༣༦ སང་ཉིན་འཚང་རྒྱ་ཡང་དེ་རིང་ཡང་སློབ་གཉེར་བྱ་དགོས།

文化   2024-09-15 07:07   西藏  


སྔོན་སྤེལ་ཟིན་པ་འདི་ནས་གཟིགས་ཐུབ། 👈🏿

༄༅། །ལ་མོ་ཡོངས་འཛིན་རིན་པོ་ཆེའི་གསུང་བཏུས་ཐོར་བུ་བཞུགས་སོ། །


ཡིག་ཕབ་པ། ཐར་ཤུལ་ཤེས་རབ་རྒྱ་མཚོ།


     སང་ཉིན་འཆི་དགོས་ཀྱང་། དེ་རིང་ཡང་དཔེ་ཆ་ལ་ཐོས་བསམ་བྱ་དགོས། ཟ་མ་ཞིག་ཡིན་ན་ཁྱོད་ཚོས་ཟ་དགོས། ངས་ཟ་མི་དགོས་མི་ཟེར། ཁྱོད་ཚོས་དཔེ་ཆ་ལྟོས། ངས་མ་ཤེས་ནི་རེད། ཅེས་རང་ཉིད་ལ་དམིགས་བསལ་སྟེར་གྱིན་འདུག མི་ཤེས་པ་རྒྱུན་མཐའི་བར་དུ་ཡོད་པས་སང་ཉིན་འཚང་རྒྱ་དགོས་ཀྱང་དེ་རིང་ཡང་སློབ་གཉེར་བྱ་དགོས་པ་ཡིན་ཙ་ན། དཔེ་ཆ་ལ་དུས་རྒྱུན་དུ་གཟིགས་རྒྱུ་གལ་ཆེ་བར་མ་ཟད། ཆོས་གཅིག་ཤེས་གཉིས་ཤེས་ཐམས་ཅད་རང་རྒྱུད་འདུལ་བའི་ཐབས་ལ་འགྲོ་བར་ཧ་ཅང་གལ་ཆེ་བ་རེད། 

     ཁ་སང་དེ་རིང་སྙིགས་མ་ལྔ་བདོ་བའི་དུས་ལ་མཚན་ཉིད་དང་ལྡན་པའི་བླ་མ་དགེ་བའི་བཤེས་གཉེན་ཞིག་དཀའ་ཡང་རང་ལས་ཡོན་ཏན་ལྷག་པ་དང་། བྱམས་སྙིང་རྗེ་ལྡན་པ་ཞིག་རང་གི་བླ་མར་བསྟེན་པ་གལ་ཆེ། 

     བླ་མ་མང་བོ་མ་བསྟེན་བཟང་། གུང་ཐང་བསྟན་པའི་སྒྲོན་མེའི་ཞལ་ནས། ངས་བླ་མ་མང་བོ་མ་བསྟེན། བླ་མར་བསྟེན་པ་ཐམས་ཅད་ལ་དམ་ཚིག་གི་སེལ་མ་ཞུགས། དེའི་རྐྱེན་གྱིས་ངས་ཆོས་ལྡན་གྱི་བྱ་བ་གང་ཞིག་བསྒྲུབ་ཀྱང་མཐར་སོན་པ་ཡོང་བ་ཡིན་གསུངས། 

མུ་འགོད།



མཉེན་ཆས་འོས་སྦྱོར།

班智达翻译-པཎྚི་ཏ་ཡིག་སྒྱུར།

班智达藏医-པཎྚི་ཏ་བོད་ལུགས་གསོ་རིག

班智达词典-པཎྚི་ཏ་ཚིག་མཛོད།

班智达识别-པཎྚ་ཏ་བཤེར་འབེབས།

班智达图译-པཎྚི་ཏ་པར་རིས་ཡིག་སྒྱུར།

广洽明鉴
རྒྱལ་ཁབ་ཀྱི་ཆབ་སྲིད་དང་མི་རིགས་མཐུན་སྒྲིལ་ལ་གནོད་སྐྱོན་ཡོང་བའི་བརྙན་གཞས་རྩོམ་སོགས་མི་སྤེལ།
 最新文章