སློབ་ཆེན་སློབ་ཐོན་སློབ་མའི་ལས་གཏོད་ལམ་བུར་འོད་མདངས་འཕྱུར།

文摘   2024-09-25 17:46   西藏  



སྤྱི་ལོ་༢༠༡༩ལོར་ང་ཚོ་ལས་གཏོད་ཀྱི་ལམ་དུ་ཞུགས། མ་དངུལ་གྱི་རྒྱབ་སྐྱོར་མེད་ལ། དྲ་ཐོག་གི་མཐུན་རྐྱེན་ཡང་མེད། འོན་ཀྱང་སེམས་གཏིང་གི་ངར་ཤུགས་ཀྱིས་མདུན་སྐྱོད་ཀྱི་ལམ་བུ་བཤངས། 

ལོ་ལྔའི་དུས་ཚོད་ནང་། ང་ཚོས་དཀའ་བ་དུ་མ་མྱངས། མ་དངུལ་ཁ་ཐང་བ་དང་། ཁྲོམ་རའི་འགྲན་རྩོད་ཀྱི་གནོན་ཤུགས་ཆེ་བས། ང་ཚོ་འགྲན་རྩོད་དྲག་པོར་འཕྲད། འོན་ཀྱང་དཀའ་སྡུག་དག་འཕེལ་རྒྱས་ཡོང་བའི་གོ་སྐབས་སུ་གྱུར་བར་བྱས།

དཀའ་ཚེགས་ཆེ་ཤོས་ཀྱི་དུས་ལ། གནས་དེའི་སྲིད་གཞུང་གིས་སྲིད་ཇུས་དང་མ་དངུལ་ཐད་ནས་རོགས་སྐྱོར་བྱས་ནས། དཀའ་གནད་ལས་གྲོལ་བར་རོགས་རམ་ཐུབ་པར་མ་ཟད། སྤྱི་ཚོགས་ཀྱི་དྲོ་སྐྱིད་དང་སྟོབས་ཤུགས་ཉམས་ལེན་ཟབ་མོ་ཐུབ་བྱུང་།

ང་ཚོས་གོམ་སྟབས་སྔར་ལས་བརྟན་པོས་མུ་མཐུད་ཕ་ཡུལ་འཛུགས་སྐྲུན་ནང་ཞུགས་རྒྱུ་དང་། བྱ་གཞག་གསར་གཏོད་བྱ་རྒྱུར་ཡང་འབད་བསྐྱར་འབད་བྱས་ཏེ། རྫ་དམར་རྩྭ་ཐང་གི་ཐོན་རྫས་ལ་འོད་མདངས་རྒྱས་པ་དང་། ཕ་ཡུལ་འཕེལ་རྒྱས་ཡོང་རྒྱུར་སྟོབས་ཤུགས་སྐྱེས་སུ་ཕུལ་བ་ཡིན། 

  རྩོམ་ཁུངས།      སེམས་ཀྱི་ཞིང་ཁམས།
  རྩོམ་སྒྲིག་པ་གཙོ་བོ།           བུ་བསོད་ནམས།
  འགན་འཁུར་རྩོམ་སྒྲིག་པ།      བཀྲིས་ཟླ་བ། 
  ལག་བསྟར་རྩོམ་སྒྲིག་པ།        ནོར་བུ་རྡོ་རྗེ།
   ཡིག་སྒྱུར།               
   
ཁ་འབབ་ཀྱི་ཟེགས་མ་ནི་མངའ་རིས་ས་ཁུལ་གཞུང་ཕྱོགས་བོད་སྐད་ཡིག་འཕྲིན་ཕྲན་སྤྱི་སྟེགས་གཅིག་པོ་དེ་ཡིན།    ཆེད་མངགས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས་ལ་ཁ་ཕྱོགས་ནས་གཙོ་བོ་ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་དང་མངའ་རིས་ཙམ་མ་ཟད་བོད་ལྗོངས་ཀྱི་གསར་སྒྱུར་བརྒྱུད་བསྒྲགས།  རང་མི་རིགས་ཀྱི་ལོ་རྒྱུས་དང་དམངས་སྲོལ།   རྩོམ་རིག་བརྒྱུད་སྤེལ།   པར་རིས་དང་བརྙན་ཐུང་།  སྒྲུང་གཏམ་སོགས་ཀྱང་ཡོད།  འབྲེལ་གཏུགས་བྱེད་ས། sqhp76@163.com


ཁྱེད་ཀྱིས་དོ་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ།

狮泉河畔
面向基层传播党的先进理论、宣传惠民政策、地委行署重大决策部署和身边先进典型
 最新文章