སྣུམ་རིན་འཕར་བར་ཉིན་གསུམ་ལས་མི་འདུག
ད་ལོ་སྣུམ་རིན་ཁྱོན་ཐེངས་༥འཕར་བ་དང་། ཐེངས་༤ཆག་པ། ད་དུང་ཐེངས་གསུམ་འགྱུར་ལྡོག་བྱུང་མེད་པ་རེད། རྒྱལ་ནང་གི་མ་བཅོས་རྡོ་སྣུམ་གྱི་སིལ་ཚོང་རིན་གོང་ལེགས་སྒྲིག་བྱེད་ཐེངས་༡༣པ་དེ་སྤྱི་ཟླ་༦ཚེས་༢༨ཉིན་གྱི་ཆུ་ཚོད་༠ཐོག་ཡིན་པས། གང་མགྱོགས་སྣུམ་ལྡུག་རྒྱུ་མ་བསྙེལ་བར་གནང་ལགས།
སྣུམ་རིན་ནི་སྔར་བཞིན་འཕར་མང་བ་དང་ཆག་ཉུང་ཞིང་། ད་ལྟ་རྒྱལ་ནང་གི་མ་བཅོས་རྡོ་སྣུམ་གྱི་རིན་གོང་འགྱུར་ཚད་དེ་བརྒྱ་ཆའི་༤.༥༣ཟིན་ཡོད་པས། དུས་ཚོད་དང་འཕར་ཚད་ནས་བལྟས་ན་རེས་འཁོར་འདིའི་སྣུམ་རིན་སྤྱིར་ན་ཆག་མི་སྲིད། སྤྱི་ཟླ་༦ཚེས་༢༣ཉིན་ཏེ། རྒྱལ་ནང་གི་ལས་ཀའི་ཉིན་མོ་ཨང་དྲུག་པའི་མ་བཅོས་རྡོ་སྣུམ་གྱི་རིན་གོང་འགྱུར་ཚད་དེ་བརྒྱ་ཆའི་༤.༥༣ཟིན་ཡོད་པས། སྔོན་དཔག་བྱས་ན་རླངས་སྣུམ་དང་ཁྲའུ་ཡའུ་སྣུམ་གྱི་རིན་གོང་དེ་ཀྲོན་རེར་སྒོར་༡༩༥འཕར་རྒྱུ་དང་། དེ་ཧྲེང་ལ་ཕབ་ན་ཧྲེང་རེར་སྒོ་༠.༡༥ནས་༠.༡༧བར་འཕར་བཟོ་ཡོད་པ་རེད། དེར་བརྟེན་སྣུམ་ཧྲེང་༥༠བླུགས་ན་སྒོར་༧.༥ནས་༨.༨བར་མང་བ་སྤྲད་དགོས་ཀྱི་ཡོད་པ་རེད། སྣུམ་རིན་ལེགས་སྒྲིག་བྱེད་པའི་དུས་ཚོད་ནི་སྤྱི་ཟླ་༦ཚེས་༢༧ཉིན་གྱི་ཆུ་ཚོད་༢༤ཐོག་རེད།
ཁྱེད་ཀྱིས་དོ་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ།