གེ་སར་རྒྱལ་པོ། ལི་ཐང་འཇམ་དབྱངས། ཚེ་དབང་ལྷ་མོ།

文化   2024-09-03 16:06   青海  
གེ་སར་རྒྱལ་པོ།

ཚིག  པདྨ་གཞན་ཕན།

དབྱངས།  ཚེ་དབང་ལྷ་མོ།

ལེན་མཁན། ལི་ཐང་འཇམ་དབྱངས། ཚེ་དབང་ལྷ་མོ།

བདུད་འདུལ་དགྲ་ལྷའི་རྒྱལ་པོ་སེང་ཆེན་རྗེ།།
ལོ་རྒྱུས་མཚོན་པའི་སྙན་ངག་རིང་མོ་ཡི།།
མཚན་སྙན་གོ་ལ་ཧྲིལ་པོའི་ཁྱོན་ཀུན་ཁྱབ།།
འདི་ན་གེ་སར་རྒྱལ་པོའི་བླ་སྲོག་ཡོད།།

འདི་ནི་བཅུ་ཕྲག་རིག་པའི་སྒོ་ཆེན་ཏེ།།
རྒྱལ་བའི་བཀའ་བསྟན་གླེགས་བམ་སྤོ་ལ་མཐོ།།
སྨན་རྩིས་རིག་པའི་ལག་ལེན་འདི་ནས་བརྒྱུད།།
བོད་ཀྱི་ཡིག་འབུར་གཟུགས་རིས་འདི་ནས་མངོན།།

འདི་ནི་འབྲུ་རིགས་ནོར་གྱི་བང་མཛོད་དེ།།
ཞིང་པ་རྒན་པོས་འཛུམ་པའི་སོ་ཕྲེང་ངོམ།།
ཟས་མཆོག་རྩམ་པའི་བྲོ་ཞིམ་འདི་ནས་ཚོར།།
ཨ་འབྲུ་ནས་ཀྱི་ཚོང་ཟོག་འདི་ན་ཡོད།།

འདི་ནི་སྲོལ་རྒྱུན་རིག་པའི་གཏེར་གནས་ཏེ།།
ཞིང་འབྲོག་འཚོ་བའི་དཔལ་ཡོན་འདི་ནས་རྟོགས།།
དམར་པོའི་རིག་གནས་ལོ་རྒྱུས་འདི་ནས་ཤེས།།

བཟོ་རྩལ་རིག་པའི་ལག་ཤེས་འདི་ནས་སྤེལ།།

阿魄羊倌
འདིར་འབྲེལ་བ་གྱིས་དང་། ཁྱོད་ལ་མཁོ་བའི་རིག་དངོས་ཀྱིས་སྒུག་ནས་ཡོད་ངེས།
 最新文章