ་འགྲམ་གྱི་མི་ཚང་མར་དགའ་ཞེན་བྱས་ཏེ་བརྩེ་སེམས་དང་དྲིན་ཚོར་ཚོར་དུ་འཇུག་ཡོད། 

     ཟླ་5ཚེས་19ཉིན་ནི་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཉིན་སོ་བཞི་ཡིན་པ་དང་མངའ་རིས་ས་ཁུལ་གྱིས་“ཚན་རྩལ་ལ་བརྟེན་ནས་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱས་ཏེ་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་སྤྱོད་བྱེད་”ཅེས་པའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་བྱེད་སྒོ་སྤེལ་བ་རེད།

     ད་ཐེངས་ཀྱི་བྱེད་སྒོ་དེ་མངའ་རིས་ས་ཁུལ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་ས་ཨུད་རྩ་འཛུགས་པུའུ།  དྲིལ་བསྒྲགས་པུའུ།  འཐབ་ཕྱོགས་གཅིག་གྱུར་པུའུ་དང་གུང་གཞོན་སྡེ་ཚོགས་ས་ཁུལ་ཨུ་ཡོན་ལྷན་ཁང་།  རང་ས་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས། ས་ཁུལ་མི་དམངས་སྨན་ཁང་།  ས་ཁུལ་སྨན་རྩིས་ཁང་སོགས་དབང་པོ་སྐྱོན་ཅན་ལས་དོན་ཨུ་ཡོན་ལྷན་ཁང་སོགས་ཚན་པ་22ཀྱིས་མཉམ་འབྲེལ་ཐོག་སྒྲུབ་འགན་འཁུར་བ་རེད། 

     བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་མི་སྣས་མང་ཚོགས་ལ་<<དབང་པོ་སྐྱོན་ཅན་གྱི་འགན་ལེན་བཅའ་ཁྲིམས་>> <<དབང་པོ་སྐྱོན་ཅན་གྱི་ལས་ཞུགས་སྲོལ་ཡིག་>> <<མངའ་རིས་ས་ཁུལ་གྱི་དབང་པོ་སྐྱོན་ཅན་གྱི་བདེ་ཐང་སླར་གསོའི་ལག་བསྟར་བྱ་ཐབས་>>སོགས་དཔྱད་ཡིག་སྤྲད་པ་དང་འབྲེལ་མང་ཚོགས་ལ་དབང་པོ་སྐྱོན་ཤོར་སྔོན་འགོག་ཤེས་བྱ་དང་དབང་པོ་སྐྱོན་ཅན་ལ་ཕན་པའི་སྲིད་ཇུས་ཁག་འགྲེལ་བཤད་ཀྱང་བརྒྱབ་པ་རེད།

    རང་ས་ཁུལ་མི་དམངས་སྨན་ཁང་དང་སྨན་རྩིས་ཁང་གི་སྨན་དོན་མི་སྣས་བྱེད་སྒོ་སྤེལ་ཡུལ་དུ་དབང་པོ་སྐྱོན་ཅན་ལ་རིན་མེད་ཁྲག་མངར་དང་ཁྲག་ཤེད་བརྟག་དཔྱད་བྱས་པ་དང་འབྲེལ་ཁོང་ཚོར་ནད་གཞི་དྲག་སྐྱེད་དང་། སྨན་བཅོས་བདག་སྐྱོང་། བདེ་ཐང་གི་འཚོ་བར་ཁྲིད་སྟོན་སོགས་ཀྱང་བྱས་པ་རེད།  

      བྱེད་སྒོའི་ནང་ལས་དོན་མི་སྣས་དབང་པོ་སྐྱོན་ཅན་ལ་ཆེས་གཞི་རྩ་དང་ཆེས་རྒྱུན་སྤྱོད་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་རིག་ནུས་བཀོལ་སྤྱོད་རྩལ་ནུས་ཁག་གཅིག་མཛུབ་ཁྲིད་བྱས་པས་དབང་པོ་སྐྱོན་ཅན་གྱི་གྲངས་འཛིན་ཐོན་རྫས་བེད་སྤྱོད་རྩལ་ནུས་དང་བྱང་ཚད་སྔར་བས་མཐོ་རུ་ཕྱིན་ཡོད་པ་རེད།  དབང་པོ་སྐྱོན་ཅན་རྣམས་ལ་རིག་ནུས་དུས་རབས་ཀྱི་ཚན་རྩལ་གྲུབ་འབྲས་དེ་བས་ལོངས་སྤྱོད་ཡག་པོ་ཐུབ་ནས་སྤྱི་ཚོགས་འཕེལ་རྒྱས་དང་།  སྟབས་བདེ་བསྐྲུན་པ།  རང་རེའི་ས་ཁུལ་གྱི་དབང་པོ་སྐྱོན་ཅན་མང་ཚོགས་ཀྱི་གྲངས་འཛིན་ཅན་གྱི་འཕྲོད་ནུས་སྔར་བས་ཆེ་བ།  དབང་པོ་སྐྱོན་ཅན་གྱི་ཐོབ་སྣང་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་ཏན་ཏིག་བཏང་བ་རེད། 

     ད་ཐེངས་ཀྱི་བྱེད་སྒོར་གཞོགས་འདེགས་ཡོ་བྱད་དང་ལུས་གསོའི་ཡོ་བྱད་ཁྱོན་56སྤྲད་པ་དང་ཕན་པ་ཐོབ་མཁན་མི་གྲངས་56བྱུང་ཡོད།  ད་དུང་རིགས་ཁག་གི་དྲིལ་བསྒྲགས་ལག་དེབ་2000ལྷག་ཙམ་དང་དྲིལ་བསྒྲགས་ཡིག་རིགས་600ལྷག་ཙམ་སྤྲད་པ་རེད།

     ད་ཐེངས་ཀྱི་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཉིན་མོའི་བྱེད་སྒོ་སྤེལ་བ་དེས་དམིགས་བསལ་གྱི་དབང་སྐྱོན་རྣམས་ལ་ཐུགས་ཁུར་གནང་བ་མ་ཟད་སྤྱི་ཚོགས་ཐོག་གི་དྲོ་སྐྱིད་དང་གཅེས་སྐྱོང་དེ་བས་བརྒྱུད་སྤྲོད་བྱས་པ་རེད།  

      ཚན་རྩལ་ལ་བརྟེན་ནས་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱས་ཏེ་རྒྱ་ཆེའི་དབང་པོ་སྐྱོན་ཅན་རྣམས་སྤྱི་ཚོགས་ནང་དེ་བས་ལེགས་པའི་སྒོ་ནས་མཉམ་འདྲེས་ཐུབ་པ་དང་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་སྤྱོད་ཐུབ་རྒྱུར་རོགས་རམ་བྱས་ནས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ལ་དོ་ཁུར་བྱེད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཕྱིན་ཡོད།

  རྩོམ་ཁུངས།      མངའ་རིས་མཉམ་འདྲེས་སྨྱན་སྦྱོར།
  རྩོམ་སྒྲིག་པ་གཙོ་བོ།        བུ་བསོད་ནམས།
  འགན་འཁུར་རྩོམ་སྒྲིག་པ།   བཀྲིས་ཟླ་བ། 
  ལག་བསྟར་རྩོམ་སྒྲིག་པ།     འབུམ་ཆུང་།
  ཡིག་སྒྱུར།               འབུམ་ཆུང་།
   ཁ་འབབ་ཀྱི་ཟེགས་མ་ནི་མངའ་རིས་ས་ཁུལ་གཞུང་ཕྱོགས་བོད་སྐད་ཡིག་འཕྲིན་ཕྲན་སྤྱི་སྟེགས་གཅིག་པོ་དེ་ཡིན།    ཆེད་མངགས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས་ལ་ཁ་ཕྱོགས་ནས་གཙོ་བོ་ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་དང་མངའ་རིས་ཙམ་མ་ཟད་བོད་ལྗོངས་ཀྱི་གསར་སྒྱུར་བརྒྱུད་བསྒྲགས།  རང་མི་རིགས་ཀྱི་ལོ་རྒྱུས་དང་དམངས་སྲོལ།   རྩོམ་རིག་བརྒྱུད་སྤེལ།   པར་རིས་དང་བརྙན་ཐུང་།  སྒྲུང་གཏམ་སོགས་ཀྱང་ཡོད།  འབྲེལ་གཏུགས་བྱེད་ས། sqhp76@163.com


ཁྱེད་ཀྱིས་དོ་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ།




狮泉河畔
面向基层传播党的先进理论、宣传惠民政策、地委行署重大决策部署和身边先进典型
 最新文章