ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཉིན་རེའི་ཐུགས་དམ་མཛད་རིམ།

文化   2024-10-15 08:11   西藏  

རྣམ་ཐར་མཛོད།

ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཐུགས་དམ་མཛད་ཚུལ་གྱི་རིམ་པ་ནི། 

ཞོགས་ཀ་སྔ་མོ་བཞེངས་ནས་ལྟུང་བཤགས་ཚར་ལྔ་རེའི་རིང་ལ་ཕྱག་མཛད།  སྤྱན་འདྲེན་ཁྲུས་གསོལ་རྒྱས་པ།  མཎྜལ་གང་མང་།  ལམ་རིམ་གྱི་ཁྲིད་རྒྱས་བསྡུས་གང་ལྕོགས་རེ།  བདེ་གསང་འཇིགས་གསུམ་གྱི་བསྐྱེད་རྫོགས་སོགས་ཁྲིད་དམིགས་དུ་མ་སྐྱོང་བར་མཛད།  ཕྱི་དྲོའི་ཆ་ལ་འཇིགས་བྱེད།  མགོན་པོ།  ཆོས་རྒྱལ།  རྣམ་སྲས་སོགས་ལྷག་པའི་ལྷ་དང་།  ཆོས་སྐྱོང་གི་གཏོར་འབུལ་གང་རྒྱས་མཛད།  མགོན་པོའི་སྤོས་སྦྱོར་སྔ་དྲོ་དང་ཕྱི་དྲོའི་དུས་གཉིས་ཀར་ཆག་མེད་དུ་གནང་།  མཚན་མོ་གཟིམས་པའི་སྐབས་སུ་ཕྱག་ཕྲེང་དང་ཕྱག་འཁོར་བསྣམས་ནས་ཙོག་པུར་བཞུགས་པ་མ་གཏོགས་ཕལ་པའི་ཉལ་ལུགས་གཏན་ནས་མི་མཛད་པར་མཚན་གྱི་རིང་ལ་ཕྲེང་བ་ཤག་ཤག་འདྲེན་ཞིང་།  ཕྱག་འཁོར་བསྐོར་ནས།  ཡི་དམ་གྱི་ལྷ་དུ་མའི་བཟླས་བརྗོད་དང་བསྙེན་བསྒྲུབ་གནང་ཞིང་།  ཞོགས་ཀ་ནམ་ལང་བ་ན་ཕྱག་ཕྲེང་ཐམས་ཅད་ལ་གྲངས་གསོག་པ་ཡིན་ཞེས་རྗེ་ཉིད་ཀྱི་གསོལ་དཔོན་དབྱིག་ཀྱ་རབ་འབྱམས་པ་འཇམ་དབྱངས་ལས་དངོས་སུ་ཐོས།

མཁས་ཤིང་གྲུབ་པའི་དབང་ཕྱུག་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་རྣམ་པར་ཐར་བ་ངོ་མཚར་

སྐལ་བཟང་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། །

ཀུན་མཁྱེན་འཇིགས་མེད་དབང་བོས་མཛད་པའི་ཤོག་ངོས་༼171༽ན་གསལ།

ཙ་ཡུས་བསོད་ནམས་རྒྱ་མཚོ་ཟེར་བའི་ཁོང་གི་རྣམ་ཐར་ལས་བཤུས།

ཡོང་ཁུངས། ཐོན་མི་རྩོམ་རིག་སྒྱུ་རྩལ་གླིང་།


【གཤམ་གྱི་ཡི་གེ་སྔོན་པོའི་ཐོག་སོ་སོའི་ནང་དོན་འཚོལ་ཆོག】
【点击下方蓝色字样了解相关资讯】



    ནང་དོན་དཀར་ཆག་རེའུ་མིག



ནང་ཆོས་སྡེ།
#རིག་གཞུང་དཔྱད་རྩོམ་མཛོད།
#ཆོས་གཞུང་ཁྲིད་མཛོད།
#རྗེེ་ཙོང་ཁ་པ་དང་འབྲེལ་བའི་རྩོམ
#དགེ་ལྡན་དྲ་མཛོད།
#པཎ་ཆེན་མཛད་བཟང་མཛོད།
#ཞལ་འདོན་མཛོད།
#ལེགས་བཤད་མཛོད།
#གནའ་དེང་བསླབ་བྱ་མཛོོད།
རྣམ་ཐར།
#རྣམ་ཐར་འཆད་མཛོད།
#དགའ་ལྡན་ཁྲི་པ་རིམ་བྱོན།
#གུང་ཐང་སྐུ་ཕྲེང་རིམ་བྱོན།
#ཀུན་མཁྱེན་འཇམ་བཞད་སྐུ་ཕྲེང་།


སྐད་ཡིག་གི་སྡེ།
#སྐད་ཡིག་ཤེས་བྱའི་མཛོད།
#སྒྱུར་རྩོམ་མཛོད།
#ཡིག་གཟུགས་མཛོད།

གསོ་རིག་སྡེ།
#བདེ་ཐང་མཛོད།
#འཕྲོད་བསྟེན་ཤེས་བྱའི་མཛོད།
#ཡིག་ལྡན་བདེ་ཐང་མཛོད།
#ཡམས་ནད་འགོག་སྲུང་མཛོད།
#འཚོ་བའི་རྒྱུན་ཤེས་མཛོད།

སློབ་གསོའི་སྡེ།
#ཁྱིམ་ཚང་སློབ་གསོའི་མཛོད།
#དམངས་སྲོལ་མཛོད།
#ཁྲིམས་ལུགས་མཛོད།

ལྗོངས་རྒྱུ་སྡེ།
#གནས་མཆོག་ཡུལ་སྐོར་མཛོད།
#གནས་བཤད་མཛོད
#གནའ་ཤུལ་མཛོད།
#སྐད་ཡིག་ཤེས་བྱའི་མཛོད།

གསར་འགྱུར་སྡེ།
#གཏམ་གསར་མཛོད།
#གཏམ་བཟང་མཛོད།
#རྒྱལ་སྤྱིའི་གཏམ་གསར་མཛོད།

རིག་གཞུང་འཆད་ཁྲིད་སྡེ།
#བརྡ་སྤྲོད་འཆད་ཁྲིད་མཛོད།
#གསོ་རིག་འཆད་མཛོད།
#ལོ་རྒྱུས་འཆད་མཛོད།

རིག་རྩལ་གྱི་སྡེ།
#ཚན་རིག་ཤེས་བྱའི་མཛོད།

སྒྱུ་རྩལ་སྡེ།
#སྒྱ་རྩལ་མི་སྣའི་མཛོད།
#གཞས་མ་མཚོ་བྱུང་།
#གཞས་མ་གཡང་ཕྱུག་མཚོ།
#ཁྱུང་པོ་ཆོས་སྒྲོན།

གློག་བརྙན་གྱི་སྡེ།
#སྟོན་པའི་རྣམ་ཐར་དབུས་སྐད།
#སྟོན་པའི་མཛད་རྣམ། ཁམས་སྐད།


འཇིག་རྟེན་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ། །

མི་ནད་ཕྱུགས་ནད་སད་སེར་ཐན་པ་དང༌། །

དམག་འཁྲུག་མུ་གེའི་རྒུད་པ་ཀུན་སེལ་ཞིང༌། །

ཚེ་རིང་ནད་མེད་བདེ་དང་ལྡན་པར་ཤོག 

广袤世界所有国度内,

人疾畜病冰霜旱涝灾,

战乱灾荒衰败皆熄灭,

祈愿长寿无病具享乐!



ཀུན་ཁྱབ་འོད་སྣང་འཕྲིན་སྟེགས། 

གཞན་ལ་སྐུར།

ཉར་ཚགས།

མཐེ་བོང་ནོན།

མེ་ཏོག་ནོན།


广洽明鉴
རྒྱལ་ཁབ་ཀྱི་ཆབ་སྲིད་དང་མི་རིགས་མཐུན་སྒྲིལ་ལ་གནོད་སྐྱོན་ཡོང་བའི་བརྙན་གཞས་རྩོམ་སོགས་མི་སྤེལ།
 最新文章