༣༧ དཔེ་ཆ་ལ་མ་བལྟས་ན་ལོང་བ་ཞིག་དང་ཁྱད་པར་མེད།

文化   2024-10-04 14:00   云南  


སྔོན་སྤེལ་ཟིན་པ་འདི་ནས་གཟིགས་ཐུབ། 👈🏿

༄༅། །ལ་མོ་ཡོངས་འཛིན་རིན་པོ་ཆེའི་གསུང་བཏུས་ཐོར་བུ་བཞུགས་སོ། །


ཡིག་ཕབ་པ། ཐར་ཤུལ་ཤེས་རབ་རྒྱ་མཚོ།


     སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་ཁྱད་པར་བསམ་པ་རྒྱ་ཆེ་ཆུང་གི་སྒོ་ནས་འཇོག་དགོས། སྐྱེས་བུ་ཕོ་མོ་ཐམས་ཅད་ཀྱིས་སྐྱབས་འཇུག་ཅིག་ཞུ་ནའང་ངའི་བུ་དང་། བུ་མོ་ཐམས་ཅད་ལ་ཚེ་རིང་བ་དང་། ནད་མེད་དུ་ཆུགས། ད་དུང་ཁ་དྲོ་རུ་ཆུགས། ཞེས་ཚེ་འདི་ཁོ་ནའི་ཆེད་དུ་སྐྱབས་འཇུག་ཞུ་བ་ལས་སྐྱེ་བ་ཕྱི་མའི་ཆེད་དུ་སྐྱབས་འཇུག་ཞུ་མཁན་མེད་པས་སེམས་དེ་འདྲ་རྒྱ་ཆུང་བ་རེད། དེ་ཚོས་སྐྱེ་བ་ཕྱི་མ་ཁས་ལེན་པ་ཙམ་ལས་སྐྱེ་བ་ཕྱི་མ་གང་འདྲ་ཞིག་ཡིན་པ་ཤེས་མེད། དཔེ་ཆ་ལ་མ་བལྟས་ན་སྐྱེ་བ་ཕྱི་མར་བདེ་འགྲོ་དང་ངན་འགྲོ་གང་རུང་ལ་སྐྱེ་བ་དང་། ངན་འགྲོར་སྐྱེས་ན་སྡུག་བསྔལ་ལ་བཟོད་གླགས་མེད་ཚུལ་སོགས་ཤེས་མི་ཐུབ། དེ་བས་དཔེ་ཆ་ལ་མ་བལྟས་ན་ལོང་བ་ཞིག་དང་ཁྱད་པར་མེད། དཔེ་ཆ་ལ་བལྟས་ན་མི་ཤེས་རྒྱུ་ཞིག་མེད་ནའང་ཤེས་མི་ཤེས་ང་ཚོས་མ་བལྟས་པ་རེད། 

     བཀའ་གདམས་པའི་དགེ་བའི་བཤེས་གཉེན་རྣམ་པའི་ཞལ་ནས། ད་རེས་ཕྱུགས་དང་བྱེ་བྲག་འབྱེད་པའི་སྐབས་ཡིན་གསུངས་པ་ལྟར། ཁ་སང་དེ་རིང་གི་དུས་འདིར་ང་ཚོས་རང་ཉིད་དུད་འགྲོ་དང་ཁྱད་པར་འབྱེད་དགོས། དུད་འགྲོ་དང་ཁྱད་པར་འབྱེད་ཚུལ་ནི་གཟུགས་ཀྱི་སྟེང་ནས་མི་འབྱེད་པར་བསམ་པའི་སྟེང་ནས་འབྱེད་དགོས། 

མུ་འགོད།



མཉེན་ཆས་འོས་སྦྱོར།

班智达翻译-པཎྚི་ཏ་ཡིག་སྒྱུར།

班智达藏-པཎྚི་ཏ་བོད་ལུགས་གསོ་རིག

班智达词典-པཎྚི་ཏ་ཚིག་མཛོད།

班智达识别-པཎྚ་ཏ་བཤེར་འབེབས།

班智达图译-པཎྚི་ཏ་པར་རིས་ཡིག་སྒྱུར།


广洽明鉴
རྒྱལ་ཁབ་ཀྱི་ཆབ་སྲིད་དང་མི་རིགས་མཐུན་སྒྲིལ་ལ་གནོད་སྐྱོན་ཡོང་བའི་བརྙན་གཞས་རྩོམ་སོགས་མི་སྤེལ།
 最新文章