༣༤ བླ་མ་བསྟེན་ཚུལ་མ་ལེགས་པར་ལམ་རིམ་ཞིག་སྒོམ་སྲོལ་མེད།

文化   2024-08-29 07:18   陕西  


སྔོན་སྤེལ་ཟིན་པ་འདི་ནས་གཟིགས་ཐུབ། 👈🏿

༄༅། །ལ་མོ་ཡོངས་འཛིན་རིན་པོ་ཆེའི་གསུང་བཏུས་ཐོར་བུ་བཞུགས་སོ། །


ཡིག་ཕབ་པ། ཐར་ཤུལ་ཤེས་རབ་རྒྱ་མཚོ།


     བླ་མ་བསྟེན་ཚུལ་མ་ལེགས་པར་ལམ་རིམ་ཞིག་སྒོམ་སྲོལ་མེད་པས། བླ་མ་བསྟེན་ཚུལ་ལེགས་རྒྱུ་གལ་ཆེན་ཡིན། སྤྱིར་བླ་མ་མང་བོ་མ་བསྟེན་ན་བཟང་ཞིང་། བླ་མ་མ་བསྟེན་གོང་བརྟག་དཔྱད་བྱས་ཆོག་པ་རེད། བླ་མ་བསྟེན་པའི་རྗེས་ནས་བླ་མ་ལ་སྐྱོན་དུ་སྣང་ནའང་དེ་རང་ཉིད་ཀྱི་ལོག་རྟོག་གི་དབང་གིས་བླ་མ་སངས་རྒྱས་སུ་མཐོང་བ་ཡིན་སྙམ་པའི་སྟེང་ནས་བླ་མ་ལ་སངས་རྒྱས་དངོས་ཡིན་སྙམ་པའི་མོས་གུས་འཛིན་རྒྱུ་གལ་ཆེན་ཡིན། 

     ཁ་སང་དེ་རིང་ང་ཚོས་རང་དོན་ཡིད་བྱེད་མ་དོར། ཁམས་གསུམ་འཁོར་བ་ལ་ཞེན་པའང་མ་ཟློག ཐ་མལ་གྱི་སྣང་ཞེན་ཡང་མ་སྦྱངས་པར་སྔགས་ཉམས་སུ་བླངས་ནས་འཚང་རྒྱ་བ་ཡིན་ཟེར་མོད། དེ་འདྲ་ཞིག་མེད། 

     མཆོད་པའི་མིང་ལ་རྒྱ་གར་སྐད་དུ་པཱུ་ཛ་ཟེར། པཱུ་ཛ་ཞེས་པ་བོད་སྐད་དུ་མཉེས་པ་ལ་འཇུག་ཅིང་། མཉེས་པ་ཞེས་པ་ཐུགས་དགྱེས་པ་ཞ་ཟེར། མཆོད་ཡུལ་དེ་ལ་མཆོད་པ་འབུལ་བ་ལ་བརྟེན་ནས་མཆོད་ཡུལ་དེའི་ཐུགས་དགྱེས་པའི་ཆ་དེའི་མིང་ལ་མཆོད་པ་ཟེར། 

     ཕར་ལ་བཤད་ཀྱང་། བཤད་པར་མ་ཉན་ན་ཕན་ཐོགས་མེད། 


མུ་འགོད།



མཉེན་ཆས་འོས་སྦྱོར།

班智达翻译-པཎྚི་ཏ་ཡིག་སྒྱུར།

班智达藏医-པཎྚི་ཏ་བོད་ལུགས་གསོ་རིག

班智达词典-པཎྚི་ཏ་ཚིག་མཛོད།

班智达识别-པཎྚ་ཏ་བཤེར་འབེབས།

班智达图译-པཎྚི་ཏ་པར་རིས་ཡིག་སྒྱུར།

广洽明鉴
རྒྱལ་ཁབ་ཀྱི་ཆབ་སྲིད་དང་མི་རིགས་མཐུན་སྒྲིལ་ལ་གནོད་སྐྱོན་ཡོང་བའི་བརྙན་གཞས་རྩོམ་སོགས་མི་སྤེལ།
 最新文章