རྡོ་རྗེ་དངོས་གྲུབ་ཀྱིས་གྲོང་ཚོ་ཡོངས་ཕྱུག་འགྱུར་ལམ་དུ་ཁྲིད་འདུག

文摘   2024-05-21 17:55   西藏  

 མངའ་རིས་ས་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མ་ཡུམ་དུས་ཆེན་གྱི་བྱེད་སྒོ་སྤེལ་བ། 

     “ཨ་མའི་བརྩེ་བ་སེམས་སུ་འཆང་།”ཞེས་པའི་ཕྲུ་གུ་ཚོས་ཨ་མར་རྒྱུས་མངའ་གང་ལེགས་ཡོང་བ།  ཨ་མས་ཁྱིམ་ཚང་ལ་བློས་གཏོང་དང་རང་ཉིད་ལ་གཅེས་སྐྱོང་བྱེད་པ་ཚོར་ཐུབ་པ་བྱས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཨ་མར་བཅངས་པའི་བརྩེ་སེམས་མཚོན་པར་བྱེད་པ་དང་ཨ་མར་ཐུགས་རྗེ་ཆེ་ཞུ་བ།  ཚེ་སྲོག་ལ་ཐུགས་རྗེ་ཆེ་ཞུ་བ་དང་འཚོ་བར་ཐུགས་རྗེ་ཆེ་ཞུ་ཤེས་པ་བྱས་ཏེ་རྒྱ་ཆེའི་བྱིས་པར་སྲོལ་རྒྱུན་གྱི་སྤྱོད་བཟང་དར་སྤེལ་གཏོང་རྒྱུར་ཁྲིད་སྟོན་བྱས་ནས་སློབ་མའི་སྤྱོད་ཤེས་ལུས་མཛེས་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། ཟླ་བ་5ཚེས་11ཉིན་གྱི་ཕྱི་དྲོ་ས་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ས་ཁུལ་ཚོད་ལྟའི་བུ་བཅོལ་ཁང་དུ་"ཨ་མའི་དྲིན་ཚོར་བ་བྱེད་པའི་"བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་ས་ཁུལ་ཚོད་ལྟའི་བུ་བཅོལ་ཁང་གི་གྲོགས་པོ་ཆུང་ཆུང་དང་ཁྱིམ་བདག།  དེ་བཞིན་དགེ་རྒན་བཅས་ཁྱོན་མི་གྲངས་67བྱེད་སྒོའི་ནང་ཞུགས་ཡོད་པ་རེད། 

      བྱེད་སྒོའི་ནང་གྲོགས་པོ་ཆུང་ཚོས་ཨ་མར་བརྩེ་བའི་ལག་རྟགས་ཤིག་བཟོས་ནས་“ཨ་མར་མེ་ཏོག་འབུལ་བ་”དང་“ཨ་མར་འཐམ་འཁྱུད་བྱེད་པ་”སོགས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་"ཨ་མའི་དུས་ཆེན་"ལ་རྟེན་འབྲེལ་ཞུས་པ་དང་བྱིས་པར་བྱ་སྤྱོད་ཆུང་ངུ་ནས་འགོ་བཙུགས་ཏེ་དྲིན་ཚོར་གྱི་བསམ་པ་བཅངས་ནས་སྲོལ་རྒྱུན་གྱི་སྤྱོད་བཟང་དར་སྤེལ་གཏོང་རྒྱུའི་ཁྲིད་སྟོན་བྱས་པ་རེད།

         ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་ཕྲུ་གུ་ཚོས་ཨ་མས་རང་ཉིད་ལ་བཅངས་པའི་བརྩེ་སེམས་དང་གཉེན་ཉེའི་བརྩེ་སེམས་ཀྱི་རིན་ཐང་ཚོར་ཐུབ་ལ་ཕྲུ་གུ་ཚོས་རང་ཉིད་ཀྱི་ནུས་པས་ལྕོགས་ཚོད་ཀྱི་བྱེད་ཐབས་ལ་བརྟེན་ནས་ཨ་མར་དགའ་ཞེན་དང་ཉེ་འགྲམ་གྱི་མི་ཚང་མར་དགའ་ཞེན་བྱས་ཏེ་བརྩེ་སེམས་དང་དྲིན་ཚོར་ཚོར་དུ་འཇུག་ཡོད། 

     ཞིང་གྲོང་ནས་འཚར་ལོངས་བྱུང་ཞིང་གྲོང་གསེབ་ཀྱི་ས་རྒྱུ་གཤིན་པོར་གཞི་ཚུགས་ཏེ་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་ལམ་དུ་བཞུགས།  ཁོང་ནི་སྤུ་ཧྲེང་རྫོང་སྐྱིད་རང་སྡེ་ཁུལ་ཆོས་ལུང་ཚོགས་ཆུང་གི་ཕྱུག་འགྱུར་སྣེ་ཁྲིད་པ་རྡོ་རྗེ་དངོས་གྲུབ་རེད།

    རྡོ་རྗེ་དངོས་གྲུབ་ཀྱིས་སྔོ་ཚལ་འདེབས་འཛུགས་བྱས་ནས་ལོ་ངོ་20སོང་ཡོད།  ཏང་ལོ་སུམ་ཅུ་ལྷག་ཙམ་ལོན་པའི་སེམས་རྩ་འཁོལ་བའི་ཏང་ཡོན་དང་། ལས་བརྩོན་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་སོགས།  གྲོང་མིའི་མིག་ལམ་དུ་རྡོ་རྗེ་དངོས་གྲུབ་ཀྱིས་མཆོང་ཕོད་པ་དང་ལས་ཀ་བྱེད་ཕོད་པ། སེམས་པ་ཞིང་ལས་ལ་ཕྱོགས་པ།  ལག་རྩལ་བྱང་ཆུབ་པ།  མི་ལ་སེམས་རྩ་འཁོལ་པོ་ཡོད་པས་ཚང་མས་ཁོང་ལ་གདེང་འཇོག་ཡག་པོ་བྱེད་ཀྱི་ཡོད། 

       རྡོ་རྗེ་དངོས་གྲུབ་ཀྱི་ཁྱིམ་དུ་ཐུན་མོང་མ་ཡིན་པའི་བོད་བཟོའི་ཁྱིམ་ཆས་མིག་ལམ་དུ་འཆར་བ་དང་འདི་ལོ་ལོ་62ལ་སླེབས་ཀྱང་ཁོང་སྔར་བཞིན་སྙིང་སྟོབས་རབ་ཏུ་འཕེལ་བ་དང་གསར་འགོད་པ་དང་བཅས་པར་སྤྲོ་སེམས་འཁོལ་བའི་ངང་སྣེ་ལེན་ཞུས་ཏེ་ཁོང་གིས་ཇི་ལྟར་བྱས་ནས་སྔོ་ཚལ་འདེབས་འཛུགས་བྱས་ཏེ་ཕྱུག་པོ་ཆགས་ཚུལ།  དེ་བཞིན་གྲོང་མིར་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱེད་པའི་གཏམ་རྒྱུད་སོགས་གསོན་ཉམས་ལྡན་པའི་ངང་བཤད་བྱུང་། 

       2004ལོར་ངས་དྲོད་ཁང་གཉིས་འགན་གཙང་བླངས་པ་དང་ཐོག་མར་འཕྲད་པའི་དཀའ་གནད་ཆེ་ཤོས་ནི་ཚལ་འདེབས་ལག་རྩལ་མི་ཤེས་པ་དང་ས་བོན་དང་ལུད་མི་འདང་བའི་ཁར་ད་དུང་འབུའི་གནོད་འཚེ་སོགས་ཀྱིས་རྐྱེན་པས་ཐོན་འབབ་ཡག་པོ་མ་བྱུང་བ་དེ་རེད། གནད་དོན་འདི་དག་གིས་ང་ལ་དཀའ་ཁག་ཡང་བཟོས་བྱུང་། དེ་རྗེས་ང་རྫོང་གིས་སྒྲིག་འཛུགས་བྱས་པའི་ཞིང་ལས་འདེབས་འཛུགས་ཀྱི་གསོ་སྦྱོང་ཁག་ནང་ཞུགས་པ་དང་དེའི་ཁྲོད་ནས་ཆེད་ལས་ཀྱི་ཤེས་བྱ་མང་པོ་ཤེས་བྱུང་ལ་2008ལོའི་གཡས་གཡོན་དུ་ས་ཁུལ་ཚན་རྩལ་ཅུས་ཀྱིས་ཡང་སྐྱར་གསོ་སྦྱོང་ཐེངས་གཅིག་བྱས་པས་འདེབས་འཛུགས་ཀྱི་ཤེས་བྱ་དེ་བས་མང་བ་ཤེས་བྱུང་།  རྒྱུན་དུ་ངས་ཀྱང་ཆེད་ལས་ལག་རྩལ་མི་སྣར་བཀའ་འདྲི་ཞུ་གི་ཡོད་པས་ད་བར་ངས་སྔོ་ཚལ་འདེབས་སྟངས་སྣ་ཁ་བརྒྱ་ལྷག་ཙམ་ཤེས་ཀྱི་ཡོད་ཅེས་ཁོང་གིས་གསུངས།  

     ཆེད་ལས་རང་བཞིན་གྱི་ལག་རྩལ་ཡོད་དུས་ད་གཟོད་སྔོ་ཚལ་དང་སིལ་ཏོག་གི་སྐྱེ་ཚུལ་ཡང་སྔར་ལས་ལྷག་པའི་སྐྱེ་སྟོབས་ཀྱི་དཔལ་འབར་བ་ཞིག་རེད། དེ་ལྟར་རྡོ་རྗེ་དངོས་གྲུབ་ཀྱི་ཐོག་མའི་ལོ་རེའི་ཡོང་འབབ་སྒོར་4000ནས་ད་ཆའི་ལོ་རེའི་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་བར་དང་། སྔོན་ཆད་ལག་རྩལ་མེད་པའི་དུས་ནས་ད་ལྟ་ཀྲོ་མ་ཀྲུ་དང་སུར་པན་སྔོན་པོ། ཤིས་ཀྭ་སོགས་སྔོ་ཚལ་དང་ཤིང་འབྲས་རིགས་སྣ་ཁ་བརྒྱ་ལྷག་ཙམ་འདེབས་ཤེས་པའི་བར།  སྔོན་ཆད་ས་ཕག་ཁྱར་ཁྱོར་ནས་ད་ལྟའི་ཐོག་སོ་གསུམ་ལྡན་དྲོ་ཁང་བར། སྔོན་ཆད་དྲོད་ཁང་ཆེ་མོ་གཉིས་ནས་ད་ཆའི་ཆེད་ལས་མཉམ་ལས་ཁང་བར།  ཁོའི་འཚོ་བ་ནི་རང་ཉིད་ཀྱི་འབད་བརྒྱ་བརྩོན་སྟོང་གི་རྒྱུན་འཁྱོངས་འོག་ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་འཕེལ། 

      བཅར་འདྲི་དང་ལེན་བྱེད་པའི་རྒྱུད་རིམ་ཁྲོད།  རྡོ་རྗེ་དངོས་གྲུབ་ཀྱིས་གསར་འགོད་པར་“སྔོ་ཚལ་བཏབ་པ་ནས་ཟུང་ངའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་། དེ་སྔོན་ངའི་ཁང་པ་ནག་ཐིང་ཐིང་ཡིན་པ་དང་འོད་འཕྲོ་ཡག་པོ་མེད་པ།  གྱང་ངོས་ཚང་མ་ཧ་ཅང་བཙོག་པོ་ཡོད་པ་རེད།   ད་ཆ་ངས་ཐོག་བརྩེགས་གསུམ་ལྡན་གྱི་ཁང་པ་བརྒྱབ་པ་དང་རྒྱ་ཆེ་ལ་དཀར་ཆ་དོད་པས་འཚོ་བ་ཉིན་བཞིན་བདེ་སྐྱིད་ལྡན་པར་གྱུར་ཡོད། འཚོ་བའི་ཐད་དང་ལྷག་པར་དུ་ཟས་གོས་འགྲོ་སྡོད་ཚང་མར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད། དེ་དག་ཚང་མ་ཏང་དང་སྲིད་གཞུང་གི་རོགས་སྐྱོར་འོག་གཞི་ནས་མངོན་འགྱུར་བྱུང་བ་ཞིག་རེད་”ཅེས་བཤད།

    སྔོན་ལ་རང་ཉིད་ཕྱུག་པོར་གྱུར་པ་དང་དེས་རྗེས་ཕྱུག་འགྱུར་གྱི་སྣེ་ཁྲིད་བྱ་དགོས།  ཏང་ཡོན་རྒན་གྲས་ཤིག་ཡིན་པའི་རྡོ་རྗེ་དངོས་གྲུབ་ཀྱིས་ཐོག་མཐའ་བར་གསུམ་དུ་མི་གཅིག་ཕྱུག་པོ་ཆགས་ཀྱང་ཕྱུག་པོ་མ་ཡིན་ལ།  ཚང་མ་མཉམ་དུ་ཕྱུག་པོ་ཆགས་ཚེ་གྲོང་ཚོ་གཞི་ནས་འཕེལ་རྒྱས་ཡག་པོ་འགྲོ་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད། ཕྱུག་འགྱུར་བྱེད་འདོད་ན་དང་ཐོག་སྒུག་རྟེན་སློང་གསུམ་གྱི་བསམ་བློ་མེད་པ་བཟོ་དགོས་པ་དང་ཆབས་ཅིག་ཕྱུག་འགྱུར་གྱི་ཡར་ཐཀན་གྱི་སྙིང་སྟོབས་ཡང་ཡོད་དགོས།  རྡོ་རྗེ་དངོས་གྲུབ་ཀྱིས་རྟག་ཏུ་མང་ཚོགས་ལ་སྲོལ་རྒྱུན་གྱི་འདུ་ཤེས་དོར་ནས་རང་ཉིད་ཀྱི་ལག་གཉིས་ལ་གཏན་ནས་འབད་བརྩོན་བྱས་ནས་འཚོ་བ་སྐྱིད་པོ་ཞིག་སྐྱེལ་དགོས་པའི་སློབ་གསོ་གཏོང་གི་ཡོད། 

     2008ལོ་ནས་བཟུང་ཁོང་གིས་ནུས་ཤུགས་ཡོད་རྒུ་བཏོན་ནས་རང་ཉིད་ཀྱིས་སྦྱངས་པའི་ཆེད་ལས་ཤེས་བྱ་དག་བུམ་པ་གང་བྱོའི་ཚུལ་གྱིས་དེ་བས་མང་གྲོང་མི་རྣམས་་ལ་སློབ་ཁྲིད་བྱས་ཏེ་ཁོང་ཚོར་དྲོད་ཁང་བསྐྲུན་རོགས་བྱས་ནས་རང་ཉིད་ཀྱི་སྒོ་འགྲམ་དུ་ཡོང་འབབ་ཡོང་བ་བྱས་པ་རེད།  ཞིང་ལས་འདེབས་འཛུགས་བྱས་ནས་ཕྱུག་འགྱུར་གྱི་ལམ་བུའི་ཐོག་གང་མགྱོགས་བསྐྱོད་ཐུབ་པ་བྱས་པ་དང་དེ་དང་ཆབས་ཅིག་རྡོ་རྗེ་དངོས་གྲུབ་ཀྱིས་སྤུ་ཧྲེང་རྫོང་གི་ཤང་གཉིས་དང་གྲོང་རྡལ་གཅིག་གི་མང་ཚོགས་དང་ལས་རིགས་སློབ་གྲྭའི་སློབ་མར་འདེབས་འཛུགས་ལག་རྩལ་གྱི་མཛུབ་ཁྲིད་བྱས་ཏེ་སྔ་དྲོ་རིག་གཞུང་ལུགས་ཀྱི་ཤེས་བྱ་ཁྲིད་པ་དང་ཕྱི་དྲོ་ས་ཡུལ་དངོས་སུ་སློབ་ཁྲིད་བྱེད་པར་བསྐྱོད་དེ་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་རྣམ་པའི་ཐོག་ནས་སྔོ་ཚལ་དང་ཤིང་འབྲས་རིགས་འདེབས་འཛུགས་བྱེད་ཤེས་པའི་ལས་རིགས་ཀྱི་ལག་རྩལ་མི་སྣ་འབོར་ཆེན་ཞིག་གསོ་སྐྱོང་བྱས་པ་རེད། 

     ལོ་མང་རིང་རང་ཉིད་ཀྱི་འཚོལ་ཞིབ་དང་ལག་ལེན་བྱས་པ་བརྒྱུད་རྡོ་རྗེ་དངོས་གྲུབ་ནི་ཐག་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་འདེབས་འཛུགས་འཇོན་ཐང་ཅན་དང་ལག་རྩལ་འཇོན་ཐང་ཅན་ཞིག་ཏུ་གྱུར་ཡོད།  སྔ་རྗེས་སུ་རྒྱལ་ཡོངས་ཀྱི་ཚན་རྩལ་ཁྱབ་གདལ་གྱི་ཞིང་ཕན་གྲོང་དར་གྱི་སྣེ་ཁྲིད་པ་དང་བོད་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་ཆེད་མངགས་པའི་ཕུལ་བྱུང་དཔེ་སྟོན་སོགས་ཀྱི་གཟི་བརྗིད་མཚན་སྙན་མང་པོ་ཐོབ་པ།  མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་བྱེད་པའི་“སྣེ་ཁྲིད་པ་”ཞིག་ཏུ་གྱུར་ཡོད། ད་ཆ། དབྱར་ཁ་ཤར་རིམ་བཞིན་ཆོས་ལུང་ཚོགས་ཆུང་གིས་ཧ་ལམ་ཁྱིམ་ཚང་ཚང་མས་འཁོར་གསུམ་རྐང་འཁོར་བཏང་ནས་ཚོང་འདུས་ཐོག་རང་ཉིད་ཀྱིས་བཏབ་པའི་སྔོ་ཚལ་དང་ཤིང་འབྲས་རིགས་འཚོང་བར་སྐྱོད་ཀྱི་ཡོད་པས་ཚང་མའི་ངོ་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་འདུག   

  རྩོམ་ཁུངས།      མངའ་རིས་མཉམ་འདྲེས་སྨྱན་སྦྱོར།
  རྩོམ་སྒྲིག་པ་གཙོ་བོ།        བུ་བསོད་ནམས།
  འགན་འཁུར་རྩོམ་སྒྲིག་པ།   བཀྲིས་ཟླ་བ། 
  ལག་བསྟར་རྩོམ་སྒྲིག་པ།     འབུམ་ཆུང་།
  ཡིག་སྒྱུར།               འབུམ་ཆུང་།
   ཁ་འབབ་ཀྱི་ཟེགས་མ་ནི་མངའ་རིས་ས་ཁུལ་གཞུང་ཕྱོགས་བོད་སྐད་ཡིག་འཕྲིན་ཕྲན་སྤྱི་སྟེགས་གཅིག་པོ་དེ་ཡིན།    ཆེད་མངགས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས་ལ་ཁ་ཕྱོགས་ནས་གཙོ་བོ་ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་དང་མངའ་རིས་ཙམ་མ་ཟད་བོད་ལྗོངས་ཀྱི་གསར་སྒྱུར་བརྒྱུད་བསྒྲགས།  རང་མི་རིགས་ཀྱི་ལོ་རྒྱུས་དང་དམངས་སྲོལ།   རྩོམ་རིག་བརྒྱུད་སྤེལ།   པར་རིས་དང་བརྙན་ཐུང་།  སྒྲུང་གཏམ་སོགས་ཀྱང་ཡོད།  འབྲེལ་གཏུགས་བྱེད་ས། sqhp76@163.com


ཁྱེད་ཀྱིས་དོ་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ།



狮泉河畔
面向基层传播党的先进理论、宣传惠民政策、地委行署重大决策部署和身边先进典型
 最新文章